ཕ་མའི་བརྩེ་བ་མཚོན་པའི་སྒྲུང་ཐུང་གསུམ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 16 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། »ཕ་མའི་བརྩེ་བ་མཚོན་པའི་སྒྲུང་ཐུང་གསུམ།
ཕ་མའི་བརྩེ་བ་མཚོན་པའི་སྒྲུང་ཐུང་གསུམ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-11-18ལྟ་ཀློག (1994)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཕ་མའི་བརྩེ་བ་མཚོན་པའི་སྒྲུང་ཐུང་གསུམ།

རལ་གྲིས་བསྒྱུར།

《散步》

一女孩在违背父亲意愿下结婚,离婚,父女反目,生活贫困并携一子。

其母心慈,劝女儿趁其父散步的空闲带着儿子回家吃顿热饭。于是便常带着儿子刻意避开父亲回娘家吃饭。

直到一日下雨,祖孙三人在社区偶遇回避不及,父亲尴尬道:“以后回家吃饭就别躲躲藏藏的,害得我下大雨都得出来!”

འཆམ་འཆམ།

བུ་མོས་ཨ་ཕའི་ཁར་མ་ཉན་པར་བཙན་གྱིས་གནས་ལ་སོང་ནའང་གཉེན་འཐོར་བྱུང་བས་འཚོ་བ་དཀའ་ངལ་ལ་ཕྲད་ཅིང་། ཕྱིར་ཁྱིམ་དུ་ལོག་སྐབས་བྱིས་པ་ཞིག་ཀྱང་བཙས་འདུག་པ་མཐོང་བས། ཕ་བུའི་བར་ལའང་འགལ་ཟླ་བྱུང་།

ཨ་མའི་སེམས་ཀྱིས་མ་བཟོད་པར། ནམ་རྒྱུན་མོའི་ཨ་ཕ་འཆམ་འཆམ་དུ་སོང་རྗེས་བུ་མོ་མ་བུ་གཉིས་ཁ་རོག་གེར་ཁྱིམ་ནང་དུ་བོས་ཏེ། ཟས་སྣུམ་ཅན་རེ་བཟའ་རུ་བཅུག  དེ་བས་བུ་མོ་མ་བུ་གཉིས་ཀྱང་ནམ་རྒྱུན་ཨ་ཕར་གཞའ་སྟེ་ཁྱིམ་དུ་ཡོང་།

ཆར་བ་ཤག་ཤག་ཏུ་འབབ་པའི་ཉིན་ཞིག་ཕ་བུ་གསུམ་པོ་གཞིས་ཁུལ་གྱི་ར་སྐོར་ནང་དུ་ཕན་ཚུན་ལ་གཞའ་དབང་མ་བྱུང་བར་གདོང་ཐུག་བརྒྱབས་པས། ཨ་ཕ་ཅུང་དོགས་མི་བདེ་བར་གྱུར་ཏེ། རྗེས་ཕྱོགས་ཁྱིམ་དུ་ཟ་མ་བཟའ་རུ་ཡོང་ཚེ་ལྐོག་ལྐོག་སུད་སུད་མ་བྱེད་མ་གཏོགས་ང་ཆར་ནང་དུའང་སྒོ་རུ་འགྲོ་དགོས་འདུག ཅེས་བཤད།


墙下》

某男生高中时沉迷网络,时常半夜翻墙出校上网。

一晚他照例翻墙,翻到一半即拔足狂奔而归,面色古怪,问之不语。从此认真读书,不再上网,学校盛传他见鬼了。

后来他考上名校,昔日同学问及此事,他沉默良久说:“那天父亲来送生活费,父亲舍不得住旅馆,在墙下坐了一夜。”

གྱང་རྩ།

མཐོ་འབྲིང་སློབ་མ་ཞིག་དྲྭ་རྒྱའི་རོལ་རྩེད་ལ་དགའ་དྲགས་པས་མཚན་རྒྱུན་སློབ་གྲྭའི་ར་ཁ་ནས་ལྡང་སྟེ་དྲྭ་ཁང་དུ་བུད་འགྲོ།

ཡིན་ནའང་ཉིན་ཞིག་གི་དགོང་མོར་ཁོ་ར་ཁ་ནས་ལྡང་གྲབས་བྱས་ཙམ་ཕྱིར་བྲོས་ཏེ་ཐོན་སོང་ལ། ངོ་མདོག་མཚར་ཅིང་ངག་ཀྱང་མི་ཁྲོལ་བར་གྱུར། དུས་དེ་ནས་བཟུང་ཀུན་གྱིས་ཁོས་འདྲེ་མཐོང་སོང་ཞེས་བསྒྲགས་པས། ཁོའང་དྲྭ་ཁང་དུ་མི་འགྲོ་བར་སློབ་སྦྱོང་ལ་བརྩོན་པ་བླ་ལྷག་བྱས།  ཕྱིས་སུ་ཁོས་སློབ་ཆེན་ལེགས་ཤོས་ཤིག་ལ་རྒྱུགས་འཕྲོད་ཅིང་། ཉིན་ཞིག་སློབ་གྲོགས་ཤིག་གིས་དོན་དག་དེ་སླར་དྲིས་པས། ཁོ་ཡུད་ཙམ་ལ་སྨྲ་བ་མེད་པར་བསྡད་དེ། ཉིན་དེར་ཨ་ཕས་ང་ལ་འཚོ་བའི་གྲོན་དངུལ་བསྐྱལ་ཡོང་མོད། མགྲོན་ཁང་དུ་འདུག་མ་བཟོད་པར་ཞག་གང་བོར་གྱང་རྩ་ནས་བཙོག་པུར་བསྡད་འདུགཟེར།


《染发》

今天爸爸在家自己染头。

我就笑他:“爸,你都快60了还染头发干嘛啊,还想返老还童啊?”

我爸说:“每次我回老家前都把头发染黑,那样你奶奶看见就会以为我还年轻,她也不老了。”

སྐྲ་ཚོས་བསྒྱུར་བ།

དེ་རིང་ཨ་ཕས་རང་ཁྱིམ་དུ་སྐྲ་ཚོས་ནག་པོར་སྒྱུར་བཞིན་འདུག

ང་དགོད་ཞོར་དུ། ཨ་ཕ། ཁྱེད་རང་དགོང་ལོ་དྲུག་ཅུར་སོན་ལ་ཉེ། ད་དུང་ཡང་སྐྲ་ཚོས་བསྒྱུར་ནས་གཞོན་པར་གཏོང་བསམ་པ་ཡིན་ནམ།

ཨ་ཕས། ནམ་རྒྱུན་ཕ་ཡུལ་ལ་འགྲོ་ཁར་ངས་རང་ཉིད་ཀྱི་སྐྲ་ཚོས་ནག་པོར་བསྒྱུར་བ་ཡིན། ཁྱོད་ཀྱི་ཨ་ཕྱིས་ང་ད་དུང་ལོ་ན་ཆུང་བར་མཐོང་ཚེ་ཁོ་མོའང་བགྲེས་སྣང་སྐྱེ་མི་སྲིད། ཅེས་ལན་བཏབ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5925247
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号