​བཅུ་གཉིས་པ། བསམ་ཡས་སྒྲ་སྒྱུར་གླིང་དུ་ལོ་པཎ་ལྷན་ཅིག་རྒྱུད་སྡེ་མན་ངག་གི་ཆོས་བསྒྱུར་བའི་སྐོར།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 18 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། »​བཅུ་གཉིས་པ། བསམ་ཡས་སྒྲ་སྒྱུར་གླིང་དུ་ལོ་པཎ་ལྷན་ཅིག་རྒྱུད་ས
​བཅུ་གཉིས་པ། བསམ་ཡས་སྒྲ་སྒྱུར་གླིང་དུ་ལོ་པཎ་ལྷན་ཅིག་རྒྱུད་སྡེ་མན་ངག་གི་ཆོས་བསྒྱུར་བའི་སྐོར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2019-02-01ལྟ་ཀློག (922)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བཅུ་གཉིས་པ།  བསམ་ཡས་སྒྲ་སྒྱུར་གླིང་དུ་ལོ་པཎ་ལྷན་ཅིག་རྒྱུད་སྡེ་མན་ངག་གི་ཆོས་བསྒྱུར་བའི་སྐོར།

ལོ་པཎ་རྣམས་སྒྲ་བསྒྱུར་གླིང་དུ་བྱོན།  དང་པོ་ཉན་རང་ཆོས་ལ་མདོ་སྡེ་ལེགས་ཉེས་བསྟན་པ།  ལས་བརྒྱ་པ།  རྣམ་འབྱེད་རྣམ་པ་འཐག་པ།  ལས་རྣམ་རྗོད།  གང་པའི་རྟོགས་བརྗོད།  བྲམ་ཟེ་བླ་མ།  ཚོམས་ཀྱི་མདོ།  དྲན་པ་ཉེར་བཞག   མཛངས་བླུན།   ཚུལ་ཁྲིམས་ངན་པ་ཚར་གཅོད་པའི་མདོ།  དྲིན་ལན་བསབ་པ་སྟེ་དྲང་མདོ་བཅུ།  འདུལ་བ་ལུང་རྣམ་བཞི། ལུང་རྣམ་འབྱེད།  གཞུང་བླ་མ།  ལུང་ཕྲན་ཚེགས།  སོ་ཐར་མདོ་གཉིས།  བར་པ་བྱང་སེམས་ལ།  ཕ་རོལ་དུ་ཕྱི་ཡུམ་སྲས་བཅུ་བདུན།  ཤེར་ཕྱིན་སྟོང་ཉིད་གཙོ་སྟོན་མདོ་མང་།  ཐ་མ་ངེས་དོན་སྙིང་བོ་བསྟན་པ།  ས་སྙིང་འཁོར་ལོ་བཅུ་པ་ཡོན་ཏན་མདོ།  ཕལ་པོ་ཆེ།  དཀོན་བརྩེགས།  ལངྐའི་གཤེགས་པ།  པདྨ་དཀར་པོ།  མྱང་འདས།  དགོངས་པ་ངེས་འགྲེལ།  རྒྱན་སྟུག་གསེར་འོད་དམ་པ་སོགས་དུ་མ་བསྒྱུར།  འཁོར་ལོ་གསུམ་གྱི་དགོངས་འགྲེལ་བསྟན་བཅོས་སྐོར་ལ།  འདུལ་གཞུང་མང་པོ་དང་།  མདོ་འགྲེལ་མང་དུ་བསྒྱུར།  བྱེ་བྲག་བཤད་མཛོད་ཆེན་མོ།  མངོན་པའི་བསྟན་བཅོས་སྡེ་བདུན།  དབྱིག་གཉེན་གྱི་ཕུང་བོའི་རབ་དབྱེ།  ཉི་ཤུ་པའི་རབ་བྱེད།  སུམ་ཅུ་པའི་རབ་བྱེད།  ལས་རྣམས་གྲུབ་པའི་རབ་ཏུ་བྱེད་པ།  རྣམ་བཤད་རིག་པའི་རང་རྒྱུད་ལྔ། ཆོས་མངོན་མཛོད་ལ་སོགས་པའི་གཞུང་འགྲེལ་མཐའ་ཡས་པ་དང་།  བྱང་སེམས་ཀྱི་བསྟན་བཅོས་ཀླུ་སྒྲུབ་ཀྱི་དབུ་མ་རིག་པའི་ཚོགས།  བསྟོད་ཚོགས།   གཏམ་ཚོགས།  ཨཱརྱ་དེ་ཝ་དེ་བའི་དབུ་མ་བཞི་བརྒྱ་བ།  བྷ་བྱའི་རྟོག་གེ་འབར་བ།  སངས་རྒྱས་བསྐྱངས་ཀྱི་བུདྡྷ་པཱ་ལི།  ཟླ་བ་གྲགས་པའི་འབུ་མ་འཇུག་པ།   ཡེ་ཤེས་སྙིང་པོའི་བདེན་གཉིས་རྣམ་འབྱེད།  ཞི་བ་ལྷའི་དབུ་མ་རྒྱན།  ཀ་མ་ལ་ཤཱི་ལའི་དབུ་མ་སྣང་བ།  རྟ་དབྱངས་ཀྱི་མདོ་སྡེའི་སྐྱེས་རབས་སྙན་ངག་དང་།  ཆོས་སྐྱབས་ཀྱི་ཆེད་དུ་བརྗོད་པའི་ཚོམས།  ཕྱོགས་གླང་གི་རབ་བྱེད་བརྒྱ་རྩ་བརྒྱད།  ཆོས་གྲགས་ཀྱི་སྡེ་བདུན་རྣམ་འགྲེལ།   དབང་སྡེ་རབ་འབྱེད་གཏན་ཚིགས།  ཞི་བ་ལྷའི་སྤྱོད་འཇུག   བསླབ་བཏུས།  ཐོགས་མེད་ཀྱིས་བླངས་པའི་བྱམས་ཆོས་སྡེ་ལྔ།  ས་སྡེ་ལྔ།   སྡོམ་གསུམ་ལ་སོགས་པའི་བསྟན་བཅོས་དུ་མ་དང་།ངེས་པ་དོན་གྱི་མདོ་སྡེའི་འགྲེལ་བཤད་དབྱིག་གཉེན་གྱི་ས་བཅུའི་འགྲེལ་བ།   པདྨ་དཀར་པོའི་སའི་རྩ་ལག   དགོངས་འགྲེལ།  ཊཱིཀ་བམ་པོ་དྲུག་ཅུ་ལ་སོགས་པའི་རྒྱ་གར་མཁས་གྲུབ་མང་པོའི་གཞུང་ལུགས་མཐའ་ཡས་པ་བསྒྱུར་ཀྱང་འདི་དག་རགས་བསྡུས་ཙམ་ཡིན།  རྡོ་རྗེ་ཐེག་པའི་སྐོར་ནི།   ཟ་མ་ཏོག་བཀོད་པ།  ཙྪིནྡྷ་མ་ཎི།  འདུས་པ་རིན་ཆེན་ཏོག    གཟུངས་གྲ་ལྔ།   གཟུངས་ཕྲན་བརྒྱ་དང་དྲུག་ཅུ།   ཀྲཱི་ཡའི་སྐོར་སྐུ་རྒྱུད་གཙུག་ཏོར།   གསུང་རྒྱུད་དོན་ཞགས།   ཐུགས་རྒྱུད་རིག་པ་མཆོག  བཤད་རྒྱུད་དཔུང་བཟང་།    སུ་ཏི་ཀ་རའི་རྒྱུད།  མི་གཡོ་བའི་རྒྱུད་གཉིས་ཏེ་རྩ་བའི་སྡེ་དྲུག   བྱ་བ་སྤྱི་རྒྱུད།   འཇམ་དཔལ་རྩ་རྒྱུད།   བྱེ་བྲག་ཆོ་ག་ཞིབ་མོར་སྟོན་པའི་རྒྱུད་ལྟ་རྒྱུད།  གཟུངས་རིང་བསམ་གཏན་ཕྱི་མ།  འོད་ཟེར་འཕྲོ་རྒྱུད།  གསང་བ་སྤྱི་རྒྱུད།   དབང་བསྐུར་རྟོག་པ་རྒྱལ་བོའི་རྒྱུད་དང་།    རིགས་གསུམ་ལ་འཇམ་དཔལ་རྩ་རྒྱུད།   འཇམ་དཔལ་གསང་རྒྱུད།   འཇམ་དཔལ་རིགས་དྲུག་རྒྱུད།   ཕྱི་མ་འཇམ་དཔལ་གསང་བ་བསྟན་རྒྱུད།   བཤད་རྒྱུད་ཡིག་བཀོད་པ་ལས་རྒྱ་མཚོ་དཔའ་བོ་གཅིག་སྒྲུབ།   བསྟོད་པ་གླུར་བླངས་སོགས་དང་།    སྤྱན་རས་གཟིགས་ལ་མདོ་རྒྱུད་ཉེར་གཅིག   པདྨ་དྲ་བ།  དོན་ཞགས།   ཡིད་བཞིན་འཁོར་ལོ།   ཕྱག་སྟོང་གཟུངས་སེངྒེ་སྒྲ།   པདྨ་ཅོད་པན་རྒྱུད།  འཇིག་རྟེན་དབང་ཕྱུག་རྟོག་པ་སོགས་དང་།   ཕྱག་རྡོར་སྐོར་ལ་གཏུམ་པོ་རྩ་བའི་རྒྱུད།  ཕྱི་མ་ཕྱི་མའི་ཕྱི་མ་བཅས་དང་།  རྡོ་རྗེ་གདེངས་རྒྱུད།   རྡོ་རྗེ་སྙིང་བོ་བབ་པ།   རྡོ་རྗེ་རྣམ་འཇོམས་རྩ་བའི་རྒྱུད།    རྡོ་རྗེ་རི་རབ་ཁང་བུ་བརྩེགས་པ་སོགས་དང་།   གཞན་ཡང་གཟི་ལྡན་སྒྲོལ་མ་འབར་བའི་རྒྱུད།   ཙུནྡྷའི་རྒྱུད།   གཤིན་རྗེ་ནག་པོའི་རྒྱུད་ལ་སོགས་རིག་པའི་གཟུངས་སྔགས་མཐའ་ཡས་པ་དང་།   སྤྱོད་རྒྱུད་ཨུ་པའི་རྒྱུད་ཀྱི་སྐོར་ལ་རྩ་རྒྱུད་རྣམ་སྣང་མངོན་བྱུང་།   བཤད་རྒྱུད་ཉི་མ་གཟི་བརྗིད།   རྩ་རྒྱུད་དང་ཕྱི་མ་ཕྱི་མའི་རྒྱུད།    ཁམས་གསུམ་རྣམ་རྒྱལ་སྲས་ཁོག་སྣང་བའི་རྒྱུད།   འཇམ་དཔལ་མཚན་བརྗོད་ལེའུ་ཁྲི་སྟོང་མེ་དཔུང་འབར་བ།   དམ་ཚིག་གསུམ་བཀོད་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་དང་།   ཡོ་གའི་རྒྱུད་ལ་རྩ་ཏ་ཐཱ་སམ་གྲ་ཧ།    བཤད་རྒྱུད་རྡོ་རྗེ་རྩེ་མོ།  བྱིན་གྱིས་བརླབས་པ།  ངན་སོང་སྦྱོང་རྒྱུད།  ཁ་སྐོང་དཔལ་མཆོག་དང་པོ་རིག་པ་མཆོག་འཇིག་རྟེན་གསུམ་རྒྱལ།   འཇམ་དཔལ་སྒྱུ་འཕྲུལ་དྲ་བ།  རྡོ་རྗེ་སྙིང་བོ་རྒྱན་གྱི་རྒྱུད་རྣམས་དང་།   དེ་དག་རྣམས་གྱི་འགྲེལ་བཤད།  སྒྲུབ་ཐབས།  དབང་། གདམས་ངག་ལག་ལེན་དང་བཅས་པ་མཐའ་ཡས་པར་བསྒྱུར།  མ་ཧཱ་ཡོ་གའི་སྐོར་ལ།  རྩ་བ་མནྟྲ་སྡེ་བཅོ་བརྒྱད།  རྣམ་སྣང་གཙོས་པའི་སྒྱུ་འཕྲུལ་སྡེ་བཞི།  གསང་བ་རྡོར་སེམས།  སྒྱུ་འཕྲུལ་སྡེ་བརྒྱད།  སྒྲུབ་པ་བཀའ་བརྒྱད།  སྤྱི་རྒྱུད་སྒོས་རྒྱུད། འཇམ་དཔལ་སྐུ་ཡི་རྒྱུད་ཟླ་གསང་ནག་པོ།  པདྨ་གསུང་གི་རྒྱུད་རྟ་མཆོག་རོལ་པ།  ཡང་དག་ཐུགས་རྒྱུད་ཧེ་རུ་ཀ་གལ་པོ།  བདུད་རྩི་ཡོན་ཏན་རོལ་པ་ཆེ་ཆུང་།  ཕུར་བ་འཕྲིན་ལས་ཀྱི་རྒྱུད་བྱི་དྱོ་ཏྟ་མ་ལ།  མ་མོ་འབུམ་ཏིག་དང་།  སྒྲུབ་སྡེ་དྲུག   ཏན་གན་སྨན་གཏོར་རཀྟའི་རྒྱུད་ལ་སོགས་པ་དང་།ནང་ལུང་ཨ་ནུ་ཡོ་གའི་སྐོར་ལ།  རྩ་རྒྱུད་ཕྱག་རྒྱ་རོལ་པའི་མདོ་དང་།  དབང་བསྐུར་རིག་འཛིན་དྲུག   ཏིང་འཛིན་མཆོག   གསང་སྒོ་འགྲེལ་བ།  རྡོ་རྗེ་མ་གོལ་སྒྲོལ་མ་བརྩེགས་པའི་མདོ་སྟེ་རྩ་བའི་མདོ་བདུན་དང་།  ལུང་ཆེན་རྩ་བ་ནང་གི་མདོ་བདུན་ནི།   དགོངས་འདུས།  ཀུན་འདུས་རིག་པ།  སེམས་ལུང་ཆེན་མོ།  ཡེ་ཤེས་རྔམ་གློག་ཁུ་བྱུག་རོལ་པ།  གལ་པོ་ཆེ།  འཇིག་རྟེན་འདུས་པའི་མདོ་དང་བདུན་བསྒྱུར།  རྒྱུད་ལ་སྐུ་མཆོག་བསྐལ་པ་མེ་ལྟར་འབར་པའི་རྒྱུད།  གསུང་དབྱངས་ཁྲོ་རྒྱལ་དབང་ཆེན་འདུས་པ།  ཐུགས་མཆོག་པུཎྜ་རཱི་ཀ   ཡོན་ཏན་ལྷུན་རྫོགས་ལྷ་མོ་མ་གོལ།  འཕྲིན་ལས་སྒོམ་དོན་གྲུབ་པ།  བླ་མེད་འདུས་རྒྱུད།   སྤྱི་རྒྱུད་ལ་སོགས་པ་བསྒྱུར།  རྫོགས་ཆེན་ཨ་ཏི་ཡོ་ག་ལ།  རྩ་རྒྱུད་སྡེ་ལྔ།   ཡན་ལག་སྡེ་བདུན།   བཤད་རྒྱུད་བཞི་ཡན་ལག་དང་བཅས་པ།   སེམས་སྨད་བཅོ་བརྒྱད།   ཀློང་སྡེ་དཀར་ནག་ཁྲ་གསུམ་མ་བུའི་སྐོར།   མན་ངག་སྡེ་ལ་བཀའ་གཏེར་སྙན་བརྒྱུད་གསུམ།   དེ་དག་རེ་རེ་ལའང་སྐོར་ལྔ་འགྲེལ་བཤད།   སྒྲུབ་ཡིག  ཕྱོགས་མཐུན་གྱི་བསྟན་བཅོས་བསམ་གྱིས་མི་ཁྱབ་པར་བསྒྱུར་ཏེ་སློབ་དཔོན་རྣམས་ཀྱིས་རྫུ་འཕྲུལ་གྱི་ལྷ་ཀླུ་གནོད་སྦྱིན་མཁའ་འགྲོ་མའི་གནས་ཨོ་རྒྱན་ནཱ་ལེནྡྲའི་གཙུག་ལག་ཁང་སོགས་ནས་བླངས་ཏེ་ད་ལྟ་བསམ་ཡས་དཀོར་མཛོད་རྣམས་སུ་རྒྱ་དཔེ་བཞུགས་པ་འདི་དག་ཡིན།   གཞན་ཡང་བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར།   བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར།  མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས།   སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས།   བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིས།   རྩིས་བསྒྱུར་ནང་དུ་ཨིན་ཏྲ་བཻ་རོ་བྲིས།   སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག     ཆོས་མདོ་མ་ལུས་ཕལ་ཆེར་བོད་དུ་བསྒྱུར།    སངས་རྒྱས་ཞལ་ནས་གསུངས་པའི་བཀའ་ལ་སྔ་བ་ཤིས་པ་བརྗོད་ནས།    ཕྱི་མ་མྱ་ངན་འདས་པ་ཡན་ཆོད་དུ།།  བདེན་པ་བཞི་དང་མཚན་ཉིད་ཐེག་པ་དང་།།   མཐའ་མ་ངེས་པ་དོན་གྱི་ཆོས་ལ་སོགས།། མ་ལུས་རྫོགས་པར་ཡེ་ཤེས་སྡེ་ངས་བསྒྱུར།།     གསང་སྔགས་ནང་གི་འགྱུར་བྱང་ནི།།     ཀུན་བཟང་རིགས་ལྔ་རྡོར་འཆང་རིགས་གསུམ་མགོན།།    བཀའ་བརྒྱད་ཁྲོ་ཆུ་ལ་སོགས་པ།།   གསང་སྔགས་ལྷ་ནི་ཉིས་སྟོང་དྲུག་བརྒྱ་ཡི།།   རྒྱུད་ཀྱི་སྐོར་ལ་འབུམ་ཕྲག་དྲུག་ཅུ་རྩ་གཉིས་བྱུང་།།     དགའ་རབ་འཇམ་དཔལ་ཤྲཱི་སིངྷ་དང་།།  པདྨ་འབྱུང་གནས་ལ་སོགས་པའི།།   འཇའ་ལུས་གྲུབ་པའི་མཁས་པ་ཉེར་ལྔ་དང་།།  རྒྱུད་སྡེ་སྟོང་དང་མན་ངག་བྱེ་བ་རྣམས།།   བོད་ཀྱི་དོན་དུ་བསྒྱུར་ཅིང་གཏན་ལ་ཕབ།།  གཞན་ཡང་བདག་ལས་ལྷག་པའི་བཤེས་གཉེན་ནི།།   རྒྱ་གར་ཡུལ་ནས་ཤྲཱིསིངྷ་ཙམ།།  འཛམ་གླིང་བོད་ན་པདྨ་འབྱུང་གནས་ཙམ།།  འགྲན་དང་བྲལ་བ་བཻ་རོ་ང་ཙམ་ལ།།   ཡོན་ཏན་མི་མཐོང་སྐྱོན་གྱི་རང་བཞིན་ལྟ།།  སྐུ་ནི་འཇའ་བཞིན་མཁའ་ལ་ཡལ་དུས་སུ།། ལོཙྪ་གྲུབ་ཐོབ་པཎ་ཆེན་དང་།།   རྒྱལ་བློན་རྗེ་བློན་ཐམས་ཅད་རྣམས།།  བཻ་རོ་ཙ་ནས་སྦྱངས་པའི་ཡོན་ཏན་རྣམས།།  ཆུ་ཐིགས་ཙམ་གཅིག་ཤེས་ལ་མཁས་པར་འདོད།།  ཚེ་འདིར་སངས་རྒྱས་འཇའ་ལུས་ཡིད་སྨོན་གྱིས།།  ཞེས་གསུངས་ནས།  སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྐུར་བཞེངས་ནས་ཆོས་ཉིད་ཀྱི་ནམ་མཁའ་ལ་ཐིམ།  འཁོར་རྣམས་ཀྱིས་སྨྲེ་ངག་གི་གསོལ་བ་བཏབ་པས།  སྐབས་ཅིག་ལ་མདུན་དུ་ཁྲི་གདན་གྱི་སྟེང་དུ་བྱོན།  དེ་ནས་རྒྱ་གར་ནས་བྱོན་པའི་པཎ་ཆེན་རྣམས་དང་།  བོད་ཀྱི་ལོཙྪ་གྲུབ་ཐོབ་རྒྱལ་བློན་རྗེ་འབངས་ཐམས་ཅད་ཀྱིས།  ཚོགས་དང་གསེར་གྱི་མཎྜལ་ཕུལ། ཀུན་གྱིས་རྗེ་ལ་འདི་སྐད་དུ།  བཻ་རོ་ཙ་ན་འདྲ་བའི་ལོ་ཙྪ་བ།།  སྔར་ཡང་མ་བྱོན་རྟིང་མར་འབྱོན་རེ་སྐན།།  མཆོག་ཐུན་དངོས་གྲུབ་འཇའ་ལུས་རྡོ་རྗེ་འགྲུབ།།  རིག་འཛིན་གྲུབ་ཐོབ་འདི་ཙམ་འབྱོན་རེ་སྐན།།  སྡེ་སྣོད་གསུམ་ནས་ཐེག་ཆེན་ཨ་ཏིའི་བར།།   མཁས་པའི་དབང་པོ་པཎ་ཆེན་འདི་ལྟ་བུ།།  སྔར་ཡང་མ་བྱོན་རྟིང་ལ་འབྱོན་རེ་སྐན།།  མ་འོངས་རྒྱ་གར་འཕྲལ་སྐད་ཤེས་ཙམ་ལ།།  ལོ་ཙྪ་བཞེད་སྲིད་བཻ་རོའི་ཆར་མི་རྙེད།།  ལོ་ཙྪ་བཏགས་ཀྱང་དོན་ལ་པཎྜི་ཏ།།  འདི་ཡིས་ཆོས་དྲིན་ཡོད་དོ་བོད་ཁམས་ཚོ།།  རྗེ་ལ་བསྟན་ཆོས་ལོག་དར་ཙམ་ན།།   བཻ་རོ་ཙ་ནས་བསྒྱུར་ལ་དཔང་བོ་གྱིས།།   མུན་པ་ཆོས་ཀྱིས་གསལ་འོངས་བོད་ཁམས་ཚོ།།   ཞེས་བསྟོད་པ་ཕུལ་ནས་ཕྱག་དང་བསྐོར་བ་གྲངས་མེད་པ་བྱས།  ཆོས་འཁོར་ཚར་ཏེ་རྗེ་བཻ་རོ་དང་གཡུ་སྒྲ་དང་འཁོར་ཐུན་མོང་མ་ཡིན་པ་འགའ་མཆིམས་ཕུའི་དབེན་གནས་སུ་ལོ་གཅིག་བཞུགས་སོ།།གསར་འགོད་པ་མགོན་པོ་སྐྱབས།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། vsky བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5861343
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号