ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་བདུན་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་གནའ་རབས་མི་སྣ། » ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་བདུན་པ།
ལོ་ཆེན་བེེ་རོ་ཙ་ནའི་རྣམ་ཐར་ལས་བདུན་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-11-09ལྟ་ཀློག (6926)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བདུན་པ།    རྒྱལ་མོ་ཚ་བ་རོང་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་སྐོར།

     ཚ་བ་རོང་དུ་བྱོན་ནས་ལྷན་གྱིས་བབས་མ་ཕོད་པར་རི་རྩེར་བསྡད་པ་ཚ་བ་རོང་གི་མིས་མཐོང་།བོད་ཀྱི་རྟོག་ཆེན་པ་བྱུང་ངོ་ཟེར།  རྒྱལ་མོ་མདོ་ཞེན་འཕན་བུས་སྣ་དྲངས་ཏེ་སྦལ་བའི་དོང་དུ་ཞག་གསུམ་བཅུགརྒྱལ་མོ་དང་མི་ཀུན་དོང་ཁར་ཕྱིན་པར་དོང་ནང་ནས་བེ་རོ་ཙ་ན་ཡིས། ཡུལ་ཕྱོགས་འདི་ན་གནས་བའི་ཆུ་མཙུན་རྣམས། འཇིགས་ཁུང་སྦལ་དོང་ཁ་འདིར་སྙན་གསོན་ཅིགབོད་ཀྱི་བན་ངྷེས་བཀའ་མཆིད་ཚིག་གཅིག་ཞུ། ཞེས་གསུངསཔས། རྒྱལ་མོ་དབའ་བཞེད་ཀྱིས་སྣ་དྲངས་ནས་དྲ་མ་རྣམས་དོང་ཁར་ཕྱིན་པར་བེ་རོས་ཁོང་རང་ཡོང་ལུགས་དང་སྦལ་དོང་ནང་ནས་ཕྱུང་དུ་གསོལ་བར་ཞུས། འདི་ཡང་སྐྱེ་བ་སྔོན་གྱི་ལན་ཆགས་ཡིན་པས་དེ་ཡིས་འཁོར་ཤོག་གསུངས་བར་སྦལ་སྦྲུལ་ཐམས་ཅད་ལུས་ནས་བྲལ་ཏེ་དེངས་སོང་བས། སྦལ་དོང་ནས་བཏོན་ཏེ་ཤིག་དོང་དུ་བསྐྱུར། ཞག་བདུན་ལ་དམག་མ་བྱུང་བས། ཡུལ་མི་རྣམས་ལྟ་བར་ཕྱིན་པས། བཻ་རོ་ཙ་ན་ཅི་ཡང་མ་ཉེས་པར་ཟིལ་བ་ཁྲོལ་ལེ་འདུག  བཻ་རོས་ཤིག་རྣམས་ལ་བཤགས་པ་བྱས་པས་ཤིག་རྣམས་རང་སར་གྱེས།  མི་རྣམས་ངོ་མཚར་ཏེ་ཤིག་དོང་ནས་བཏོན་ཅིང་། བཟོད་གསོལ་ཞུས་ཏེ། བྱང་ཆུབ་སེམས་དཔའ་ཁྱོད་ལྟ་བུ་ལ། སྡུག་བསྔལ་འདི་ལྟ་བུ་འོང་དོན་ཅི་ཡིན་ཞུས་པར། བཻརོ་ཙ་ནས་སྔོན་གྱི་དགེ་སློང་པུར་རྣ་བྱ་བར་སྐྱེ་བ་ཡང་གསུངས་ཤིང་། རྒྱལ་མོ་གྲུ་ལ་སོགས་པ་འཁོར་དང་བཅས་པ་འགྱོད་པ་སྐྱེས་ནས་བཤགས་པ་བྱས།གདན་འཕར་མ་དགུ་བརྩེགས་ཀྱི་སྟེང་དུ་སློབ་དཔོན་བཞུགས་སུ་གསོལ། རྒྱལ་མོ་གྲུས་སྣ་དྲངས་རྒྱལ་བློན་ཀུན་གྱིས་གསེར་དངུལ་གྱི་དོང་ཙེ་དང་། གསེར་གྱི་པ་ཏྲ་དང་གསེར་ཕྱེ། དར་ཟབ་ལ་སོགས་པ་མང་པོ་ཐོགས་ནས། ཐུགས་རྗེ་ཞགས་པས་གཟུང་དུ་གསོལ་ནས་མེ་ཏོག་གཏོར། རྒྱལ་མོ་གྲུ་ལ་སོགས་པ་རྒྱལ་བློན་རྣམས་གུས་པས་ཆོས་ཉན། གཡུ་སྒྲ་སྙིང་པོས་སློབ་དཔོན་གྱི་ཉམས་སད་པའི་ཕྱིར། བུ་གཅིག་པོ་ཤི་བའི་ཕ་མ་གཉིས་སློབ་དཔོན་གྱི་མདུན་དུ་བཏང་ནས།ཆོས་ཞུས་ན་བུ་དང་ཕྲད་དམ་མི་ཕྲད།། ཕྲད་ན་ཆོས་བགྱིད་ན་ཡིན་བྱས་པས། སློབ་དཔོན་གྱིས་འཆི་བའི་གྲོགས་སུ་དམ་ཆོས་བཟང་བར་གསུངས། དེ་ནས་ཡང་རྒན་རྒོན་འཆི་རུ་ཆ་བ་གཉིས་བཏང་ནས། རྒས་པ་ལ་ཕན་པའི་ཆོས་ཤིག་ཞུ་ཞེས་པས། རྒས་པས་རྐྱེན་གྱིས་འཆི་བར་ངེས། འཆི་བའི་གྲོགས་སུ་དམ་ཆོས་བཟང་གསུངས། སླར་ཡང་ཡུལ་གྱི་གཞོན་པ་རྣམས་ལ་རྒྱན་ཆ་བཏགས་ནས།དགའ་བདེ་འདི་ལས་ལྷག་པ་སངས་རྒྱས་ལའང་ཡོད་དམ་ཞུས་པས། ཡུན་གྱི་བདེ་བ་ལྷ་ཆོས་ཡིན་གསུངས་པ་ལ། གཡུ་སྒྲ་ལ་སོགས་པ་ཐམས་ཅད་ཡིད་ཆེས་ནས་གདན་ཁྲི་ཆེན་པོ་བཤམས། གདན་འཕར་མ་དགུ་བརྩེགས་ཀྱི་སྟེང་སློབ་དཔོན་བཞུགས། ཀུན་གྱིས་ཕྱག་འཚལ་མེ་ཏོག་གཏོར་ནས་ཆོས་ཞུས།གང་ལ་གང་འདུལ་བཟོའི་གནས་རྣམ་པ་དང་།འཚོ་བྱེད་སྨན་དང་།འགྲོ་བ་དད་པ་བསྐྱེད་པའི་བསྟན་ཆོས་དང་ཉིན་མོ་དཀོན་མཆོག་བརྩེགས་པ་ལ་སོགས་པའི་འབུམ་སྡེ་ལྔ་དང་།ཕྱི་རྒྱུད་སྡེ་གསུམ་ལ་སོགས་པ་གསུངས། སྲོད་ལ་གསང་སྔགས་ནང་གི་ཆོས་གསུངས། དེ་ནས་རྒྱལ་པོ་གཡུ་སྒྲ་སྙིང་པོས། རྟ་བཟང་པོ་གཅིག་ལ་གསེར་སྒ་གཡུ་ཕྲས་བརྒྱན་ཞིང་དར་ཡུག་བཏགས་ཏེ་སློབ་དཔོན་ལ་ཕུལ་ནས་མན་ངག་གི་ཆོས་ཞུས་པས། སློབ་དཔོན་གྱིས། ལྟ་བའི་རྒྱལ་པོ་ནམ་མཁའ་ཆེ།དུད་འགྲོའི་རྒྱལ་པོ་རྟར་མི་འཚོང་། ཞེས་ལན་གསུངས། གསེར་དངུལ་ལ་སོགས་པ་ནོར་མང་པོ་ཕུལ་ནས་ཞུས་པས། བསྟན་པའི་སྙིང་པོ་རྫོགས་པ་ཆེ།སྒྱུ་མའི་ནོར་ཕྱིར་བདག་མི་འཆོང་།བཙོངས་ན་རྒྱལ་པོའི་བཀའ་ཆད་འབྱུང་།སྣོད་ལྡན་ངང་ཚུལ་བཟང་ལ་སྦྱིན།གསུངས་ནས་མ་གནང་།གཡུ་སྒྲའི་རྟོག་པར། སློབ་དཔོན་ནན་ལ་ཐོར་ན་སྟེར་བ་སྲིད་དམ་སྙམ་ནས། སློབ་དཔོན་ཆབ་བསིལ་དུ་གཤེགས་པ་ལ།གཡུ་སྒྲས་སློབ་དཔོན་ལྷའི་གསེབ་དུ་ནན་པོར་ཞུས་པས། སློབ་དཔོན་གྱི་ཞལ་ནས། དད་དང་གུས་པས་དམ་ཆོས་མི་ཞུ་བར།ཆོས་ལ་ནན་བརྩིར་བྱས་པས་ཅང་འོང་ངམ། ཞེས་གསུངས།  གཡུ་སྒྲས་སློབ་དཔོན་བཻ་རོ་ཙ་ན་ལ་ཕག་ཉན་བྱས་པས། སློབ་དཔོན་གྱིས་ནམ་མཁའ་ཆེ་ཞལ་ཐོན་དུ་མཛད་པ་རྣམས། གཡུ་སྒྲས་བློ་ན་ཟིན།  སློབ་དཔོན་གྱི་དཔེ་ཆའང་རྐུས་ནས་ང་ལ་ཡོད་དོ་བྱས་པས། སློབ་དཔོན་གྱི་ཞལ་ནས། རྡོ་རྗེ་སེམས་དཔལ་དགའ་རབ་འཇམ་དཔལ་གྱིས། ཞལ་ནས་གསུངས་པའི་གསང་སྔགས་ངེས་པའི་དོན། རྒྱལ་བའི་དགོངས་པ་ཤིན་ཏུ་གཏིང་ཟབ་པ། ཡིག་ནག་ཚིག་གི་བྱང་ཆུབ་ལམ་མི་རྙེད།། ཅེས་གསུངས། གཡུ་སྒྲ་སྙིང་པོས་དངུལ་གྱི་དོང་ཙེ་དང་། གསེར་གྱི་དོང་ཙེ་ལ་སོགས་པ་མང་པོ་ཕུལ་ནས་ཕྱག་འཚལ་བསྐོར་བ་བྱས། ཞབས་སྤྱི་བོར་བླངས་ཏེ་མཆི་མ་ཕྱུང་བཞིན་སློབ་དཔོན་ཆེན་པོ་ལགས། བདག་སློབ་དཔོན་ཅི་ལྟར་གསུངས་པ་བཞིན་བཀའ་ཉན་ཞིང་སྒྲུབ་པས། མན་ངག་གི་ཆོས་ཐུགས་ལ་འདོགས་པར་ཞུ། ཞེས་ཡང་ཡང་ཞུས་པས། སློབ་དཔོན་གྱི་ཐུགས་ལ་འདི་ཚོད་ལྟ་བར་མི་འདུག ཅི་ནས་ཀྱང་ཆོས་འདོད་པ་ཐུགས་ལ་དགོངས་ནས། སྣོད་སྦྱང་པའི་ཆེད་སྦྱངས་པ་དགུ་དང་། ཕོད་པ་བཅུ་གསུམ་བྱེད་དུ་བཅུག་སྟེ། མན་ངག་གི་ཆོས་བཤད། བཻ་རོ་ཙ་ནས་གཡུ་སྒྲ་ལ་རྩོལ་མེད་བདེ་ཆེན་སངས་རྒྱས་ཐོབ་འདོད་ན། ཁྱེད་ཀྱིས་ང་ལ་སྦྱངས་པ་དགུ་དང་ཕོད་པ་བཅུ་གསུམ་གྱིས་ཤིག་གསུངས་པར་གཡུ་སྒྲས། མ་ཧཱ་གུ་རུ་ཅི་ལྟར་གསུངས་པ་བཞིན་ཉན་པར་བགྱི། ཞལ་ནས་བདུད་བརྩི་ཐིགས་པ་གནང་བར་ཞུ། ཞུས་པས། བཻ་རི་ཅ་ནས།སྦྱངས་པ་དགུ་ཡི་སྦྱོངས་ལུགས་ལྟར་སྦྱོངས་ལ། རྩོལ་མེད་རྫོགས་པ་ཆེན་པོའི་བཀའ་ལུང་བསྐྱེད་པར་འགྱུར་རོ། །  ཞེས་གསུངས་པས། གཡུ་སྒྲས་རྐྱང་ཕྱག་ལན་གསུན་སྟོད་དུ་མཛད་ནས། བླ་མ་བཤེས་གཉེན་དམ་པ་ཁྱེད། བདག་ཅག་རྣམས་ཀྱི་ཕ་ལགས་སོ།། མ་ལགས་སོ།། མགོན་ལགས་སོ།།མུན་པ་སེལ་བའི་སྒྲོན་མེ་ལགས་སོ།།འཁོར་བ་དོང་ནས་འདྲེན་པའི་ཐུགས་རྗེ་ཆེན་པོའི་ལྕགས་ཀྱུ་ལགས་སོ།། ཇི་ལྟར་གསུངས་པ་བཞིན་བྱེད་ལགས་ན། ཐུགས་རྗེས་འཁོར་བའི་དོང་ནས་འདྲེན་དུ་གསོལ། ཞེལ་གསོལ་བ་བཏབ་པས། བཻ་རོའི་ཞལ་ནས། ཕོད་པ་བཅུ་གསུམ་ཕོད་མི་ཕོད། མི་ཕོད་འཁོར་བའི་རྒྱ་མཚོ་ཐར་བར་དཀའ་སྟེ་མཆིས། གསུངས་པས། གཡུ་སྒྲས།བསྐལ་བ་གྲངས་མེད་ངན་སོང་སྡུག་བསྔལ་བས།མི་ཚེ་གཅིག་བུ་འདི་ལ་ཅི་ཕོད་ན། བླ་མས་ཅི་གསུངས་ངེས་པར་ཉན། ཞེས་ཞུས། བཻ་རོས་འོ་ན་ང་ལ་ཉོན་ཅིག དད་པ་དང་གུས་པས་མི་ཞུ་བར།དཔུང་དང་ཐབས་དང་མགོ་འབྲུས་བྱས་པས་བྱང་ཆུབ་བདེ་ཆེན་ག་ལ་ཐོབ།  ང་ཡིས་སྔགས་པ་དེ་འདྲ་ན། སྣོད་མིན་ཁྱོད་ལ་སྦྱིན་དུ་སངས་རྒྱས་བཀའ་རྒྱ་ཡོད།ལྷ་སྲིན་སྡེ་བརྒྱད་ཆད་པ་འོངས།   ཕོད་པ་བཅུ་གསུམ་དེ་ཚོ་ཕོད་ན་མན་ངག་བདེ་ཆེན་རྩོལ་་མེད་ཁྱོད་ལ་སྦྱིན། ཞེས་གསུངས་ནས་མན་ངག་གི་ཆོས་བཤད། རྒྱལ་མོ་གྲུ་ལ་སོགས་པའི་འབངས་བློན་རྣམས་དང་བློན་པོ་གཉིས་ཀྱིས། སློབ་དཔོན་བཻ་རོ་ཙ་ནའི་བཞུགས་ཁང་བརྩིགས་པར་དགོངས་ནས་སློབ་དཔོན་གྱིས་རྗུ་འཕྲུལ་བསྟན་ཏེ་ལྷ་འདྲེ་རྣམས་དབང་དུ་བསྡུས་ནས། གྱད་སྟོབས་པོ་ཆེས་ཀྱང་མི་འགུལ་བའི་རྡོ་ལེགས་པ་མང་པོས། ཕྱི་མཆོད་རྟེན་ལ་ནང་ལྷ་ཁང་དུ་ཡོད་པ། དཔངས་མཐོ་ལ་རྒྱ་ཆེ་ཡངས་པ་ཞིག་ནུབ་གཅིག་ལ་ཚར། དེ་ནསཉིན་པར་རྒྱུའི་ཆོས་དང་སྔགས་ཕྱིའི་ཆོས་གསུངས་པས་གཡུ་སྒྲས་ཚར་རེ་ལ་ཤེས། སྲོད་ལ་སྔགས་ནང་གི་ཆོས་གསུངས་པས་གཡུ་སྒྲས་ཚར་རེ་ལ་ཤེས། ནམ་གུང་ལ་གཡུ་སྒྲ་དང་།འཁོར་ཐུན་མོང་མ་ཡིནཔ་རྣམས་ལ་མན་ངག་གི་ཆོས་གསུངས། དང་པོ་སེམས་སྡེའི་སྐོར་རྒྱུད་བཅོ་བརྒྱད་ངོ་སྤྲོད་དང་བཅས་པ་གནང་།དེ་ནས་ཀློང་སྡེའི་སྐོར་རྒྱུད་མན་ངག་དང་བཅས་པ་དང་རྒྱུད་སྡེའི་སྐོར་དང་།བྲམ་ཟེའི་སྐོར་དང་། རྒྱལ་པོའི་སྐོར་ལ་སོགས་པ་མན་ངག་དང་བཅས་པ་གནང་། གཡུ་སྒྲས། རིན་པོ་ཆེ་དང་དར་ཟབ་ལ་སོགས་པ་མང་དུ་ཕུལ། ཕྱག་དང་བསྐོར་བ་གྲངས་མེད་བྱས་ནས། མ་ཧཱ་གུ་རུ་ལགས། བདག་གིས་སྒྲ་བསྒྱུར་དང་ཚད་མ་ལ་སོགས་པ་མན་ངག་གི་ཆོས་མང་དུ་ཤེས་ཀྱང་།  དོན་གྱི་མངོན་དུ་མ་གྱུར་པས། ད་ཚིག་ལ་མ་བརྟེན་པར་དོན་མངོན་སུམ་དུ་སྟོན་པའི་མན་ངག་ཅིག་ཞུ་འཚལ་ཞུས་པས། རྒྱུད་ལུང་མན་ངག་དང་བཅས་པ་ཟབ་ལ་རྒྱ་ཆེ་བ་གནང་། དེ་ལྟར་ཆོས་དཔག་ཏུ་མེད་པ་རྫོགས་པའི་མཐར། ཁྱད་པར་མན་ངག་ཐམས་ཅད་ཀྱི་སྙིང་པོ། བླ་མ་གོང་མ་རྣམས་ཀྱི་སྙིང་ལྟ་བུ་གཅེས་པར་མཛད་པ། རང་གྲོལ་མངོན་སུམ་དུ་སྟོན་པའི་མན་ངག་གནང་སྟེ། གསལ་བྱེད་རིན་ཆེན་འབར་བ་བཞེངས་ནས་རྒྱལ་ཐབས་སྤྱི་བླུགས་རྣལ་མའི་དབང་ལ་སོགས་པའི་དབང་གི་ཆུ་བོ་བདུན་རྫོགས་པར་བསྐུར།རྩ་རྒྱུད་མན་ངག་དང་བཅས་པ་སུམ་བཅུ་ཐམ་པ། སྤུལ་སྐུ་དགའ་རབ་ཀྱི་ཕྲན་བུ་བཅོ་བརྒྱད་ལ་སོགས་པ་རིག་འཛིན་གྱི་ཆོས་དངཀུ་ཀུ་རཱ་ཙའི་ཆོས་གཉིས། ཤྲཱིསིདྷིའི་ཆོས་གསུམ། རྗེ་ཉིད་ཀྱི་མང་ངག་དོན་གསུམ་པ། ཡོངས་སུ་རྫོགས་པ་རྒྱ་གསུམ་དང་བཅས་པ་གཏད་ནས། བསྐུལ་བ་རྐྱེན་གྱི་མན་ངག་ནི་བྱང་སེམས་རང་བྱུང་ཀུན་དངོས་ཅན། རྒྱལ་པོ་མངོན་སུམ་གྲུབ་བྱས་པའི། རྟོགས་སོ་མ་འདས་འདྲིས་པར་བྱ།ཤུགས་ལ་སྐལ་ལྡན་སྨིན་པར་གྱིས།  ཞེས་གསུངས།  གཡུ་སྒྲ་སྙིང་པོས་ཐམས་ཅད་ཚིག་དང་བྲལ་བར་རང་རིག་པས་དོན་མངོན་སུམ་དུ་གྱུར་ཏེ། རྗེ་ཉིད་དང་དགོངས་པ་གཉིས་སུ་མེད་པར་གྱུར་ནས། རང་གི་རྟོགས་པ་ཕུལ་བ་དང་རྗེ་ལ་དྲིན་དྲན་པའི་ཚིག་བརྗོད། སྒར་བཤད་དོན་འཚོལ་དེ་བཅད་ཀྱིས། བརྡ་ཕྲད་རང་གྲོལ་ཡོངས་ན་སྤྱད། སྐལ་བར་ཐིབས་པ་མུན་པའི་ཚོགས། ཡུད་ལ་གསལ་མཛད་སྐུ་དྲིན་ཆེ། ཞེས་གཏང་རག་ཕུལ། གཡུ་སྒྲས་རྒྱལ་མོ་ཁྱི་སྟག་རོང་དུ་ལོ་ལྔ་ལ་མཉམ་པའི་བཅུད་ལ་བཞུགས་པས།དགོངས་པ་ཟག་མེད་བདེ་བ་ཆེན་པོའི་ཞིང་ལ་ཕུར་བ་ཐེབས།དཔོན་སློབ་གཉིས་དགོངས་པ་གཅིག་ཏུ་གྱུར་ཏེ་འགྲོ་བའི་དོན་མཛད་ཅིང་བཞུགས་སོ།།

རྩོམ་ཡིག་ཕབ་བཤུ་བ། ནག་ཙན་དན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c92g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23501772
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།