རྭ་རྒྱ་ཙན་འགུ་སྡེ་བས་དམངས་སྒོར་ཁྲི་ལྔ་བཅུ་ང་བཞི་ལྷག་ཞལ་འདེབས་ཕུལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »རྭ་རྒྱ་ཙན་འགུ་སྡེ་བས་དམངས་སྒོར་ཁྲི་ལྔ་བཅུ་ང་བཞི་ལྷག་ཞལ་འདེབས
རྭ་རྒྱ་ཙན་འགུ་སྡེ་བས་དམངས་སྒོར་ཁྲི་ལྔ་བཅུ་ང་བཞི་ལྷག་ཞལ་འདེབས་ཕུལ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-09-08ལྟ་ཀློག (9136)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མའི་མལ་ཁང་

གསར་བཞེངས་ཐད་རྭ་རྒྱ་ཙན་འགུ་སྡེ་བས་

དམངས་སྒོར་ཁྲི་ལྔ་བཅུ་ང་བཞི་ལྷག་

ཞལ་འདེབས་ཕུལ་བ།

      དེ་རིང་སྟེ་སྤྱི་ལོ་2018 ལོའི་སྤྱི་ཟླ་9ཚེས་8 ཉིན་གྱི་ཞོགས་པར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་མི་ཚོགས་མང་བོས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་འདུག་ལ། སློབ་གྲྭའི་དགེ་རྒན་དང་ལས་བཟོ་བ་ཚང་མ་ཡང་བྲེལ་ཟིང་ངང་ད་ལོའི་གསར་ཞུགས་སློབ་མའི་རྒྱུགས་ལེན་གྱི་ལས་ལ་ཁོམ་གྱིན་མི་འདུག  ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་གསར་ཞུགས་སློབ་མ་དང་ཁྱིམ་བདག་མང་བོས་སློབ་གྲྭའི་ཕྱི་ནང་ཡོངས་སུ་གཏམས་པའི་ངང་ཚུལ་འདིས། མ་གཞི་གནས་འདི་ནས་ཁོ་ཚོས་ཅི་ཞིག་བོར་སོང་བ་ནང་བཞིན་འཚབ་འཚུབ་ཀྱི་རྣམ་པས་མིག་ཟུང་ཧྲིག་ཧྲིག་གིས་འཚོལ་བཞིན་པར་སྣང་།

    དེ་ནས་ཅུང་ཙམ་འགོར་རྗེས་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ཙན་འགུ་སྡེ་བའི་འགོ་ཁྲིད་གཙོས་མི་སྣ་སྐོར་ཞིག་ཆེད་ཕེབས་ཀྱིས་ངེད་སྡེ་བའི་མང་ཚོགས་ཡོངས་ཀྱིས་མ་བགྲོས་གཅིག་མཐུན་གྱི་སྒོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མའི་མལ་ཁང་གསར་བཞེངས་ཀྱི་ཞལ་འདེབས་སུ་དམངས་སྒོར་ཁྲི་ལྔ་བཅུ་ང་བཞི་དང་དྲུག་སྟོང་དྲུག་བརྒྱ་དྲུག་ཅུ་རེ་དྲུག་༼546666༽འབུལ་རྒྱུར་མོས་མཐུན་བྱུང་བ་ཡིན་ཞེས་དེ་རིང་དངོས་སུ་སྒོར་མོ་བསྐྱལ་ཏེ་འོང་བ་རེད།  འདི་ནི་སྤྱིར་བཏང་གི་འབྲོག་སྡེ་ཆུང་ཆུང་འདིས་བོད་ཀྱི་སློབ་གསོ་བ་ཁོང་གི་རླབས་ཆེན་གྱི་བྱ་གཞག་མཐའ་དག་དང་། སྒོས་སུ་བོད་གངས་ཅན་གྱི་སློབ་གསོ་ལ་ཕུལ་བའི་སེམས་འདུན་དྲོད་མོ་ཞིག་ཡིན་པ་སྨྲོས་ཅི་དགོས།   དེ་བས་གཞི་རིམ་མང་ཚོགས་ཀྱིས་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བ་འདིས་ཀྱང་བོད་ཀྱི་བྱིས་པ་རྣམས་ཤེས་རིག་གི་རྨོངས་གཉིད་ལས་གྲོལ་ཞིང་དམ་པ་ཁོང་གི་ཐུགས་བཞེད་མཐའ་དག་གེགས་མེད་ལྷུན་གྲུབ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད་པ་ལགས་སོ། ། བཀྲ་ཤིས་པར་གྱུར་ཅིག །

རྭ་རྒྱ་ཙན་འགུ་སྡེ་བས་དམངས་སྒོར་ཁྲི་ལྔ་བཅུ་ང་བཞིའི་ཞལ་འདེབས་ཕུལ་བ།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་དང་ཙན་འགུ་སྡེ་བའི་འཐུས་ཚབ་མི་སྣའི་མཉམ་པར།

 གསར་འགྱུར་མཁོ་སྤྲོད་པ།  འབྲོག་མིའི་སྣང་གསལ་ཚོགས་པས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 4 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྭ་རྒྱ་ཙན་འགུ་སྡེ་བས་དམངས་སྒོར་ཁྲི་ལྔ་བཅུ་ང་བཞི་ལྷག་ཞལ་འདེབས་ཕུལ་བ།   སྤེལ་མཁན།: རྡོ་བ་ཀླད་གསར། སྤེལ་དུས:2018/9/9
གདས་ཅན་པའི་སློབ་གསོ་ལ་ཁ་ཞགས་སྣོན་མཁན་ཚོ་བཀའ་དྲིན་ཆེ།
  རྭ་རྒྱ་ཙན་འགུ་སྡེ་བས་དམངས་སྒོར་ཁྲི་ལྔ་བཅུ་ང་བཞི་ལྷག་ཞལ་འདེབས་ཕུལ་བ།   སྤེལ་མཁན།: སྙིང་ལྕགས་ཚེ་རིང་། སྤེལ་དུས:2018/9/9
ལྷ་ཁང་འདུ་ཁང་བཞེང་ནའང་བཟང་ཡང་། གཙོ་བོར་བོད་རིག་པའི་སློབ་གླིང་འདི་འདྲ་ཞིག་བཞེང་བསྐྲུན་གི་ཞལ་འདེབས་ཕུལ་བ་ནི་ཕྱི་རབ་བུ་རྒྱུད་དང་མི་རིག་ལ་ཧ་ཅང་ཕན་པའི་དོན་བཟང་ཞིག། ཙན་འགུ་སྡེ་བའི་ཅི་བསམ་དོན་གྲུབ་ཤོག།
  རྭ་རྒྱ་ཙན་འགུ་སྡེ་བས་དམངས་སྒོར་ཁྲི་ལྔ་བཅུ་ང་བཞི་ལྷག་ཞལ་འདེབས་ཕུལ་བ།   སྤེལ་མཁན།:  ང སྤེལ་དུས:2018/9/9
བོད་ཀྱི་ཤེས་རིག་སློབ་གསོ་ཐད་ལ་འཕྱར་བ་གྲུ་འདེགས་གནང་བ་ཧ་ཅང་ཡག
  རྭ་རྒྱ་ཙན་འགུ་སྡེ་བས་དམངས་སྒོར་ཁྲི་ལྔ་བཅུ་ང་བཞི་ལྷག་ཞལ་འདེབས་ཕུལ་བ།   སྤེལ་མཁན།: བྱ་ཁུ་ལོ། སྤེལ་དུས:2018/9/8
ཙན་འགུ་སྡེ་བར་ཐུགས་རྗེ་ཆེ། ཁྱེད་ཚོ་ནི་གཞི་རིམ་ན་འོད་དུ་འཚེར་བའི་གསེར་ངོ་མ་རེད། ལྷད་ཀྱིས་མ་གོས་པའི་གསེར་ངོ་མ་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23505425
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།