རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཀུན་འདུས།» རོལ་དབྱངས་བདུང་ལེན། »རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླུ།
བརྩམས་ཆོས་གསར་བ།
རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླུ།
ནང་དོན་གསར་བ།
རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླུ།
བརྙན་གསར་བ།
རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླུ།
རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླུ།
ལེན་མཁན། :   སློབ་གྲོགས་ཡོངས། རྩོམ་སྒྲིག་པ།:  ཁཱ་ཤེས་རབ་རྒྱ་མཚོ།
ཉན་གྲངས  : 13051སྤེལ་དུས : 2018-11-08
རོལ་དབྱངས་བདུང་ལེན།
རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླུ།

འོད་ཀྱིས་ཁེངས་པའི་མ་ཡུམ་སློབ་གྲྭ།

གཞས་ཚིག   དགེ་རྒན་འཇིགས་མེད་རྒྱལ་མཚན།

གཞས་གདངས།   མྰ་ཡེ་ས།

གཞས་པ།   སློབ་གྲོགས་ཡོངས།

ང་ཡི་སྤྱི་གཙུག་གི་གཟི་བྱིན་

འབར་བའི་སློབ་དཔོན་དམ་པ།

ཁྱེད་ནི་མི་རིགས་ཀྱི་མགོན་སྐྱབས་དང་།

ཡོན་ཏན་གྱི་བང་མཛོད་ཡིན།

ཁྱེད་ཀྱིས་གཞན་དོན་གྱི་ནོར་བུ་ཁུར་ཞིང་།

བྱམས་བརྩེ་དང་ཞི་དུལ་གྱིས་སློབ་བུ་བསྐྱངས།

ང་ཡི་སློབ་དཔོན་དམ་པ།

ཁྱེད་ནི་ང་ཚོའི་མི་ཚེ་ལ་

འོད་སྟོང་སྦྱིན་པའི་ཉིན་བྱེད་ཡིན།

ང་ཡི་སྙིང་ཁོང་དུ་འོད་ཀྱིས་

ཁེངས་པའི་མ་ཡུམ་སློབ་གྲྭ

ཁྱེད་ནི་མི་རིགས་ཀྱི་བླ་སྲོག་དང་།

ཤེས་རིག་གི་ལྡེ་མིག་ཡིན།

ཁྱེད་ཀྱིས་གསར་གཏོད་ཀྱི་ལམ་ཆེན་བཟོས་ཤིང་།

སྒྱུ་རྩལ་དང་ཚན་རིག་གི་ཞིང་ཁམས་བཞེངས།

ང་ཡི་མ་ཡུམ་སློབ་གྲྭ

ཁྱེད་ནི་ང་ཚོའི་མཛེས་སྡུག་དང་

སྤྲོ་སྐྱིད་ལྡན་པའི་ཕ་ཁྱིམ་ཡིན།

ང་ཡི་སེམས་གཏིང་གི་མཛའ་བརྩེས་

བཅིངས་པའི་སློབ་གྲོགས་བཟང་པོ།

ཁྱེད་ནི་མི་རིགས་ཀྱི་རེ་བ་དང་།

མ་འོངས་པའི་དེད་དཔོན་ཡིན།

ཁྱེད་ཀྱིས་ཤེས་རིག་གི་འབྲི་འོ་འཐུང་ཞིང་།

མཐུན་སྒྲིལ་དང་དད་བརྩོན་གྱི་ཁོར་ཡུག་བསྐྲུན།

ང་ཡི་སློབ་གྲོགས་བཟང་པོ།

ང་ཚོའི་བླ་མེད་ཀྱི་སྙིང་སྟོབས་དང་

རིག་འབྱོར་སྲིད་ཀྱི་རྒྱལ་མཚན་སྒྲེང་།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yr5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གླུ།   སྤེལ་མཁན།: ཨ་རིག་བསྟན་སྐྱོང་། སྤེལ་དུས:2022/11/6
བག་ཆགས་ཟབ།

  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23568008
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།