བདེ་ཐང་དང་བདེ་སྐྱིད་ཟུང་དུ་སྦྱིན་པའི་གཅེས་ནོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» གངས་ལྗོངས་གཅེས་ནོར། »བདེ་ཐང་དང་བདེ་སྐྱིད་ཟུང་དུ་སྦྱིན་པའི་གཅེས་ནོར།
བདེ་ཐང་དང་བདེ་སྐྱིད་ཟུང་དུ་སྦྱིན་པའི་གཅེས་ནོར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-12-29ལྟ་ཀློག (16738)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

བདེ་ཐང་དང་བདེ་སྐྱིད་ཟུང་དུ་སྦྱིན་པའི་གཅེས་ནོར།

ཉི་མ་དང་ཐག་ཉེ་བའི་ཐོན་ཁུངས།  ལྷ་ཡི་བང་མཛོད།

སྤྱིར་འབྲི་ནག་གི་འོ་མའི་སྐྱེ་དངོས་གྲུབ་སྟངས་ནི་མིའི་རིགས་ཀྱི་འོ་མ་དང་ཆ་འདྲ་བས་ཕྱུགས་རིགས་ཡོངས་ཀྱི་ཆེས་བཟང་བའི་འོ་མ་ཡིན་ལ།ལྷག་པར་རྨ་ཆེན་གངས་རིའི་ཉེ་འཁོར་གྱི་རི་མཐོ་ཆུ་གཙང་གི་བཅུད་བཟང་ལོངས་སུ་སྤྱོད་པའི་འབྲི་མོའི་འོ་མར་དེ་ལས་ལྡབ་འགྱུར་གྱི་འཚོ་བཅུད་ཡོད།འབྲོག་པའི་མཉམ་སྒྲུབ་ཚོང་སྡེ་མང་བོར་འོ་མ་ཉོ་འཚོང་གི་གན་རྒྱ་བཞག་སྟེ་ཐོན་སྐྱེད་དུས་ཡུན་དབྱར་ཟླ་གསུམ་གྱི་ནང་དུ་ལོ་རེར་འོ་མ་བསྡུ་ལེན་བྱེད་བཞིན་ཡོད།

 ཚན་རྩལ་གྱི་ལས་སྣོན།   དུས་ཀྱི་ནོར་བུ།

ངེད་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གིས་འབྲོག་ཁུལ་གྱི་མཉམ་སྒྲུབ་ཚོང་སྡེ་ལ་འོ་བསྡུ་ས་ཚིགས་བཙུགས་ཏེ་འབྲོག་པ་མང་ཚོགས་ལ་འོ་མ་བརྟག་བྱེད་ཀྱི་འཕྲུལ་ཆས་དང་ལག་རྩལ་འདོན་སྤྲོད་བྱས་ཤིང་།ཐོག་མར་འོ་བསྡུ་ས་ཚིགས་ནས་འོ་མར་བརྟག་དཔྱད་བྱས་ཏེ་འོ་མ་མི་གཙང་བ་དང་།སྐྱུར་ལངས་ཡོད་པ།བཞོ་ཟེའུ་ཚད་ལྡན་མ་ཡིན་པ།འབྲི་ནག་མ་ཡིན་པའི་མཛོ་མོ་སོགས་ཀྱི་འོ་མ་ཡོད་མེད་ལ་བརྟག་དཔྱད་བརྒྱུད་ནས་ཚད་ལྡན་གྱི་འོ་མའི་རིགས་བསྡུ་ལེན་བྱས་ཏེ་མཐུན་གཉེར་ཁང་ལ་སྤྲད།མཐུན་གཉེར་ཁང་གིས་ཚན་རྩལ་རྫས་འགྱུར་གྱིས་བརྟག་དཔྱད་བྱས་ཏེ་ཚད་ལྡན་གྱི་ཐོན་རྫས་ལས་སྣོན་བརྒྱབ་ནས་ཚོང་རར་འདོན་སྤྲོད་བྱེད་བཞིན་ཡོད།འདི་ནི་མཉམ་སྒྲུབ་ཚོང་སྡེ་དང་ཁེ་ལས།འབྲོག་ཁྱིམ་བཅས་སུམ་འབྲེལ་མཉམ་སྐྱོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་རྩལ་གསར་བ་ཞིག་ཀྱང་ཡིན།

 འོ་ཇ་ཞིམ་པོ་བསྐོལ་སྟངས།   མཛུབ་མོས་རི་སྟོན། 

ཆུ་ཁོལ་དྲོད་ཚད་ཏུའུ་40-50ཅན་རྒྱ་མ་བདུན་གྱི་ནང་དུ་འོ་ཕྱེ་རྒྱ་མ་གང་བླུགས་ཏེ་ཐེངས་མང་ཙམ་ལ་དཀྲུགས་ན་འོ་མ་རྒྱ་མ་བརྒྱད་དུ་གྱུར་ཡོད།དེ་ནས་རྒྱ་མ་དྲུག་ནས་བདུན་གཡས་གཡོན་གྱི་རྫ་མའི་ནང་དུ་འོ་མ་རྒྱ་མ་གང་བླུགས་ན་འོ་ཇ་ཞིམ་པོ་ཞིག་དཀར་ཐུབ །

མ་ཤེས་ཐབས་མེད་ཀྱི་འོ་མའི་རྒྱུན་ཤེས་གཉིས།

གཅིག སྤྱིར་འོ་མ་ནི་སྨན་སྣ་སྟོང་ཕྲུག་སྐྱེ་བའི་རི་བོ་ཞིག་དང་འདྲ་བར་འདི་ཡོད་དང་འདི་མེད་ཅེས་ཁ་ཚོན་གཅོད་དཀའ་ནའང་ཤེས་རྟོག་བྱུང་བ་ལྟར་ན་སྔོ་ལྗང་གི་སྤང་ཐང་དུ་ཉི་འོད་དང་བསིལ་རླུང་ཁྲོད་ནས་རྩྭ་ཆུ་ལོངས་སུ་སྤྱོད་པའི་འབྲི་ནག་གི་བཞོན་མའི་འོ་མརCALཞེས་པའི་ཁྱད་པར་ཅན་གྱི་རྫས་རིགས་ཤིག་ཡོད་པས་ལུས་བཅུད་གསོ་བའི་སྨན་མཆོག་ཡིན་ལ།དྲོད་ཁང་དུ་བཀག་ནས་གཟན་རྩྭ་བྱིན་ཏེ་ཉི་འོད་དང་བསིལ་རླུང་མ་རེག་པའི་བཞོན་མའི་འོ་མར་ཕན་ནུས་དེ་མེད།

ལྷག་པར་ད་སྐབས་རྐྱང་འཚབ་མ་ཡིན་པར་སྨན་གྱི་རྫས་འགྱུར་ལ་བསྟེན་ནས་ལོ་རེར་ཐེངས་གཅིག་ནས་གཉིས་ལ་བེའུ་བཙས་པར་བྱེད་པ་སོགས་ཀྱང་ཡོད་པས་འབྲི་མོའི་འོ་མ་ཡིན་ཡང་བཞོན་མ་འཚོ་ཐབས་ཀྱི་ཆ་ནས་འོ་མའི་རྒྱུ་སྤུས་ལ་ཐད་ཀར་འབྲེལ་བ་ཡོད།

གཉིས། འོ་མ་ཆུ་ཁོལ་ལྟར་གདུ་རུ་འཇུག་པ་དང་ཐེངས་མང་བོར་སྲོ་བ།འོ་རློན་འཐུང་བ།འཁྱགས་སྒམ་དུ་བཞག་ནས་འཁེང་གི་འཇོག་པ།དྲོད་སར་ཡུན་རིང་འཇོག་པ་སོགས་མི་རུང་ལ།འོ་མ་ནམ་ཡང་བསིལ་སར་འཇོག་དགོས།འོ་མ་ནི་དྲོད་སར་འཇོག་མི་རུང་ལ་འཁྱགས་སར་འཁེང་མི་ཆོག་པའི་བདག་ཉར་དཀའ་བའི་ཟས་མཆོག་ཡིན་པས་ང་ཚོས་འོ་མའི་རོ་བཅུད་དང་ཕན་ནུས་མ་འགྱུར་བར་ལོངས་སུ་སྤྱོད་པའི་ཐབས་ལམ་ཆེས་བཟང་བོ་ནི་འོ་ཕྱེ་ཡིན་ལ།ལྷག་པར་དུ་བོད་རང་གི་ལྷད་མེད་ཐོན་རྫས་གངས་ལྗོངས་གཅེས་ནོར་འབྲི་མོའི་འོ་ཕྱེ་ཡིན།

འོ་མའི་དགེ་མཚན་ཆེན་པོ་དྲུག

དང་པོ།  འོ་མ་འཐུང་བའི་དུས་ཚོད་ཆེས་བཟང་ཤོས་ནི་ནངས་དགོང་གཉིས་ཡིན་ལ།སྐབས་འདིར་འོ་མ་འཐུང་ན་རླུང་ནད་ཀྱི་རིགས་སྙོམས་ཤིང་གཉིད་ཡུལ་བདེ་བ།ངལ་དུབ་དང་སེམས་ཁམས་འཁྲུག་པ་སོགས་སྙོམས་པར་ཕན་པ་རྒྱ་ཆེར་ཡོད།

གཉིས་པ།  རྒྱུ་མའི་ནད་རིགས་བཅུ་གཉིས་ཙམ་འགོག་ཐུབ་མ་ཟད་འབྲས་སྐྲན་སྔོན་འགོག་དང་ཕོ་བའི་མེ་དྲོད་གསོ་བ།

གསུམ་པ།  ཡིད་འཛིན་ཇེ་བཟང་དང་ཁྲག་རྩ་ཇེ་དྭངས་སུ་འགྲོ་བ། གཟུགས་པོ་དྲང་ཞིང་རྩལ་ཤུགས་རྒྱས་ལ།

བཞི་པ།  ལུས་ཀྱི་ཤ་རྒོད་རྒྱས་ལ་རྐང་འཕེལ་ཞིང་རུས་པ་མཁྲེགས་པོར་ཆགས་པ།ཤ་མདངས་ཇེ་དྭངས་སུ་འགྲོ་བ་དང་ཁམས་དཀར་དམར་འཕེལབ།

ལྔ་པ།  ནད་རྙིང་འགོག་པ།དུག་ཕོག་པ་དང་།བཟི་སྨན་གྱིས་དབང་རྩ་སྤྲིད་པ་དང་སྨན་སྡུག་ལེན་པ།ས་མཐོ་ཐུབ་པ།ལུས་སྟོབས་འཕེལ་ཞིང་འཛིན་པ།

དྲུག་པ།   བྱིས་པའི་ཁོ་ལག་དང་རྣམ་རིག་རྒྱས་པ།ཇ་ཐག་རིང་ཡང་ལྟོགས་བསྲན་ཆེ་བ་སོགས་རྒན་དར་གཞོན་གསུམ་སུ་ལའང་ཕན་པ་རྒྱ་ཆེར་ཡོད།

མཐོ་སྒང་གི་གཅེས་ནོར།

འོ་བསྡུ་ཆ་ཚིགས།

ལག་རྩལ་འདོན་སྤྲོད།

འོ་མ་བསྐྱེལ་བ།

ཞིབ་བཤེར་བྱ་ཡུལ།

ལས་སྣོན་ས་ཚིགས།

བརྟག་དཔྱད་ཡུལ་དངོས།


ཆུ་ཁོལ་དྲོད་ཚད་ཏུའུ་40-50ཅན་རྒྱ་མ་བདུན་གྱི་ནང་དུ་འོ་ཕྱེ་རྒྱ་མ་གང་བླུགས་ཏེ་ཐེངས་མང་ཙམ་ལ་དཀྲུགས་ན་འོ་མ་རྒྱ་མ་བརྒྱད་དུ་གྱུར་ཡོད།དེ་ནས་རྒྱ་མ་དྲུག་ནས་བདུན་གཡས་གཡོན་གྱི་རྫ་མའི་ནང་དུ་འོ་མ་རྒྱ་མ་གང་བླུགས་ན་འོ་ཇ་ཞིམ་པོ་ཞིག་དཀར་ཐུབ །



གངས་ལྗོངསམ་གཅེས་ནོར་གྱིས་ཁྱེད་ལ་བདེ་ཐང་བདེ་སྐྱིད་མཉམ་དུ་བསྐྱལ་ཡོང་།

གསར་འགོད་པ། ཐེབ་ཐོགས་ཕྲུག


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oc4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23497133
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།