བྲིས་པ་ལྷུན་འགྲུབ་རྒྱ་མཚོའི་ཤེར་སྙིང་གསེར་བྲིས་མ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »བྲིས་པ་ལྷུན་འགྲུབ་རྒྱ་མཚོའི་ཤེར་སྙིང་གསེར་བྲིས་མ།
བྲིས་པ་ལྷུན་འགྲུབ་རྒྱ་མཚོའི་ཤེར་སྙིང་གསེར་བྲིས་མ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-09-06ལྟ་ཀློག (9172)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

བྲིས་པ་ལྷུན་འགྲུབ་རྒྱ་མཚོའི་ཤེར་སྙིང་གསེར་བྲིས་མ།

    གུས་པ་ལྷུན་གྲུབ་རྒྱ་མཚོ་ནི་༡༩༨༩ལོར་རྔ་བ་རྫོང་རྔ་སྨད་དགེ་ལི་སྡེ་བའི་བྲིས་པའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས། ཆུང་དུས་ནས་བྲིས་ལ་མཁས་པའི་དབོན་པོ་ཀུན་བྷེ་ལགས་ཀྱི་མཛུབ་ཁྲིད་བཟང་བོས་ཡིག་གཟུགས་ལ་དགའ་བའི་གོམས་གཤིས་ཟབ་མོ་བཞག  སློབ་ཆུང་མཐར་ཕྱིན་རྗེས་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་ཐུན་མོང་རིག་གནས་ལ་སློབ་སྦྱོང་བྱེད་ཁུལ་བྱས།  ཉིས་སྟོང་བརྒྱད་ནས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཏེ་སློབ་གྲྭ་སྤྱིའི་སྒྲིག་འཛིན་པ་དང་འཛིན་གྲྭའི་རྩོམ་སྒྲིག་པ་སོགས་ཀྱི་འགན་འཁུར་བ་དང་སློབ་གྲྭ་སྤྱིའི་རྩོམ་རིག་གི་སྡིངས་ཆ་གལ་ཆེན་གསེར་སྨྱུག་རྟགས་མའི་རྩོམ་རིག་བྱ་དགའ་སོགས་འབྲས་ལེགས་སློབ་མའི་གཟེངས་རྟགས་མང་དུ་ཐོབ། ཉིས་སྟོང་བཅུ་གསུམ་ལོ་ནས་བོད་ཀྱི་ཡིག་གཟུགས་ཆེད་སྦྱོང་གི་ལམ་དུ་ཞུགས་ཏེ་མཚོ་སྔོན་དང་ལྷ་ས། གཙང་བཀྲ་ཤིས་ལྷུན་པོ། ཆབ་མདོ་སྟེང་ཆེན་རྫོང་སོགས་བོད་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་མཁས་ཆེན་མང་པོའི་མདུན་སར་ཆེད་བཅར་གྱིས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་དྲི་མ་མེད་པར་འབྲི་སྦྱོང་ལྷོད་མེད་བྱས་ཤིང་། དགེ་རྒན་ཁོང་རྣམ་པས་ཀྱང་དམིགས་བསལ་ལྟ་སྐྱོང་དང་བསྔགས་བརྗོད། བྲིས་རྒྱུན་གཙང་མ་ཐོབ་པའི་དཔང་ཡིག་ཕྱག་བྲིས་ཐམ་ཀ་སོགས་གནང་། ད་ལྟ་མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་གླིང་གི་ཡིག་གཟུགས་དགེ་རྒན་དང་འཛམ་གླིང་གི་ཆེས་ཆེ་བའི་གསེར་བྲིས་གླེགས་བམ་གླང་རྒྱབ་མའི་དབུ་མཛད་ཆེན་མོའི་འགན་ཁུར་བའི་ཞོར་དུ་སློབ་མ་མང་པོ་སྐྱེད་སྲིང་བྱས་དང་བྱེད་མུས་སུ་ཡོད། སློབ་མ་རྣམས་ཀྱིས་ཀྱང་ཡུལ་ཤུལ་གསེར་སྒྲུང་གླིང་དང་ཁྲིན་ཏུའུ་པདྨ་གསེར་བྲིས་ཁང་། ཐོན་མིའི་གསེར་བྲིས་ཁང་། རེབ་གོང་བཀའ་བསྟན་གསེར་བྲིས་ཁང་། དཀར་མཛེས་གསེར་བྲིས་ཁང་སོགས་ཁམས་དང་ཨ་མདོའི་ས་ཆ་སོ་སོ་ནས་གསེར་བྲིས་གཙོས་པའི་རིག་གནས་ཤུལ་བཞག་གི་ལས་ལ་འབད་མུས་ལགས་ཤིང་།  གུས་པ་རང་གིས་ཀྱང་དབུ་ཅན་སྙེ་བྲིས་དང་སྨོན་ལམ་ཡིག་གཟུགས། གཞུང་བྲིས་ཚུགས་རིང་དང་ཚུགས་ཐུང་། འབྲུ་ཚ། གཙང་བྲིས་ལན་ཝར་སོགས་ཀྱིས་གསེར་བྲིས་སྣ་ཚོགས་བཞེངས་བཞིན་མཆིས་སོ། ། དམིགས་བསལ་གྲུབ་འབྲས་ཀྱི་ཆ་མདོ་ཙམ་ཞུས་ན། སྙེ་བྲིས་ཀྱི་སྨྱུག་འགྲོས་སྙན་ཐུང་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲྭ་བའི་ཆེད་མཁས་དཔྱད་འདེམས་པས་ཚད་ལྡན་དཔྱད་ཞིབ་བརྒྱུད་དྲྭ་ལམ་དཔེ་ཁྲིད་ཀྱི་གྲས་སུ་བདམས། ཀྲུང་གོ་བོད་ཀྱི་དྲྭ་བ་དང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཨ་མདོ་བརྙན་འཕྲིན་ཁང་གི་ཁ་བའི་ཞབས་རྗེས་ཀྱི་ལེ་ཚན་སོགས་སུ་གདན་ཞུས་ལྟར་ཡིག་གཟུགས་སྐོར་གྱི་དྲི་བ་དྲིས་ལན་དང་རང་གི་བསམ་ཚུལ་བརྗོད། གཅན་ཚ་རྫོང་གི་སྐབས་གཉིས་པའི་ཡིག་གཟུགས་འགྲན་སྡུར་སྐབས་སྙེ་བྲིས་མཁས་པ་ཨང་དང་པོའི་བྱ་དགའ་ཐོབ།  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་ཀྱིས་ཡུལ་མདོ་སྨད་ཀྱི་སྙེ་བྲིས་ཡིག་མཁན་ཞེས་པའི་མིང་གི་ཆོ་ལོ་བསྩལ་གནང་མཛད་པ་སོགས་གྲུབ་འབྲས་ཅུང་སྨིན་དང་སྨིན་བཞིན་པ་ལགས་སོ།།

བྲིས་པ་ལྷུན་འགྲུབ་རྒྱ་མཚོའི་ཤེར་སྙིང་གསེར་བྲིས་མ།

བྲིས་པ་ལྷུན་འགྲུབ་རྒྱ་མཚོའི་ཤེར་སྙིང་གསེར་བྲིས་མ།

བྲིས་པ་ལྷུན་འགྲུབ་རྒྱ་མཚོའི་ཤེར་སྙིང་གསེར་བྲིས་མ།


བྲིས་པ་ལྷུན་འགྲུབ་རྒྱ་མཚོའི་ཤེར་སྙིང་གསེར་བྲིས་མ།

བྲིས་པ་ལྷུན་འགྲུབ་རྒྱ་མཚོའི་ཤེར་སྙིང་གསེར་བྲིས་མ།

བྲིས་པ་ལྷུན་འགྲུབ་རྒྱ་མཚོའི་ཤེར་སྙིང་གསེར་བྲིས་མ།

བྲིས་པ་ལྷུན་འགྲུབ་རྒྱ་མཚོའི་ཤེར་སྙིང་གསེར་བྲིས་མ།

བྲིས་པ་ལྷུན་འགྲུབ་རྒྱ་མཚོའི་ཤེར་སྙིང་གསེར་བྲིས་མ།

བྲིས་པ་ལྷུན་འགྲུབ་རྒྱ་མཚོའི་ཤེར་སྙིང་གསེར་བྲིས་མ།

ལྷུན་འགྲུབ་རྒྱ་མཚོས་གསེར་བྲིས་འབྲི་བཞིན་པའི་རྣམ་པ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nkcq བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23506563
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།