མཐོ་སྒང་གི་ཕུལ་བྱུང་མི་སྣ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »མཐོ་སྒང་གི་ཕུལ་བྱུང་མི་སྣ།
མཐོ་སྒང་གི་ཕུལ་བྱུང་མི་སྣ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-11-28ལྟ་ཀློག (4258)རྩོམ་ཁུངས: མི་དམངས་དྲ་བ།པར་འདེབ།

མཐོ་སྒང་གི་ཕུལ་བྱུང་མི་སྣ།

ཉེ་སྔོན་ཟི་ལིང་གི་སྟོབས་ཤུགས་ཞེས་པའི་འཕྲིན་སྟེགས་སུ་བཀོད་པའི་གནས་ཚུལ།     ཡིག་སྒྱུར་བ།    རྭ་རྒྱ་བཀྲ་ཤིས།

ཉེ་ལམ་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་ཐང་ལམ་ 673 གྱི་ཚོང་དཔོན་ནོར་བཟང་རིག་གནས་ཉམས་ཞིབ་ཁང་དུ་ཕེབས་ནས་ཁོང་གི་སློབ་གསོའི་ཐབས་ལམ་ངོ་སྤྲོད་བྱས།


བསྡུས་གྲྭའི་རིགས་ལམ་དེང་རབས་བསླབ་ཚན་དུ་བསྡེབས་པ།

བོད་ཀྱི་སྲོལ་རྒྱུན་ཚད་མ་རིག་པའིབསྡུས་གྲྭའི་རིགས་ལམ་ནི་སྤྱིར་བཏང་གི་དྲི་བ་འདྲི་བ་དང་། ལན་འདེབས་པ་ཙམ་་མ་ཡིན་པས། འཛམ་གླིང་ན་འགྲན་ཟླ་བྲལ་བའི་རིགས་ལམ་ཞིག་ཡིན་ཞེས་བཤད་ཆོག སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་དགོན་སྡེའི་བསྡུས་གྲྭའི་རིགས་ལམ་ཐབས་མཁས་ཐུགས་རྗེས་དེང་རབས་བསླབ་ཁྲིད་དུ་བསྡེབས་ཤིང་། བསྡུས་གྲྭའི་ལམ་གྱི་སློབ་གསོ་སྤེལ་སྟངས་དེ་བོད་ཀྱི་ས་ཆར་ཅུང་འཚམས།

རྩོད་པ་ནི་མིའི་རིགས་ཀྱི་ཁ་ལྕེ་དང་གཏན་ཚིགས་ཀྱི་བསམ་གཞིགས་ནུས་པ་སྦྱོང་རྡར་ལ་ཕན་ཞིང་། ཡིད་འཛིན་གོང་འཕེལ་དུ་གཏོང་། ན་གཞོན་གྱི་ཀླད་ཤུགས་སྐྱེད་སྲིང་བྱས་ཏེ་བསླབ་ཚན་རེ་རེའི་ནང་དོན་ལས་བློ་སྐྱེད་ལོན་པར་སྐུལ་འདེད་བྱེད།


བོད་བརྒྱུད་ནང་བསྟན་གྱི་གུས་ལུགས་ནི་ཆོས་དད་པའི་བསམ་བློའི་མཚོན་རྟགས་གལ་ཆེན་ཞིག་ཡིན།

རིག་གནས་ཀྱི་སློབ་སྦྱོང་ནི་དགེ་རྒན་གྱི་ཆེས་ཆེ་བའི་བརྩི་བཀུར་ཡིན། མཚོ་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་༤༠༠༠ཟིན་པའི་མགོ་ལོག་རྭ་རྒྱ་ན་སྙན་གྲགས་བོད་ཁུལ་ལ་ཁྱབ་པའི་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་ཡོད། སློབ་གྲྭ་འདིས་ལོ་དགུའི་འོས་འགན་སློབ་གསོའི་བསླབ་དེབ་ཀྱི་སྟེང་ནས་རྒྱ་ཡིག་དང་རྩིས་རིག་ཁྲིད་བཞིན་ཡོད་པར་མ་ཟད། བོད་ཀྱི་སྐད་དང་རིག་གནས་ཀྱང་ཁྲིད་ཀྱིན་ཡོད་པས། སློབ་མ་མང་བོར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སློབ་གསོ་མྱང་དུ་བཅུག་ཅིང་། གྲྭ་བ་རྣམས་ལའང་རྒྱ་ཡིག་དང་དབྱིན་ཡིག གློག་ཀླད་ལྟ་བུའི་དེང་རབས་རིག་གནས་ཀྱི་སློབ་གསོ་སྤྲད།


ཤེས་རབ་ཀྱི་སྦྱིན་པ་ནི་ཆེས་རླབས་ཆེ་བའི་སྦྱིན་པ་ཡིན།

སྤྱི་ལོ་༡༩༩༠ལོའི་ཟླ་༨པར་རྭ་རྒྱ་དགོན་པའི་རང་ཤག་ཏུ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཐོག་མ་བསྒྲུབས་ཤིང་། སློབ་མ་མང་ཆེ་བ་ནི་རྭ་རྒྱའི་ཡིན། ཆ་རྐྱེན་གྱི་དབང་གིས་དེང་ཐོག་སློབ་མ་༤༠ལྷག་མ་་གཏོགས་མེད་མོད། རིམ་གྱིས་ཇེ་མང་དུ་སོང་སྟེ་ལོ་གཉིས་ཀྱི་ནང་གྲུབ་འབྲས་མངོན་གསལ་ཐོན་པས་ཁོང་གི་ཐུགས་ཤིན་ཏུ་དགྱེས་ཤིང་། སློབ་གྲྭ་ཞིག་གཟུག་ཐུབ་ན་སློབ་མ་མང་བོར་ཕན་ཐོག་པའི་ཐུགས་འདུན་འཁྲུངས།


མ་དངུལ་རང་གྲབས་བྱས་ཏེ་སློབ་སྒོ་གསར་བ་ཕྱེས་པ།

༡༩༩༤ལོར་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་དཀར་ཐིགས་སློང་བ་དང་དོམ་བྱེད་པ་སོགས་ཀྱིས་དམངས་སྒོར་ཆིག་འབུམ་སུམ་ཁྲི་སློབ་གྲྭ་གསར་འཛུགས་ཀྱི་མ་དངུལ་དུ་བསྡུས་ཤིང་། མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་བརྒྱུད་ལོ་དེའི་སྤྱི་ཟླ་༨པར་སློབ་གྲྭའི་ར་བ་ཁང་ཁྱིམ་ལེགས་པར་གྲུབ། དེ་དུས་སློབ་གྲྭར་ཁང་མིག་༡༠ལྷག་ལས་མེད་ལ། རྭ་རྒྱ་ས་ཁུལ་གྱི་དྭ་ཕྲུག་དང་དབང་བོ་སྐྱོན་ཅན། ཁྱིམ་གྱི་ཆ་རྐྱེན་ཞན་པའི་བྱིས་པ་རྣམས་དམིགས་བསལ་གྱིས་སློབ་མར་བསྡུས།

བགྲང་བྱ་ཉི་ཤུའི་དཀའ་སྡུག་གི་ལོ་ཟླ་བརྒྱུད་མཐར། ད་ལྟ་སློབ་གྲྭར་དགེ་རྒན་དང་དོ་དམ་པ་༢༨དང་།  མདོ་དབུས་ཁམས་གསུམ་གྱི་ས་ཆ་སོ་སོ་ནས་ཡོང་བའི་སློབ་མ་༨༤༣ལྷག་ཡོད། དེ་རུ་མི་རིགས་དང་སྐྱ་སེར་རེས་སུ་མེད་ལ། ས་གནས་དང་ན་ཚོད་ཀྱི་དབྱེ་བའང་མེད། སློབ་གྲྭས་སློབ་མ་ཡོངས་ལ་སློབ་རིན་མེད་པའི་སློབ་གསོ་སྤྲོད་ཀྱིན་ཡོད་པས། མདོ་དབུས་མཐོ་སྒང་དང་ཀྲུང་གོ་རྒྱལ་ཡོངས་གྱི་ཁྱད་ཆོས་བླ་ན་མེད་པ་ཞིག་ཆགས་ཡོད།


བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ། ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན།

སློབ་གྲྭ་དགོན་པའི་ཉེ་འདབས་ན་བཙུགས་ཡོད་པས། དབྱར་གནས་ལ་བསྟུན་ཏེ་སློབ་མ་ཕོ་རྐྱང་རྐྱང་བསྡུས་ཀྱང་། སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ། ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་པས། མིའི་རིགས་ཀྱི་གཤིས་སྤྱོད་ཇེ་ལེགས་སུ་གཏོང་ཆེད་བུ་མོའི་སློབ་གསོར་མཐོང་ཆེན་བྱེད་དགོས་པར་དགོངས་རྐྱེན། སྤྱི་ལོ་༢༠༠༥ལོའི་ཟླ་༡༠བར་བོད་ཀྱི་ཆེས་ཐོག་མའི་བུ་མོའི་སློབ་གྲྭ་སྟེ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་བཙུགས་ཏེ་སློབ་འགོ་བརྩམས།


གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་འཛུགས་སྐབས་ཀྱི་ཆེས་ཡིད་འགུལ་ཐེབས་པའི་དོན་དག་ཅིག

 གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་ཆེས་ཐོག་མའི་སློབ་ཐུན་དེ་ནི་ཡིད་འགུལ་ཐེབས་པ་ཞིག་རེད། བུ་མོ་ཚོས་སློབ་ཁྲིད་ཀྱི་ནང་དོན་ལ་གོ་བ་བླངས་པ་ཧ་ཅང་བཟང་བས་སློབ་མ་ཕོ་ལས་བུ་མོ་རྣམས་རིག་པ་མི་རྣོའམ་སྙམ་ཞིང་། སྐབས་དེར་མིག་མཐའ་མཆི་མས་དབང་མེད་དུ་བརླན།


དེང་སྐབས་ཀྱི་ན་གཞོན་རྣམས་ལ་བཅིང་བའི་རེ་བ།

ནམ་ཡིན་རུང་ཐོས་པ་འཚོལ་ཞིང་བྱ་བ་ཅི་ལའང་ཚོད་ལྟ་བྱེད་སྤོབས་པ་ཞིག་དགོས། དམིགས་ཡུལ་ཡོད་པའི་ངང་རང་རྟོགས་ཀྱིས་མུ་ནས་མུ་རུ་སློབ་སྦྱོང་བྱས་ཏེ་རང་ཉིད་གོང་འཕེལ་གཏོང་བ་ལས། ཕུགས་བསམ་མེད་པའི་སློབ་སྦྱོང་བྱེད་མི་རུང་། མཐར་གང་སྦྱང་བའི་ཡོན་ཏན་གྱིས་སྤྱི་ཚོགས་ཡོངས་དང་། མང་ཚོགས་ལ་ཞབས་འདེགས་ཞུ་དགོས་ཤིང་། དེ་ནི་ཆེས་བཟང་བའི་གྲུབ་འབྲས་དང་ཉམས་ལེན་ཡིན།

སློབ་གསོས་བསམ་བློའི་རྒྱབ་ལྗོངས་མི་འདྲ་བའི་མི་རྣམས་ལ་རོགས་རམ་བྱས་ཏེ། རིག་གནས་སྣ་མང་གི་སྤྱི་ཚོགས་ཁྲོད་ཕན་ཚུན་ལ་བརྩི་བཀུར་དང་བཟོད་སྒོམ་བྱེད་པའི་འཆམ་མཐུན་གྱི་འཚོ་བ་ཞིག་རོལ་ཏུ་གཞུག་དགོས།

སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་དང་ཤེས་རིག་གླིང་གི་དགེ་རྒན་རྣམས་ཀྱི་མི་ལོ་ཉེར་བཞིའི་རིང་གི་ཞུམ་མེད་ཀྱི་སྙིང་སྟོབས་ལ་དད་ཅིང་། འབྲོག་ཁུལ་གྱི་བྱིས་པ་ཚོས་སློབ་གསོར་བཅིང་བའི་རེ་བ་དང་། ཐོས་པ་དོན་གཉེར་གྱི་བརྩོན་འགྲུས་ལ་དད་ཅིང་གུས

གསར་འགོད་པ།   རྭ་རྒྱ་བཀྲ་ཤིས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530351
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།