2018ལོར་རྒྱལ་སྤྱིའི་བྱ་དགའ་ཐོབ་པའི་པར་རིས་བརྩམས་ཆོས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »2018ལོར་རྒྱལ་སྤྱིའི་བྱ་དགའ་ཐོབ་པའི་པར་རིས་བརྩམས་ཆོས།
2018ལོར་རྒྱལ་སྤྱིའི་བྱ་དགའ་ཐོབ་པའི་པར་རིས་བརྩམས་ཆོས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-11-29ལྟ་ཀློག (7675)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

2018ལོར་རྒྱལ་སྤྱིའི་བྱ་དགའ་ཐོབ་པའི་པར་རིས་བརྩམས་ཆོས། 

11-06 07:10

    2018ལོར་ཞེ་ཡེ་ན་རྒྱལ་སྤྱིའི་པར་རྒྱག་གཟེངས་རྟགས་མཐུན་ཚོགས་ལ་རྒྱལ་ཁབ156གི་པར་རིས་བརྩམས་ཆོས་མི་འདྲ་བ་ཁྲི4དང་སྟོང8འབྱོར་ཡོད་པ་དང་དཔྱད་བརྗོད་པ་དག་གིས་བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་དུས་ཐོག་ཏུ་འདེམས་གསེས་ཐག་གཅོད་བྱ་དཀའ་བ་བྱུང་ནའང་། མཇུག་མཐར་བྱ་དགའ་ཐོབ་པའི་བརྩམས་ཆོས་དག་གཅིག་རྗེས་གཉིས་མཐུད་དུ་ཕྱི་ལ་བཏོན་ཡོད་པ་དང་། 2017དང2018གཉིས་དང་འདྲ་བར་ཁོ་ཚོའི་པར་རིས་སུ་ང་ཚོའི་འཇིག་རྟེན་གྱི་སྣ་མང་རང་བཞིན་གྱི་མཛེས་སྡུག་དང་སྐྱོ་གར་མངོན་པར་བྱས་ཡོད། གཤམ་དུ་ང་ཚོས་མཉམ་དུ་བྱ་དགའ་ཐོབ་པའི་པར་རིས་དག་ལ་རེ་རེ་བཞིན་རོལ་མྱོང་བྱ། གོང་གསལ་གྱི་པར་རིས་དེ་ནི<<བརྩེ་འདང་མཉམ་རོལ>>ཞེས་པའི་པར་རིས་བརྩམས་ཆོས་ཡིན།

འདི་ནི<<དམག་འཁྲུག་ཁྲོད་གནོད་འཚེ་ཕོག་མཁན>>ཞེས་པའི་བྱ་དགའི་པར་རིས་བརྩམས་ཆོས་ཡིན། སྤྱི་ལོ2017ལོའི་ཟླ8པའི་ཚེས25ཉིན་ནས་བཟུང་མི་གྲངས646,000ལས་བརྒལ་བའི་ལོ་ཞིན་ཡའི་ཉམ་ཐག་སྐྱབས་བཅོལ་བ་འབར་མ་ནས་བྲོས་བྱོལ་གྱིས་མང་ཆེ་བ་མང་ཅཱ་ལ་རྒྱལ་ཁབ་ཏུ་འབྱོར།

འདི་ནི<<མི་སེམས་དབང་མེད་དུ་ཤོར་བའི་ངོ་གདོང>>ཞེས་པའི་བྱ་དགའི་བརྩམས་ཆོས་པར་རིས་ཡིན་ལ། ཧིན་རྡུ་ནེ་ཞིས་ཡའི་ཕྱེ་འཚོང་ཁང་ཞིག་ཏུ་སྐྱེས་པ་འདིས་ཡུད་ཙམ་རིང་ངལ་གསོ་བའི་རྣམ་པ་རེད། ཟུངས་ཟད་ཅིང་ཤུགས་ཉམས་པའི་ཁོའི་རྣམ་པ་འདིས་ཁོ་དང་ཁོ་འདྲ་བ་དག་ལ་ཉི་མ་རེ་རེ་བཞིན་ཆེས་ཐབས་ཆག་དང་གདུག་རྩུབ་ལྡན་པའི་གནས་བབ་འོག་གི་ལས་ཀའི་ཁོར་ཡུག་ཅིག་ཡོད་པ་ཧ་ཅང་གསལ་བོར་རྟོགས་འོངས།

 

འདི་ནི<<ཧི་ལན་གྱི་རྒྱ་མཚོའི་གྲམ་ཐང་གི་འཕུར་སྐྱོད>>ཅེས་པ་དེ་ཡིན། ང་རང་འཁྱག་སིབ་སིབ་ཀྱི་ཆུ་ནང་དུ་སྒུར་ནས་པར་རིས་འདི་སྒྲོན་པའི་གནས་ཤིག་འཚོལ་བཞིན་པའི་སྐབས། ཁྱི་དེས་མཆོང་ལྡིང་གཅིག་གིས་མཐོ་ས་ནས་འོད་སྡེར་དེ་བཟུང་བ་དང་སྐད་ཅིག་མ་དེར་ཧ་ལམ་དེ་ནི་མཁའ་དབྱིངས་སུ་འཕུར་བ་དང་འདྲའོ།།

 

འདི་ནི<<མཉམ་རོལ>>ཞེས་པའི་པར་རིས་བརྩམས་ཆོས་དེ་ཡིན་ལ། རྒན་རྒོན་གཉིས་ཀྱིས་ཐག་རིང་གི་གཉེན་ཉེ་དང་མཉམ་དུ་བརྙན་མིག་ལས་ཁ་བརྡ་གློད་པ།

 

འདི་ནི<<ཆུ་བཏུང་བ>>ཞེས་པའི་བརྩམས་ཆོས་དེ་ཡིན་ལ། ཀྲུང་གོའི་ཆུ་དཀོན་པའི་རི་གསེབ་ཀྱི་གྲོང་སྡེ་ཞིག་ཏུ་བུ་ཆུང་ཞིག་གིས་ཆུ་སྦུག་ཁ་ནས་ཆུ་འཐུང་བཞིན་པ།

 

འདི་ནི<<ཨུ་རུ་སུ་བྱང་ཕྱོགས་ཀྱི་དགུན་ཟླ>>ཞེས་པའི་བྱ་དགའི་པར་རིས་བརྩམས་ཆོས་ཡིན། ཨུ་རུ་སུ་བྱང་ཕྱོགས་ནི་ཧ་ཅང་ངོ་མཚར་བའི་གནས་ཤིག་ཡིན་པ་དང་མི་རིགས་མང་བོ་འདུས་སྡོད་བྱས་ཡོད། ཁོ་ཚོ་ཆེས་གདུག་རྩུབ་ཆེ་བའི་ཁོར་ཡུག་གི་ཐུན་མོང་མ་ཡིན་པའི་རིག་གནས་ལ་ཡོངས་སུ་གོམས་ཡོད་པ་དང་། དུས་རབས21པར་སླེབས་ནའང་བྱང་ཕྱོགས་ཀྱི་མིས་སྔར་བཞིན་ཁོ་ཚོ་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་འཛིན་བྱས་ཡོད། སྣང་ཚུལ་འདིས་སྣོད་བཅུད་གཉིས་བར་གྱི་དུས་ཡུན་རིང་བའི་ལོ་རྒྱུས་མཚོན་པར་བྱས་ཡོད།

 

འདི་ནི<<ལུག་ཁྱུ་ཁྲིད་དེ་ཡུལ་ལ་ལོག་པ>>ཞེས་པ་དེ་ཡིན་ལ། པོ་ལན་ལྷོ་ཕྱོགས་ཀྱིMizernaརུ་ད་དུང་ཡང་སྲོལ་རྒྱུན་གྱི་ཕྱུགས་ཟོག་འཚོ་སྟངས་ཤིག་སྲུང་འཛིན་བྱས་ཡོད་པ་དང་དེའི་མིང་ལ“Redyk”ཟེར། ལུག1500ལས་བརྒལ་བ་ཞིག་རི་རྒྱུདLow Beskidནས་ལུག་རྫིས་ཁྲིད་དེ་གྲོང་ཁྱེརNowy Targལ་ལོག་པ་རེད། གནས་དེར་བདག་པོས་དགུན་ཁར་བདག་སྐྱོང་བྱེད་པ་དང་ལོ་རྗེས་མའི་དཔྱིད་ཀར་ལུག་ཁྱུ་ཕྱིར་རི་འགོར་བསྐྱལ་བ་ཡིན།

 

འདི་ནི<<རྨས་སྐྱོན་ཐེབས་པའི་བུ་པང་དུ་བཟུང་བ>>ཞེས་པ་དེ་ཡིན། སེམས་ཀྱི་ཡིད་ཐང་ཆད་པའི་ཕ་རྒན་གྱིས་རྨས་སྐྱོན་ཐེབས་པའི་བུ་པང་དུ་བསྡམས་ནས་དབྱི་རག་མོ་སོ་ཨར་ནུབ་མའི་ཞིབ་བཤེར་ས་ཚིགས་ནས་བྲོས་བྱོལ་དུ་འགྲོ་བ།

 

འདི་ནི<<ལག་ཤེས་སྒྱུ་རྩལ་ཐོན་ལས་ཀྱི་བྱིས་པ>>ཞེས་པ་དེ་ཡིན་ལ། ཧྥེ་གླིང་གི་ཨེ་སེ་ཨུ་པེ་ཡའི་སོའུ་རེ་ཚོ་བའི་བྱིས་པ་ཚོ་ལ་ཁྱིམ་མིས་ཐལ་དྲགས་པའི་སྲུང་སྐྱོབ་བྱེད་བཞིན་ཡོད། ལྕགས་རིགས་ལག་ཤེས་ཐོན་རྫས་འདི་དག་ནི་བཙོན་ར་དང་འདྲ་བར་བྱིས་པ་ཚོ་སྒྲོག་གིས་བཅིངས་ཡོད་ལ། ལོ་ན་ཕྲ་བའི་བྱིས་པ་ནི་སོའུ་རེ་རིག་གནས་ཀྱི་རེ་བ་དང་རྒྱུད་འཛིན་པ་ཡིན་མོད། འོན་ཀྱང་ཐལ་དྲགས་པའི་སྲུང་སྐྱོབ་དེས་བྱིས་པ་ཚོ་གཡང་ས་རུ་འདེད་བཞིན་ཡོད།

 

འདི་ནི<<ཉ་མོ་འཛིན་པ>>ཞེས་པ་དེ་ཡིན་ལ། ཉ་འཛིན་པ་ནི་ནོར་བེའི་ཉ་བ་དག་གི་ཆེས་གནའ་བོའི་སྲོལ་རྒྱུན་ཡིན་པ་དང་དེང་གི་ཆར་ཡང་ནོར་བེའི་མི་རྣམས་ཀྱི་སྲོལ་རྒྱུན་གྱི་ལས་ཀ་གཙོ་བོ་ཞིག་ཡིན།

 

འདི་ནི<<ང་རང་རྩེད་མོར་རོལ་འདོད>>ཅེས་པའི་པར་རིས་བརྩམས་ཆོས་དེ་ཡིན། རྐང་བ་ཡ་གཅིག་མེད་པའི་འབར་མའི་བུ་ཆུང་ཞིག་གིས་སློབ་གྲོགས་ཚོས་རྐང་གྲུག་འཕེན་པར་བལྟ་བཞིན་ཡོད། ཁོས་ཧ་ལམ”ངའང་རྩེད་མོར་རོལ་འདོད”ཅེས་འཆད་ཀྱིན་ཡོད་པ་དང་མཚུངས། ཡིན་ནའང་ཁོ་རང་རྩེད་མོར་རོལ་ཐབས་བྲལ།

 

འདི་ནི<<མེ་འཁོར་དུ་སྡོད་པའི་བྱིས་པ>>ཞེས་པ་དེ་ཡིན། རྒྱ་གར་གྱི་འགྲིམས་འགྲུལ་སྟབས་མི་བདེ་བས་ཡུལ་གཞན་དུ་སྐྱོད་པའི་བྱིས་པ་ཚོ་གསང་བའི་སྒོ་ནས་མེ་འཁོར་སྟེང་སྡོད་པ་ཡིན།

 

འདི་ནི<<ཀཱ་ཤི་མེ་ཨར་གྱི་ཡུགས་ས>>ཞེས་པ་དེ་ཡིན།Shamla Begumཡི་ཁྱོ་གFathiq Nagarནི་ལོ37ཡིན་དུས་རི་གྲོང་དང་ཐག་ཉེ་སའི་གཞུང་ལམ་དུ་དྲག་སྤྱོད་པས་བཙན་ཁྲིད་བྱས་པ་དང་། ད་ལྟའི་བར་ཕྱིར་ལོག་ཐུབ་མེད། ཀཱ་ཤི་མེ་ཨར་དྲག་ཆས་གདོང་ཐུག་གིས་གནས་དེའི་བུད་མེད་མང་བོ་ཞིག་ཡུགས་སར་ཕུད་པ་རེད།

 

འདི་ནི<<བརྗེད་ཟིན་པའི་སེམས་ཀྱི་དག་ཞིང>>ཞེས་པའི་བྱ་དགའི་པར་རིས་བརྩམས་ཆོས་དེ་ཡིན། བྱིས་པ་སྐོར་ཞིག་ཧྥེ་གླིང་ནུབ་མའི་ཏོ་ཀིའིMandouriཞེས་པའི་གནས་སུ་ཆར་ཆུའི་ཁྲོད་གཙང་བོའི་ནང་དགའ་སྤྲོའི་ངང་ཆུ་རྩེད་བྱེད་བཞིན་ཡོད། ལོ་རེར། གནས་འདིར་བདེ་འཇགས་འཕྲོད་བསྟེན་སྒྲིག་ཆས་མི་འདང་བས་འགོས་ཁྱབ་ཆེ་བའི་ནད་ཡམས་ཡོད་པ་དང་། ལོ་རེར་མི་གྲངས་ཁྲི་དྲུག་བརྒྱ་ནས་ཁྲི་བརྒྱད་བརྒྱ་ཙམ་ཆུ་དང་འབྲེལ་བའི་རིམས་ནད་ཀྱིས་འཆི་བཞིན་ཡོད།

 

འདི་ནི<<ལོ་མཱ་ནེ་ཡའི་ལོ་གསར>>ཞེས་པ་དེ་ཡིན། གནའ་ནས་ད་ལྟ་བའི་བར་དོམ་གྱིས་བླ་ན་མེད་པའི་སྲོག་ཆགས་ཤིག་མཚོན་བཞིན་ཡོད་པ་དང་། ལོ་རེའི་ལོ་སར་གྱི་སྐབས་སུComanestiརུ་ལོ་མཱ་ནེ་ཡའི་སྲོལ་རྒྱུན་གྱི་རྣམ་པས་ཁེངས་ཡོད་ལ། བྱིས་པ་ཚོས་དོམ་ལྤགས་གྱོན་ཞིང་ཁྲོམ་གཞུང་དུ་རྩེད་མོར་རོལ་ནས་གེགས་དང་བར་ཆད་བཟློག་སྟེ་འོད་སྟོང་འཕྲོ་བའི་ལོ་གསར་བ་ཞིག་བསུ་བཞིན་ཡོད།

 

འདི་ནི<<རྒྱ་གར་གྱི་མཆོད་འབུལ་མཁན>>ཞེས་པ་དེ་ཡིན། མཆོད་འབུལ་བྱེད་མཁན་གྱིས་ཆུ་བོ་གང་གཱའི་འགྲམ་གྱིChhath Pujaཞེས་པར་Dondiལུགས་ཀྱི་འཁྲབ་སྟོན་བྱེད་པ་དང་། ཉི་མར་སྐྱབས་སུ་འགྲོ་བ་དང་དུས་མཚུངས་སུ་ཁོ་ཚོས་ལྷ་མཆོག་ལ་ཐུགས་གསོ་བྱས་ནས་མ་འོངས་པར་དར་རྒྱས་ཕུན་ཚོགས་འོངས་པར་རེ་སྨོན་ཞུ་བཞིན་ཡོད།

 

འདི་ནི<<བྱབས་ཁྲུས>>ཞེས་པའི་བྱ་དགའི་པར་རིས་བརྩམས་ཆོས་དེ་ཡིན་ལ། ཨི་ལེ་ཐི་ཡ་ཤར་སྐྱོད་ཆོས་ལུགས་ཀྱི་དད་ལྡན་མཆོད་མཇལ་བ་ཞིག་གིས་བུ་མོ་ཆུང་ཆུང་ཞིག་ལ་བྱབས་ཁྲུས་བྱས། མཆོད་མཇལ་བ་འདིས་ཡོ་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ཅེ་ལེ་ཁུ་ཉེ་འདབས་ཀྱིQasr al-Yahudབྱབས་ཁྲུས་གནས་སུ་ཁྲུས་བྱས་ཏེ་སྨོན་ཚིག་བརྗོད། སྲོལ་རྒྱུན་ལྟར་ན་ཡེ་ཤུ་ལ་ཁྲུས་བྱེད་སའང་གནས་འདི་ཡིན་པས་ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འབྲངས་པ་དག་གིས་ས་འདི་ནི་གནས་མཆོག་ཅིག་ཏུ་བརྩི་བ་ཡིན།

 

འདི་ནི<<ཚོང་འདུས་སུ་སྐྱོད་པ>>ཞེས་པའི་བྱ་དགའི་པར་རིས་བརྩམས་ཆོས་ཡིན།

 

འདི་ནི<<རྒྱལ་མཚམས་བརྒལ་བ>>ཞེས་པ་དེ་ཡིན། གོང་གསལ་གྱི་པར་རིས་བརྩམས་ཆོས་རེ་ལ་འབྲེལ་ཡོད་ཀྱི་གཏམ་རྒྱུད་རེ་ཡོད་པ་དང་། ལ་ལ་ནི་བདེ་སྐྱིད་ཀྱི་འཚོ་བའི་དབུ་ཁྱུད་བྲིས་ཡོད་པ་དང་ཡང་ཁ་ཤས་ནི་སྐྱི་གཡའ་བའི་གནོད་འཚེའི་སྡུག་བསྔལ་གྱི་འགོ་བརྩམས་ཡོད། གང་ལྟར་འཛམ་གླིང་འདི་ཇི་འདྲའི་དྲང་བདེན་མིན་ནའང་ང་ཚོ་ཚང་མས་སྐྱེ་འགྲོ་ཡོད་དོ་ཅོག་བདེ་སྐྱིད་ལྡན་པའི་སྨོན་ལམ་འདེབས།

ངེད་དྲ་བའི་ཡིག་སྒྱུར་བ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a7yd བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503424
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།