གངས་ལྗོངས་གཅེས་ནོར་རྒྱལ་སྤྱི་དང་ཀྲུང་གོ་དབུས་ཁུལ་གྱི་ཞིང་གྲོང་ཐོན་རྫས་ཉོ་འཚོང་འགྲེམ་སྟོན་སྟེང་ཞུགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» གངས་ལྗོངས་གཅེས་ནོར། »གངས་ལྗོངས་གཅེས་ནོར་རྒྱལ་སྤྱི་དང་ཀྲུང་གོ་དབུས་ཁུལ་གྱི་ཞིང་གྲོ
གངས་ལྗོངས་གཅེས་ནོར་རྒྱལ་སྤྱི་དང་ཀྲུང་གོ་དབུས་ཁུལ་གྱི་ཞིང་གྲོང་ཐོན་རྫས་ཉོ་འཚོང་འགྲེམ་སྟོན་སྟེང་ཞུགས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-11-03ལྟ་ཀློག (11772)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རང་རྒྱལ་གྱི་སྐབས་བཅུ་དྲུག་པའི་རྒྱལ་སྤྱིའི་ཞིང་གྲོང་ཐོན་རྫས་ཉོ་འཚོང་ཚོགས་འདུ་དང་ཀྲུང་གོའི་དབུས་ཁུལ་གྱི་ཞིང་གྲོང་ཐོན་རྫས་འགྲེམ་སྟོན་ཚོགས་འདུ་ཐེངས་ཉི་ཤུ་བ་སྤྱི་ཟླ་11པའི་ཚེས་1 ཉིན་ཧོའུ་ནན་ཁྲང་ཧྲ་ནས་འཚོགས།


      འགྲེམ་འཚོང་འདི་ནི་རང་རྒྱལ་གྱི་ཆེས་གཞི་རྒྱ་ཆེ་བའི་རྒྱལ་ཡོངས་སྤུས་ལེགས་ཐོན་རྫས་ཉོ་འཚོང་བརྗེ་རེས་འགྲེམ་སྟོན་ཞིག་ཡིན་པས་རྒྱལ་ནང་གི་གྲོང་ཁྱེར་ཆེ་ཁག་ཆིན་ཏོ་དང་ཡོན་ནན།  པེ་ཅིང་།  ཧྲན་ཏུང་།  ཧྲང་ཧེ།  སན་ཡཱ་སོགས་ཚད་ལྡན་གྲོང་ཁྱེར་ཏག་ཏག་ན་སྤེལ་གྱིན་ཡོད།

    ཐེངས་འདིར2018ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིང་གྲོང་འབྲུ་རིགས་རྩ་འཛུགས་སྡེ་ཁག(FAO)གི་གླིང་ལྷོའི་ཞིང་གྲོང་ལས་རིགས་མཉམ་སྒྲུབ་ཚོང་སྡེའི་མཐོ་རིམ་སྡེ་ཁག་གི་བཞུགས་མོལ་ཚོགས་འདུ་དང་བསྟུན་ནས་རང་རྒྱལ་གྱི་འགྲེམ་འཚོང་ས་ཁུལ་45ནས་རྒྱལ་སྤྱིའི་ཚོང་ར་ཅན་དང་རྒྱལ་སྤྱིའི་ཚོང་རྟགས་ཅན།  ཚད་ལྡན་ཁེ་ལས་ཀྱི་ཚོང་རྟགས་ཅན་དང་ཁེ་ལས་ཆ་འཕྲིན་ཅན་སོགས་ཀྱི་ཁེ་ལས་ལྔ་སྟོང་ལྷག་བསྡུས་ཡོད་ལ་མཚོ་སྔོན་ཞིང་ཆེན་གྱི་གངས་ལྗོངས་གཅེས་ནོར་འབྲི་མོའི་འོ་མའི་ཐོན་རྫས(雪域珍宝品牌དང་ཨ་ཆེན་གངས་རྒྱབ་ཚོང་རྟགས(可可西里品牌ལྔ་གསུམ་དྲུག་དགུ་ཚོང་རྟགས5369品牌)གསེར་མདོག་གི་རྩྭ་ཐང金草原品牌)སོགས་ཚད་ལྡན་སྤུས་ལེགས་ཀྱི་ཚོང་རྟགས་འགའ་གདན་འདྲེན་ཞུས་པ་ལྟར་འགྲེམ་འཚོང་ལ་ཞུགས་ཤིང་ཁེ་ལས་པ་དང་འཛད་སྤྱོད་པ་ཡོངས་ཀྱིས་གདེང་འཇོག་བྱེད་བཞིན་ཡོད།


གངས་ལྗོངས་གཅེས་ནོར་འགྲེམ་སྟོན་ཡུལ་དངོས།


      རང་ཞིང་གི་ཧྲིན་ཀྲང་གཞོན་པ་ཡན་ཅེན་ཧེ(青海省副省长严金海)མཚོ་སྔོན་ཞིང་ཕྱུགས་ཐེན་གྱི་ཐེན་ཀྲང་བང་ཡས་ཧོའུ省农牧厅厅长王玉虎)སོགས་ཆེད་དུ་མཚོ་སྔོན་འགྲེམ་སྟོན་ས་ཁུལ་ལ་གཟིགས་ཞིབ་ཏུ་ཕེབས་ཤིང་དམིགས་ཀྱིས་གངས་ལྗོངས་གཅེས་ནོར་ཚང་ལ་མཛུབ་སྟོན་དང་ཐུགས་ཁུར་བྱས།


ཐེངས་འདིའི་འགྲེམ་སྟོན་ཉོ་འཚོང་འདུ་འཛོམས་སྟེང་གངས་ལྗོངས་གཅེས་ནོར་འབྲི་མོའི་འོ་མའི་ཐོན་རྫས་སོགས་ལ་དགའ་བསུ་ཐོབ་ཡོད།

གསར་འགྱུར་འདོན་སྤྲོད་པ།  ཐེབ་ཐོགས་ཕྲུག


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23492541
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།