བློན་པོ་གསེར་ཆེན་སྤྱི་གཉེར་གྱི་ཕྱུག་འགྱུར་ཉམས་མྱོང་མཉམ་གླེང་ཞེས་པའི་སྤྱི་ཕན་ཚོགས་འདུའི་སྐོར་གྱི་གསར་ཐུང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 9 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »བློན་པོ་གསེར་ཆེན་སྤྱི་གཉེར་གྱི་ཕྱུག་འགྱུར་ཉམས་མྱོང་མཉམ་གླེང་
བློན་པོ་གསེར་ཆེན་སྤྱི་གཉེར་གྱི་ཕྱུག་འགྱུར་ཉམས་མྱོང་མཉམ་གླེང་ཞེས་པའི་སྤྱི་ཕན་ཚོགས་འདུའི་སྐོར་གྱི་གསར་ཐུང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2019-01-28ལྟ་ཀློག (3986)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བློན་པོ་གསེར་ཆེན་སྤྱི་གཉེར་གྱི་ཕྱུག་འགྱུར་ཉམས་མྱོང་མཉམ་གླེང་ཞེས་པའི་སྤྱི་ཕན་ཚོགས་འདུའི་སྐོར་གྱི་གསར་ཐུང་།

དུས་ཚོད། 2019-1-27-9:40


གསར་འགོད་པ།  རྟ་ནག་བཟོད་པ།

ས་གནས།  མཚོ་ལྷོ་ཆབ་ཆའི་རྨ་ཆུའི་མགྲོན་བྲང་ཆེན་མོ།

    མཚོ་ལྷོ་ཁུལ་བློན་པོ་གསེར་ཆེན་སྤྱི་གཉེར་གྱིས་གཙོ་བོ་དང་སྐྱིད་ཤོད་ཁྲི་སྡེ་སོགས་སྤྱི་གཉེར་ཁེ་ལས་བཅུ་ཡི་རོགས་སྒྲུབ་འོག་“བཅོས་བསྒྱུར་སྒོ་འབྱེད་ལོ་འཁོར་༤༠དང་འབྲེལ་བློན་པོ་སྤྱི་གཉེར་གྱི་སྐབས་གཉིས་པའི་ཕྱུག་འགྱུར་ཉམས་མྱོང་མཉམ་གླེང་”ཞེས་པའི་འདུ་འཚོགས་ལ་ཡུལ་ཕྱོགས་མ་འདྲ་བ་ནས་ཕེབས་པའི་ཚོང་དང་རིག་གནས་ཀྱི་ལས་ཀ་བ།  ཁོར་སྲུང་མི་སྣ།  སློབ་ཆེན་སློབ་མ་བཅས་སྤྱི་ཚོགས་ཀྱི་ལས་རྐང་སྣ་ཚོགས་པའི་སྒང་གི་མི་བརྒྱ་ཚོ་གཅིག་ལྷག་དང་གདན་ཞུའི་འཇོན་མི་ལྔ།  སྲིད་གཞུང་གི་གསར་འགོད་པ་བཅས་གདན་འཛོམས་ཐོག་ད་ནངས་སྔ་དྲོའི་དུས་ཚོད་9:40སྟེང་མཚོ་ལྷོ་ཆབ་ཆའི་རྨ་ཆུའི་མགྲོན་བྲང་ཆེན་མོའི་ཉིས་ཐོག་ཚོགས་ར་རུ་དབུ་ཚུགས་རྟེན་འབྲེལ་གྱི་བྱེད་སྒོ་དང་བཅས་ཚོགས་འདུ་དངོས་སུ་སྤེལ།

      ཚོགས་འདུའི་སྤྱི་སྐྱོང་བ་རྟ་ནག་བཟོད་པས་ཉིན་གཅིག་རིང་གི་ཚོགས་འདུའི་ལས་རིམ་དང་ཚོགས་རའི་སྒྲིག་ལམ།  གདན་ཞུའི་ཆེད་མཁས་ངོ་སྤྲོད།  རོགས་སྒྲུབ་ཁེ་ལས་ངོ་སྤྲོད།  བློན་པོ་གསེར་ཆེན་སྤྱི་གཉེར་གྱི་སྐབས་དང་བོ་དང་གཉིས་པའི་ཟབ་སྦྱོང་ཚོགས་འདུའི་དགོས་དོན་དང་སྐབས་ཕྱི་མ་རེ་རེ་རྒྱུན་སྐྱོང་དམིགས་གཞི་བཅས་ཀྱི་བཤད་གླེང་ཁྲོད་ཚོགས་འདུའི་དངོས་གཞིར་ཞུགས།


     ཐེངས་འདིའི་གདན་ཞུའི་འཇོན་མི།  རྒྱལ་སྤྱིའི་གསོ་རིག་འབུམ་རམས་པ།  འཇིགས་མེད་བོད་སྨན་གྱི་སྤྱིའི་འགན་འཛིན་པ་རྒན་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་<<བོད་དཔལ་འབྱོར་རིག་པའི་འཇུག་སྒོ>>ཞེས་པའི་བརྗོད་གཞིའི་སྟེང་དུས་ཚོད་གཉིས་ལྷག་ལ་གཏམ་བཤད་གལ་ཆེན་གནང་བ་ལས་གཞན་ལྷག་འཕྲོའི་སྐར་མ་བཞི་བཅུའི་ཡུན་ལ་ཚོགས་ཞུགས་མི་སྣའི་དྲི་བ་སྣ་ཚོགས་ལ་ལན་བཏབས་ཏེ་ཚོགས་རར་དོན་སྙིང་ཆེན་པོ་ལྡན་པ་བྱུང་།

     ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་ལས་རིམ་འཕྲོ་མ་མུ་མཐུད་དེ།  གདན་ཞུའི་འཇོན་མི།  མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཞོན།  བོད་ཀྱི་རི་མོ་བ་སྐད་གྲགས་ཅན།  གསེར་བྲག་དོན་གྲུབ་ཚེ་བརྟན་ལགས་ཀྱིས་ཚོང་དཔོན་ནོར་བཟང་གི་སྐུ་ཚེ་ལོ་རྒྱུས་དང་འབྲེལ་གཏམ་བཤད་གནང་བ་ལས་གཞན།  མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པས་ངེད་བློན་པོ་གསེར་ཆེན་སྤྱི་གཉེར་ལ་གནང་བའི་ལེགས་སྐྱེས་བསྩལ་ཅིང་བརྩི་མཐོང་ཤིས་ཚིག་སྒྲོག་འདོན་གནང་བ་དང་། བོད་མི་མང་ལ་སྐུ་དྲིན་རི་ལས་ལྕི་བའི་སློབ་གསོ་བ་ཆེན་མོ་རྒན་འཇིགས་མེད་རྒྱལ་མཚན་མཆོག་ནས་སྐར་མ་གཉིས་དང་སྐར་ཆ་སོ་བདུན་ཡུན་གྱི་བརྙན་ཐོག་ཤིས་ཚིག་གལ་ཆེན་འཆར་ངོས་ལས་བཏང་།

     དེའི་འཕྲོར།  གདན་ཞུའི་འཇོན་མི།  ཤམ་བྷ་ཚོང་དོན་མགྲོན་མཁར་གྱི་ཚོང་སྤྱི།  མཚོ་ལྷོ་ཚོང་ཚོགས་ཀྱི་ཚོགས་གཞོན།  ཚོང་རམས་པ་མཁྱེན་རབ་ལགས་ཀྱིས་<<ཚོང་བའི་ཆ་རྐྱེན་དང་འཚོ་བའི་འདུ་ཤེས>>ཞེས་པའི་བརྗོད་གཞིའི་ཐོག་མིག་སྔའི་བོད་སྤྱི་ཚོགས་ལ་དངོས་མཁོའི་གཏམ་བཤད་གལ་བོ་ཆེ་ཉིང་བསྡུས་སུ་གནང་།

     དེའི་འཕྲོར།  གདན་ཞུའི་འཇོན་མི།  མཚོ་ལྷོ་ཁུལ་ན་གཞོན་ལས་སྒོ་གསར་སྤེལ་གྱི་སྤྱི་ཁྱབ་ཧྲུའུ་ཅི།  གངས་ལྷ་མེ་ཏོག་སྤྱི་གཉེར་གྱི་སྤྱི་འགན་པ།  ན་གཞོན་ཁེ་ལས་པ་ཚེ་རིང་རྒྱལ་ལགས་ཀྱིས་རང་གི་ཚོང་གཉེར་བརྒྱུད་ལམ་དང་འབྲེལ་གཏམ་བཤད་གནང་།

    དེའི་འཕྲོར།  མཚོ་ལྷོ་ཁུལ་ཞིང་ཕྱུགས་ལས་ཁུངས་ཀྱི་ཚེ་རིང་རྡོ་རྗེ་ནས་གཏམ་བཤད་བྱས་རྗེས་ཉིན་ཧྲིལ་བོའི་ཚོགས་འདུ་རྒྱལ་ཁ་དང་བདེ་ལེགས་ཀྱིས་དཀྲིས་ནས་ཡོངས་སུ་གྲུབ་པ་བྱས།


༢༠༡༩-༡-༢༧གྱི་དགོང་མོ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb4h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23596002
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།