མདོ་ལ་རྫོང་མཁར་ནས་སྐད་མགོ་མཐོན་པོ་བྱས་ཏེ་གླུ་ཞིག་བླངས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »མདོ་ལ་རྫོང་མཁར་ནས་སྐད་མགོ་མཐོན་པོ་བྱས་ཏེ་གླུ་ཞིག་བླངས།
མདོ་ལ་རྫོང་མཁར་ནས་སྐད་མགོ་མཐོན་པོ་བྱས་ཏེ་གླུ་ཞིག་བླངས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-11-16ལྟ་ཀློག (4465)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མདོ་ལ་རྫོང་མཁར་ནས་སྐད་མགོ་མཐོན་པོ་བྱས་ཏེ་གླུ་ཞིག་བླངས།

 གསར་འགོད་པ།  སྐབས་བརྒྱད་པའི་མཐར་ཕྱིན་སློབ་མ།    ཨ་རིག་མཁས་བཟང་།
          རྒྱལ་ཡོངས་སུ་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་ལག་ལེན་མཐར་ཕྱིན་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་དུས་རབས་གསར་བའི་འཕེལ་ཕྱོགས་དང་བསྟུན་ནས་མདོ་ལ་རྫོང་གི་བོད་ཀྱི་འབྲོག་ཁྱིམ་མང་བོ་ཞིག་ཀྱང་རིམ་བཞིན་རུ་སྤར་ནས་རྫོང་མཁར་དུ་འགྲོ་བཞིན་ཡོད་ལ།གནས་ཚུལ་དེར་དམིགས་ནས་མདོ་ལ་རྫོང་གིས་སྔོན་གྱི་ཆ་ཚང་སློབ་ཆུང་གསུམ་པ་དེ་མི་རིགས་བཅའ་སྡོད་སློབ་ཆུང་དུ་བསྒྱུར་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་འཛུགས་བསྐྲུན་གང་ལེགས་བྱས་ཡོད། སྤྱིར་བཏང་དམངས་གླུ་ལེན་པ་ནི་བོད་པ་རྣམས་ལ་མཚོན་ན་རྒྱུན་ཤེས་ཤིག་ཡིན་མོད།ཁྱིམ་ཚང་རྫོང་མཁར་དུ་སྤར་ཏེ་ཐོག་ཁང་དུ་གཞིས་ཆགས་པའི་འབྲོག་པའི་བྱིས་པ་རྣམས་ལ་མཚོན་ལ་སྔོན་གྱི་རྩྭ་ཐང་བཞིན་དུ་སྐད་མགོ་མཐོན་པོ་བྱས་ནས་གླུ་ལེན་པ་ཕར་ཞོག་སྐད་མཐོན་པོ་བྱས་ནས་སྐད་ཆ་ཞིག་བཤད་པའི་ཁོར་ཡུག་ཀྱང་མེད་པས་དམངས་གླུ་ལྟ་བུའི་འབྲོག་ཁྱིམ་གྱི་སྲོལ་རྒྱུན་མང་བོ་ཞིག་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དེ་བསམ་བློ་གཏོང་དགོས་སའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།   གནས་ཚུལ་དེར་དམིགས་ནས་མདོ་ལ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས་ཉེ་ལམ་༼  མེས་པོའི་དབྱངས་རྟ ༽ཞེས་པའི་དམངས་གླུའི་འགྲན་བསྡུར་ཞིག་སྤེལ་ཏེ་བྱིས་པ་རྣམས་ལ་བོད་ཀྱི་དམངས་གླུའི་སྲོལ་རྒྱུན་སློབ་སྦྱོང་དང་འཛིན་སྐྱོང་བྱེད་པའི་སྟེགས་བུ་བཟང་བོ་ཞིག་བསྐྲུན། རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲན་བསྡུར་ཁྲོད་དུ་འཛིན་གྲྭ་རེ་ནས་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་གསུམ་རེ་ཞུགས་ཏེ་ཁྱོན་སྡོམ་འགྲན་ཞུགས་པ་མི་ཉེར་གཅིག་ཡོད་པ་དང་། བོད་ཀྱི་གླུ་བ་གྲགས་ཅན་ཨ་རིག་གུ་རུ་གཙོ་བྱས་པའི་དམངས་ཁྲོད་ཀྱི་གླུ་བ་གླུ་མ་ཉམས་མྱོང་ཅན་སྐོར་ཞིག་གདན་འདྲེན་བྱས་ཏེ་དཔྱད་འདེམས་པ་བྱས་པར་མ་ཟད། ཁོ་ཚོས་འགྲན་བསྡུར་ཡུལ་དངོས་ནས་དམངས་གླུ་བླངས་ཏེ་འགྲན་ཞུགས་སློབ་མ་དག་ལ་མིག་དཔེ་བསྟན།

ཚོགས་རའི་རྣམ་པ་སྤྱི།

དཔྱད་འདེམས་པ།

རྩིས་འགོད་པ།

འགྲན་ཞུགས་སློབ་མ།

གར་སྟེགས་སྟེང་གི་གླུ་སྐད་ཀྱིས་ཡིད་སེམས་དྲངས་པའི་ཚོགས་རའི་ཟུར་ཞིག

མདོ་འཛིན་པ།

སྤྱི་ཚོགས་སྟེང་གི་གླུ་མ་ཉམས་མྱོང་ཅན་གྱིས་སློབ་མ་དག་ལ་མིག་དཔེ་སྟོན་བཞིན་པ།

ཐེངས་འདིའི་དཔྱད་འདེམས་པ་སྟེ་བོད་ཀྱི་གླུ་བ་གྲགས་ཅན་ཨ་རིག་གུ་རུས་སྲོལ་རྒྱུན་གྱི་དམངས་བླངས་ནས་སློབ་མ་དག་ལ་མིག་དཔེ་སྟོན་བཞིན་པ།

སློབ་གྲྭའི་མགོ་ཁྲིད།

བྱ་དགའ་ཐོབ་པའི་སློབ་བུ་དག

     འགྲན་བསྡུར་གྱི་རིམ་པ་རེ་རེ་འགྲན་ཞུགས་སློབ་མ་དག་གི་གླུ་སྐད་ཀྱི་ཁྲོད་ནས་བརྒྱུད་དེ། མཇུག་མཐར་དཔྱད་འདེམས་དག་གིས་བྱིན་པའི་སྐར་མའི་མཐོ་དམའ་ལྟར་འགྲན་ཞུགས་པ་དག་ལ་ཕུལ་བྱུང་བྱ་དགའ་དང་ཨང་གསུམ་པ། ཨང་གཉིས་པ། ཨང་དང་བོ་བཅས་ཀྱི་གཟི་བརྗིད་བྱ་དགའ་སྤྲད་དེ། འགྲན་ཞུགས་སློབ་མ་དག་ལ་རྗེས་ཕྱོགས་མུ་མཐུད་དུ་སློབ་སྦྱོང་བཟང་བོ་བྱེད་པར་རྟིང་སྐུལ་བྱས།ཐེངས་འདིར་༼ མེས་པོའི་དབྱངས་རྟ ༽ཞེས་པའི་དམངས་གླུའི་འགྲན་བསྡུར་སྤེལ་ནས་མདོ་ལ་རྫོང་མི་རིགས་སློབ་ཆུང་གི་སློབ་མ་ཡོངས་ལ་སྐད་མགོ་མཐོན་པོ་བྱས་ཏེ་དམངས་གླུ་སྙན་མོ་ལེན་པའི་སྙིང་ཕུར་བརྡབས་པར་མ་ཟད། ཡུལ་དངོས་ཀྱི་བྱིས་པ་དག་གི་རྒྱུད་ལ་བོད་ཀྱི་སྲོལ་རྒྱུན་དམངས་གླུ་སློབ་སྦྱོང་དང་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བག་ཆགས་ཟབ་མོ་བཞག

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23496822
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།