གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར་ཕྱོགས་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར་ཕྱོགས་བསྡུས།
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར་ཕྱོགས་བསྡུས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-09-11ལྟ་ཀློག (9714)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར་ཕྱོགས་བསྡུས།

     ༢༠༡༨ལོའི་སྤྱི་ཟླ་༩བའི་ཚེས་༩རྨ་ཆེན་རྫོང་སློབ་གསོ་སྡེ་ཁག་གིས་སྐབས་སོ་བཞི་བའི་རྒྱལ་སྤྱིའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་འདུ་དང་རིག་རྩལ་སྤྲོ་ཚོགས་ཤིག་མཉམ་དུ་བསྡུས། ཚོགས་འདུའི་སྟེང་རྫོང་ཡོངས་ཀྱི་སློབ་གྲྭ་ཁག་གི་དགེ་རྒན་མང་བོ་ཕེབས་ཤིང་སློབ་གྲྭ་སོ་སོ་ནས་གྲ་སྒྲིག་བྱས་པའི་ཞབས་བྲོ་དང་གླུ་དབྱངས། བཞད་གར། བཤད་པ་སོགས་རིག་རྩལ་རྩེད་མོའི་རྣམ་གྲངས་མང་བོ་འཁྲབ་པར་མ་ཟད།

     ཉིས་སྟོང་བཅུ་བདུན་ལོའི་རྫོང་ཡོངས་ཀྱི་མཉམ་རྒྱུགས་དང་འབྲིང་རྒྱུགས་ཁྲོད་བྱ་དགའ་ཐོབ་པའི་ཕུལ་བྱུང་སློབ་གྲྭ་དང་། ཕུལ་བྱུང་དགེ་རྒན་སོགས་ལ་གཟེངས་རྟགས་གནང་། དེ་དག་ལས་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་ཉིས་སྟོང་བཅུ་བདུན་ལོའི་འབྲིང་རྒྱུགས་ཁྲོད་ཁུལ་ཡོངས་ཀྱི་ཨང་དང་བོ་ཐོབ་ཅིང་། ཕུལ་བྱུང་སློབ་གྲྭའི་མཚན་སྙན་དང་། སྒོར་ཁྲི་ལྔ། གཟི་བརྗིད་དཔང་ཡིག་བཅས་བསྩལ། མཉམ་རྒྱུགས་ཁྲོད་རྫོང་ཡོངས་ཀྱི་ཨང་གསུམ་པའི་བྱ་དགའ་ཐོབ་སྟེ་སྒོར་ཁྲི་གསུམ་དང་གཟི་བརྗིད་དཔང་ཡིག་བཅས་བསྩལ། མ་ཟད་ཉིས་སྟོང་བཅུ་བདུན་ལོའི་མཉམ་རྒྱུགས་ཁྲོད་དབྱིན་ཡིག་སྐར་གྲངས་ཀྱིས་རྫོང་ཡོངས་ཀྱི་ཨང་དང་བོ་ཟིན་ཡོད་པས་དགེ་རྒན་ཆོས་བཟང་སྒྲོལ་མ་ལ་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་དང་སྒོར་བཞི་སྟོང་གི་བྱ་དགའ་གནང་།

སློབ་གཙོ་གཞོན་པ་དཔའ་རིས་པ་འཇམ་དཔལ་རྣམ་འཇོམས་ལགས་ཀྱིས་སློབ་གྲྭའི་གཟེངས་རྟགས་བླངས་པ།

སློབ་གཙོ་གཞོན་པ་སོག་རུས་འབྲུག་འབུམ་རྒྱལ་ལགས་ཀྱིས་སློབ་གྲྭའི་གཟེངས་རྟགས་བླངས་པ།

དབྱིན་ཡིག་དགེ་རྒན་ཆོས་བཟང་སྒྲོལ་མ་ལགས་ལ་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་གནང་བ།


ཁུལ་དང་རྫོང་རིམ་པའི་གཟེངས་རྟགས།


      ༢༠༡༨ལོའི་སྤྱི་ཟླ་༩བའི་ཚེས་༡༠ཉིན། ལོ་རེའི་རྒྱལ་སྤྱིའི་དགེ་རྒན་དུས་ཆེན་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་སྟེ་མིང་སྲིང་ལྟ་བུའི་སློབ་གྲྭ་གཉིས་ཀྱིས་རེས་མོས་སུ་རོལ་བཞིན་ཡོད།

     ད་ལོར་ངེད་སློབ་གྲྭའི་དགེ་རྒན་ཡོངས་ངེད་ཚང་གི་སྦྲ་རྒན་གཞིས་རྒན་སྟེ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཡོང་སྟེ་གླིང་སྟོད་མཁས་པའི་གནས་ཁྲ་རྒན་གླིང་རིག་གནས་ཁམས་བསང་གླིང་དུ་ལྷན་དུ་འཛོམས། སྔ་དྲོར་སློབ་གླིང་ནང་ཁུལ་གྱི་འཆམ་རའི་རིག་གནས་དང་། དཔེ་མཛོད་ཁང་། གསོ་རིག་གླིང་། ཚོད་ལྟ་ཁང་སོ་སོ། ཐོན་མིའི་འབུམ་གླིང་སོགས་ལ་མཇལ་ཞིང་ལྟ་སྐོར་བགྱིས། སློབ་གླིང་གཉིས་ཀྱི་བྱེད་པོ་དམ་པ་༧སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གིས་ཐོན་མིའི་འབུམ་གླིང་རྟེན་བཞེངས་དང་། སློབ་དཔོན་ཐོན་མིའི་ཕྱག་གི་གླེགས་བམ་དང་ཕྱག་སྨྱུག་སོགས་ཀྱི་མཚོན་དོན་རྟེན་བཤད་གནངས།

      གུང་ཟས་གསོལ་སྐབས་མིང་སྲིང་ལྟ་བུའི་སློབ་གྲྭ་ཟུང་གི་རྩ་བའི་བྱེད་པོ་༧སློབ་དཔོན་འཇིགས་མེད་རྒྱལ་མཚན་ཚང་གིས་གསེར་ལས་བྲིན་པའི་བསླབ་བྱ་མང་བོ་མི་ཚེའི་ནང་ནོམ་དུ་བསྩལ་ཞིང་སློབ་གཙོ་དཔའ་རིས་པ་འཇམ་དཔལ་རྣམ་འཇོམས་ལགས་དང་དགེན་བསམ་འཕེལ་གཉིས་ཀྱིས་སློབ་གྲྭ་གཉིས་ཀའི་དགེ་རྒན་ཡོངས་མཚམས་སྦྱོར་བྱས། ཁམས་གསེང་དང་ལྷན་དུ་དགེ་གྲོགས་ཚོས་ཁ་བརྡའི་བགྲོ་གླེང་བྱས་ཤིང་གཅིག་གཅིག་ལ་བསམ་བློ་བརྗེ་རེས་བྱས་ཏེ་བློ་སྐྱེད་གནང་། ཕྱི་དྲོར་རིག་རྩལ་དང་རྩེད་མོའི་རྣམ་གྲངས། དྲ་འཕེན་དང་། ཐག་འཐེན། ས་སྒྱེ་འཇོག་པ་སོགས་གང་དགའ་གང་སྐྱིད་བྱས་ཏེ་ཆུ་ཚོད་དྲུག་ཡས་མས་སུ་དགེན་རྐང་ཚ་འཕྲིན་ལས་ལགས་དང་དགེན་བསམ་འཕེལ་གཉིས་ཀྱི་ཁ་གཡང་དང་སྨོན་འདུན་ཁྲོད་ནས་མཇུག་བསྡུས།

 ༧དམ་པ་ཁོང་གཙོ་བྱས་དགེ་རྒན་ཡོངས་ཐོན་མིའི་འབུམ་གླིང་ལ་མཇལ་བ།

༧ དམ་པ་ཁོང་གིས་རྟེན་བཤད་གནང་བཞིན་པ།

དགེ་རྒན་དུས་ཆེན་ཉིན་མིང་སྲིང་ལྟ་བུའི་སློབ་གྲྭ་གཉིས་ཀྱི་དགེ་རྒན་ཡོངས་ཀྱིས་མཆོད་མཇལ་བྱེད་བཞིན་པ།


དགེ་རྒན་རྣམས་དཔེ་མཛོད་ཁང་ལ་ཕེབས་པ།

གུང་ཟས་གསོལ་སྐབས་ཀྱི་གླེང་མོལ།


སློབ་གྲྭ་གཉིས་ཀྱི་གསར་འགོད་པ་རྣམ་པ། གཡོན་ནས་བརྩིས་པའི་དང་བོ། པད་དཀར་འབངས། གཉིས་པ། བན་ཤུལ་འཇམ་དབྱངས། གསུམ་པ། འབའ་སྣང་གྲོལ། བཞི་བ། དཀར་མོ་ཡེ་ཤེས།

     མིང་སྲིང་ལྟ་བུའི་སློབ་གྲྭ་གཉིས་ཀྱི་དགེ་རྒན་ཡོངས་སྐབས་སོ་བཞི་བའི་དགེ་རྒན་དུས་ཆེན་གྱི་ཉིན་ལྷན་དུ་འཛོམས་པ།

 གསར་འགོད་པ། དཀར་མོ་ཡེ་ཤེས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 64va བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར་ཕྱོགས་བསྡུས།   སྤེལ་མཁན།: རྡོ་བ་ཀླད་གསར། སྤེལ་དུས:2018/9/12
གངས་ལྗོངས་ཀྱི་མ་ཡུམ་སློབ་གྲྭའི་དགེ་རྒན་འཇིགས་མེད་རྒྱལ་མཚན་གཙོ་བྱས་ནས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་ཡོངས་དང་རྩྭ་ཐང་བུ་མོའི་སློབ་གྲྭའི་དགེ་རྒན་ཡོངས་ཀྱི་སྐུ་གཟུགས་བདེ་ཐང་ཡོང་བ་དང་མཛད་འཕྲིན་གནམ་འོག་ཏུ་ཁྱབ་པའི་སྨོན་ལམ་ལན་བརྒྱར་འདེབས།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23530941
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།