གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་2018ལོའི་སློབ་མ་གསར་བསྡུའི་གནས་ཚུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་2018ལོའི་སློབ་མ་གསར་
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་2018ལོའི་སློབ་མ་གསར་བསྡུའི་གནས་ཚུལ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-09-09ལྟ་ཀློག (8315)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་2018ལོའི་སློབ་མ་གསར་བསྡུའི་གནས་ཚུལ།

     སྤྱི་ལོ་༢༠༡༨ལོའི་སྤྱི་ཟླ་༩ཚེས་༡ཉིན་ཁུར་གྱིས་དུད་པའི་གསེར་ལྡན་གྱི་ལོ་ལེགས་དང་སྟོན་དུས་ཀྱི་ཁ་ཆར་འདྲེས་མའི་ཀློང་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྟོན་དུས་ཀྱི་སློབ་མགོ་གསར་དུ་ཚུགས་ཤིང་།  སློབ་མགོ་ཚུགས་པ་ནས་བཟུང་སློབ་གླིང་འདིའི་དགེ་སློབ་ལས་བཟོ་བ་ཡོངས་ཀྱིས་ཉིན་མཚན་མེད་པར་ད་ལོའི་སློབ་མ་གསར་བསྡུའི་ཐད་ལ་གྲྭ་སྒྲིག་གང་ལེགས་བྱས་པར་མ་ཟད།  ད་ལོར་སློབ་གླིང་འདིར་ཞུགས་འདོད་ཀྱི་འདུན་པ་སྙིང་ལ་ལྕི་བའི་བོད་མདོ་དབུས་ཁམས་གསུམ་ནས་སླེབས་པའི་གསར་ཞུགས་སློབ་མ་མང་ཙམ་བསྡུ་བའི་ཆེད་དུ་སློབ་མ་རྙིང་བ་བརྒྱ་དང་ལྔ་བཅུ་ལྷག་གིས་རང་རང་གི་ཉལ་ཁང་ཕུད་ནས་གུར་ནང་དུ་གནས་སྤོར་བྱས།

    ཚེས་༥ཉིན་ནས་བཟུང་སློབ་གླིང་འདིའི་སློབ་བསྡུའི་རྩ་དོན་བཞིན་རྒྱུ་ཐོབ་ངོ་གསུམ་གཏན་འགོག་བྱས་ཏེ་བདེན་པ་བདེན་དྲང་གིས་ད་ལོར་མིང་ཐོ་བཀོད་པའི་སློབ་མ་རྣམས་ཀྱི་མིང་ཐོ་སྤྱི་བསྡོམས་དང་གསར་ཞུགས་སློབ་མ་རྣམས་ལ་ཐེངས་འདིའི་རྒྱུགས་ཞུགས་ཀྱི་མིང་ཐོ་བཀོད་ཅིང་།  ད་ལོར་གསར་ཞུགས་སློབ་མ་༡༢༠༠ལྷག་གིས་སློབ་གླིང་འདིར་མིང་ཐོ་བཀོད་ཡོད་པ་དང་།   དེའི་ཁྲོད་ནས་སློབ་མ་༧༠༠ལྷག་དངོས་སུ་འབྱོར་ནས་ཐེངས་འདིའི་སློབ་བསྡུའི་རྒྱུགས་གཞི་ལ་ཞུགས་ཡོད།

     ཚེས་༨ཉིན་གསར་ཞུགས་སློབ་མ་དངོས་སུ་རྒྱུགས་ལེན་གྱི་ཉིན་མོ་ཡིན་ཞིང་།  ཉིན་འདིར་སློབ་གླིང་འདིའི་བྱེད་པོ་བཀའ་དྲིན་ཅན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་སྟོང་ཕྲག་ལྷག་ལ་སློབ་གླིང་འདིའི་སློབ་གསོའི་ཁ་ཕྱོགས་དང་འབྲེལ་ནས་བོད་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་ལམ་སྟོན་གལ་ཆེན་གནང་བར་མ་ཟད།   སློབ་གླིང་འདི་ལོ་ངོ་ཉི་ཤུ་རྩ་བཞི་ལྷག་ལ་གནས་ཐུབ་པ་ནི་བོད་སྤྱི་ཚོགས་ཀྱི་བཀའ་དྲིན་ཡིན་པ་དང་། འབྱུང་འགྱུར་ད་དུང་མུ་མཐུད་དུ་གནས་ཐུབ་མིན་ནི་ང་ཚོ་ཐུན་མོང་གི་སྟོབས་ཤུགས་ལ་འབྲེལ་བ་ཡོད་པ་སོགས་ཞལ་གསུང་ཡིད་དུ་འཁེལ་བ་མང་དུ་གནང་།

    ད་ལོར་རྒྱུགས་ར་བདུན་དུ་བགོས་ནས་གསར་ཞུགས་སློབ་མ་རྣམས་ལ་དངོས་སུ་ཡིག་རྒྱུགས་བླངས་ཤིང་།  དགེ་རྒན་དང་ལས་བཟོ་བ་ཡོངས་ཐེངས་འདིའི་རྒྱུགས་རྟོག་ཏུ་ཚན་ཁག་བྱས་ནས་བགོས་པ་དང་།   རྒྱུགས་ལེན་གྲུབ་རྗེས་ཁྱིམ་བདག་དང་གསར་ཞུགས་སློབ་མ་རྣམས་ལ་དུས་ཚོད་འགོར་འགྱངས་མི་བྱ་བའི་ཆེད་དུ་སློབ་གླིང་འདིའི་དགེ་སློབ་ལས་བཟོ་བ་ཡོངས་གཞུང་ལས་ཁང་དུ་འདུས་ནས་ཉིན་མཚན་མེད་པར་རྒྱུགས་ཤོག་ལ་བལྟས་ནས་སློབ་མ་རེ་རེའི་སྐར་གྲངས་སྤྱི་བསྡོམས་དང་རེའུ་མིག་ལ་འགོད་པ་སོགས་བྱས་ཤིང་།  ཚེས་༩ཉིན་སྔ་མོ་ནས་དངོས་སུ་རྒྱུགས་སྐར་ཁྱབ་བསྒྲགས་གནང་སྟེ་ཡིག་ཚད་ལོངས་པའི་སློབ་མ་བསྡུ་ལེན་དང་འཛིན་གྲྭ་བཀོད་བསྒྲིགས་སོགས་བྱས།

    ད་ལོར་གསར་ཞུགས་སློབ་མ་མང་བོ་ཞིག་སློབ་གླིང་གི་སློབ་བསྡུའི་ཚད་ཐིག་ཏུ་དངོས་སུ་ལོངས་ནའང་རྒྱབ་ཁབ་རིམ་པའི་སྲིད་ཇུས་ཀྱི་དབང་གིས་སློབ་ཞུགས་བྱེད་མ་ཐུབ་པ་དག་ལ་སློབ་གླིང་གི་དྲ་བའི་གསར་འགོད་པས་ཆེད་དུ་བཅར་འདྲི་བྱས་པར་མ་ཟད།  སློབ་དཔོན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་མཆོག་སྐུ་དངོས་སུ་ཕེབས་ནས་གསལ་བཤད་དང་སེམས་གསོའི་ཞལ་ཏ་གནང་ཡོད།

    རྒྱུགས་ཞུགས་སློབ་མ་༧༠༠ལྷག་གི་ཁྲོད་ནས་སློབ་མ་༢༧༩སློབ་གླིང་འདིར་དངོས་སུ་ཞུགས་ཐུབ་པ་བྱུང་བ་བཅས་ད་ལོའི་ལོ་གཅིག་གི་སློབ་བསྡུའི་རིམ་པ་བདེ་བླག་ངང་མཇུག་གྲུབ་པར་བྱས་སོ།།

     ད་ལོར་སློབ་གླིང་འདིར་ཞུགས་འདོད་ཀྱི་འདུན་པ་སྙིང་ལ་ལྕི་བའི་བོད་མདོ་དབུས་ཁམས་གསུམ་ནས་སླེབས་པའི་གསར་ཞུགས་སློབ་མ་མང་ཙམ་བསྡུ་བའི་ཆེད་དུ་སློབ་མ་རྙིང་བ་བརྒྱ་དང་ལྔ་བཅུ་ལྷག་གིས་རང་རང་གི་ཉལ་ཁང་ཕུད་ནས་གུར་ནང་དུ་གནས་སྤོར།

གསར་ཞུགས་སློབ་མར་མིང་ཐོ་འགོད་ཀྱིན་པ།

     སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་སྟོང་ཕྲག་ལྷག་ལ་སློབ་གླིང་འདིའི་སློབ་གསོའི་ཁ་ཕྱོགས་དང་འབྲེལ་ནས་བོད་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཀྱི་ལམ་སྟོན་གལ་ཆེན་གནང་བ།

རྒྱུགས་ར་དང་བོའི་ཡུལ་ངོས།


རྒྱུགས་ར་གཉིས་པའི་ཡུལ་ངོས།

རྒྱུགས་ར་གསུམ་པའི་ཡུལ་ངོས།

རྒྱུགས་ར་བཞི་བའི་ཡུལ་ངོས།

རྒྱུགས་ར་ལྔ་བའི་ཡུལ་ངོས།

རྒྱུགས་ར་དྲུག་པའི་ཡུལ་ངོས།

རྒྱུགས་ར་བདུན་པའི་ཡུལ་ངོས།

རྒྱུགས་འབྲས་ལ་ལྟ་བཞིན་པ།

རྒྱུགས་འབྲས་ཁྱབ་བསྒྲགས་བྱེད་བཞིན་པ།

          སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་སློབ་གླིང་འདིར་མིང་ཐོ་བཀོད་དེ་མི་ལོ་གཉིས་དང་གསུམ་ལ་རེ་སྒུག་བྱས་ཀྱང་རྐྱེན་དུ་མའི་དབང་གིས་བསྡུ་ལེན་བྱ་མ་ཐུབ་པའི་སློབ་མ་དང་ཁྱིམ་བདག་མང་བོར་ཐུགས་གསོ་མཛད་དེ་སྐྱེལ་མ་བྱས་པ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་2018ལོའི་སློབ་མ་གསར་བསྡུའི་གནས་ཚུལ།   སྤེལ་མཁན།:  སྤེལ་དུས:2018/9/9
འཇིགས་མེད་རྒྱལ་མཚན་ངོ་སོ་བསྟོད།
  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་2018ལོའི་སློབ་མ་གསར་བསྡུའི་གནས་ཚུལ།   སྤེལ་མཁན།: གངས་སྦལ། སྤེལ་དུས:2018/9/9
ངའི་མི་རིགས་ཀྱི་རིག་གནས་ངོ་སོ་བསྟོད།
  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་2018ལོའི་སློབ་མ་གསར་བསྡུའི་གནས་ཚུལ།   སྤེལ་མཁན།: རྡོ་བ་ཀླད་གསར། སྤེལ་དུས:2018/9/9
གངས་རིའི་ལྗོངས་ན་སློབ་དཔོན་འཇིགས་མེད་རྒྱལ་མཚན་ལྟ་བུ་རེ་བྱོན་པ་ནི་ང་ཚོ་བསོད་ནམས་ཡིན་ལ། བོད་རིགས་ཆོལ་གསུམ་གྱི་མདུན་ལམ་ཡང་ཡིན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23539389
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།