སྤྲོ་སྣང་ནི་ཆེས་བཟང་བའི་དགེ་རྒན་ཡིན།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བསྒྱུར་རྩོམ། » སྤྲོ་སྣང་ནི་ཆེས་བཟང་བའི་དགེ་རྒན་ཡིན།
སྤྲོ་སྣང་ནི་ཆེས་བཟང་བའི་དགེ་རྒན་ཡིན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-11-18ལྟ་ཀློག (1368)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

  སྤྲོ་སྣང་ནི་ཆེས་བཟང་བའི་དགེ་རྒན་ཡིན།

རྒྱལ་ཚང་བ་ཀརྨ་ཚུལ་ཁྲིམས་རྣམ་རྒྱལ་གྱིས་བསྒྱུར།

ཁྲ་སུའི་ཐི་ཧྥེར་དུ་ཡིས་བརྩམས།༼དབྱིན་ཇི།༽

   སྙིང་ཉེ་བའི་བུ་ཕྲུག་ལགས། ད་སྔོན་ངེད་གཉིས་མཉམ་དུ་དཔེ་ཀློག་བྱེད་པའི་སྐབས་ཁྱོད་ཀྱིས་རྒྱུན་དུ་མཚན་ཉིད་རིག་པའི་སྐོར་གྱི་དཔེ་ཆ་ལ་དགའ་བོ་བྱས་ནས་དཔེ་ཆ་གཞན་རྣམས་ལྟ་བའི་མོས་པ་ཆེར་མེད་པ་འདྲ། མི་ཚད་ལྡན་ཞིག་ལ་མཚོན་ན་རང་གི་ཆེད་མཁས་ཀྱི་ཁ་ཕྱོགས་ནི་ངེས་པར་དུ་ཡོད་དགོས་པ་ཞིག་ཡིན་པས་ང་དེ་ལ་སེམས་ཁྲལ་ཁྱོན་ནས་མི་འདུག དེ་བས་ངས་ཁྱོད་རང་ལོ་རྒྱུས་དང་མཚན་ཉིད་ཀྱི་ཕྱོགས་སུ་སྐུལ་མ་བྱས་ནས་རང་གི་མི་ཚེ་ཡི་རིན་ཐང་དངོས་མ་དེ་རྙེད་པར་ཡིད་ཆེས་དང་རེ་སྨོན་བྱེད་བཞིན་ཡོད། དགའ་ཕྱོགས་འདིས་ཁྱོད་རང་མཚན་ཉིད་རིག་པ་བ་ཞིག་དང་ཡང་ན་ལོ་རྒྱུས་རིག་པ་བ་ཞིག་ཏུ་འགྱུར་མ་ཐུབ་རུང་སྤྲོ་སྣང་གི་དབང་གིས་དཔེ་ཆ་འདི་དག་གིས་ཁྱོད་ཀྱི་མི་ཚེའི་ལམ་བུ་རྒྱ་ཇེ་ཆེ་དང་ཁོད་ཇེ་ཡངས་སུ་སྒྱུར་བར་ཤུགས་རྐྱེན་མི་འདྲ་བ་ཞིག་ཐེབས་ངེས། གལ་ཏེ་མི་ཞིག་གིས་བྱ་དངོས་གང་རུང་ལ་སྤྲོ་སྣང་རྒྱ་ཆེན་པོ་ཞིག་འཕེལ་བར་གྱུར་ན་དཀའ་ཚེགས་དང་སྡུག་རུས་ཅི་འདྲ་ཞིག་དགོས་ཀྱང་རུང་དེ་ལ་སུན་སྣང་དང་འགྱོད་སེམས་ཕྲན་བུ་ཙམ་ཡང་སྐྱེས་མི་སྲིད་པར་མ་ཟད། དེ་ལ་འཛད་མེད་ཀྱི་སྤྲོ་སྣང་བླ་ལྷག་ཅིག་འཕེལ་ནས་སྐབས་འདིའི་སེམས་བྱུང་དྲག་པོ་དེས་ཁོ་རང་ལ་ཡོད་པའི་ཐུན་མིན་གྱི་གཉུག་ནུས་དང་འཇོན་ཐང་ཡོད་ཚད་ཕྱི་རུ་མངོན་པར་བྱེད་ཐུབ་ལ་སེམས་གཤིས་དྲག་པོ་དེས་ནམ་ཞིག་ཁོ་སྐྱེས་བུ་དམ་པ་ཞིག་ཏུ་འགྱུར་བར་བྱེད་དོ། །

   ངས་ཁྱོད་ཀྱི་སློབ་གྲྭའི་ནང་གི་རྒྱུགས་འབྲས་མཐོ་དམན་ལ་གཙོ་བོ་འཛིན་གྱི་མེད། རྒྱུ་མཚན་ནི་སློབ་གྲྭའི་ནང་གི་རྒྱུགས་འབྲས་དེ་བཟང་ཡང་ངན་ཡང་གནས་སྐབས་ཙམ་རེད། གཙོ་བོ་ནི་བསླབ་བྱའི་གཞུང་གང་རུང་ལ་རང་གིས་སྤྲོ་བ་འཕེལ་ཐབས་བཙལ་ནས་དེ་ལ་རབ་ཏུ་འཇུག་པ་དེ་རེད། དེ་ལྟར་བྱས་ན་ད་གཟོད་རྒྱལ་ཁ་ལོན་ངེས། དེ་ལྟར་བྱས་ན་ད་གཟོད་རང་གི་ཐུན་མིན་གྱི་ཤེས་རབ་དང་སྐྱེས་ཐོབ་ཀྱི་འཇོན་ནུས་ཕྱི་རུ་མངོན་པར་བྱས་ནས་ཤེས་ཡོན་གང་དེ་ཉིད་ལེགས་པར་སྦྱང་ཐུབ། སློབ་སྦྱོང་བྱེད་པའི་སྐབས་སུ་སྤྲོ་བས་རྟག་པར་ང་ཚོའི་ལུས་སེམས་གཉིས་ཀ་གཅིག་ཏུ་སྒྲིམ་པར་བྱེད་ལ། བློ་རྩེ་གཅིག་སྒྲིམ་གྱིས་བྱ་བ་དེར་འཇུག་པ་དང་མིག་སྔར་གྱི་བྱ་བ་དེ་ལས་གཞན་ཅི་ཡང་མི་བསམ་པར་བྱེད། གལ་ཏེ་མི་ཞིག་གིས་སྤྲོ་བ་མེད་པའི་བྱ་དངོས་གང་རུང་ལ་འཇུག་པར་བྱས་ན་མི་དེའི་ལུས་སེམས་གཅིག་ཏུ་སྡུད་ཐབས་མེད་པས་ཁོའི་རྒྱལ་ཁའི་ཚད་ཧ་ཅང་ཆུང་། 

   གང་ལྟར་ཤེས་བྱ་གང་ལ་འཇུག་ཀྱང་སྤྲོ་བའི་ངང་ལུས་སེམས་གཉིས་ཀ་སླེབས་པར་བྱས་ནས་རང་གི་འཇོན་ནུས་དང་སེམས་ཤུགས་ཡོད་དགུ་ཐོན་པར་བྱས་ན་རྒྱལ་ཁ་ལས་མེད་པས་ངས་བུ་ཕྲུག་ཁྱོད་ཀྱིས་དེ་ལྟར་བསྒྲུབ་པའི་ཡིད་ཆེས་དང་རེ་བ་ཆེན་པོ་ཡོད།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5865705
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号