ཀླུ་ཆུ་རྫོང་བོད་སྨན་ཁང་གིས་གཞི་རིམ་བོད་སྨན་ཤེས་ལྡན་མི་སྣ་གསོ་སྐྱོང་འཛིན་གྲྭ་བསྒྲུབས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ཀླུ་ཆུ་རྫོང་བོད་སྨན་ཁང་གིས་གཞི་རིམ་བོད་སྨན་ཤེས་ལྡན་མི་སྣ་གསོ
ཀླུ་ཆུ་རྫོང་བོད་སྨན་ཁང་གིས་གཞི་རིམ་བོད་སྨན་ཤེས་ལྡན་མི་སྣ་གསོ་སྐྱོང་འཛིན་གྲྭ་བསྒྲུབས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-09-02ལྟ་ཀློག (5039)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།།ཀླུ་ཆུ་རྫོང་བོད་ལུགས་སྨན་ཁང་གིས་གཞི་རིམ་བོད་སྨན་ཤེས་ལྡན་མི་སྣ་གསོ་སྐྱོང་འཛིན་གྲྭ་བསྒྲུབས་པ།

      སྤྱི་ལོ་༢༠༡༨ལོའི་ཟླ་༨པའི་ཚེས་༣༠ཉིན་ནས་ཟླ་༩པའི་ཚེས་༡བར་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་བོད་ལུགས་སྨན་ཁང་གིས་ཀན་སུའུ་ཞིང་ཆེན་ཉིས་སྟོང་བཅུ་བདུན་ལོའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་གཞིའི་རྣམ་གྲངས་གཞི་རིམ་བོད་སྨན་ཤེས་ལྡན་མི་སྣ་གསོ་སྐྱོང་འཛིན་གྲྭ་བསྒྲུབས།

       བོད་ཀྱི་གསོ་བ་རིག་པ་ནི་མེས་པོ་བཀའ་དྲིན་ཅན་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་བྱུང་ཞིང་ལོ་རྒྱུས་དུས་ཡུན་རིང་ཞིང་རྣམ་པ་རྒྱ་ཆེ་བ།  ནང་དོན་གཏིང་ཟབ་ཅིང་མ་ལག་ཆ་ཚང་བ་ཞིག་ཡིན་པས།   མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་བའི་བརྒྱུད་རིམ་ཁྲོད་མི་ན་བ་གནས་པ་དང་ན་བ་གསོ་བར་ནུས་པ་ཆེ་ཆེར་ཐོན་ཡོད་མོད།   ད་སྔ་ཀླུ་ཆུའི་ས་ཁུལ་གྱི་གཞི་རིམ་དུ་རང་རྐྱ་འཕེལ་བའི་བོད་སྨན་ཤེས་ལྡན་མི་སྣ་དཀོན་སྟབས། གཞི་རིམ་མང་ཚོགས་ལ་བོད་སྨན་གྱིས་གསོ་བཅོས་སྤྲོད་པའི་གོ་སྐབས་ཉུང་བར་གཞིགས་ཏེ།  ཀླུ་ཆུ་རྫོང་ཨུ་རྩ་འཛུགས་པུའུ་ཡིས་གཙོ་བསྒྲུབས་དང་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཅུའུ་ཡིས་རོགས་བསྒྲུབས་བྱས་པ། ཀླུ་ཆུ་རྫོང་བོད་ལུགས་སྨན་ཁང་གིས་དངོས་སུ་བསྒྲུབས་པའི་གཞི་རིམ་བོད་སྨན་ཤེས་ལྡན་མི་སྣ་གསོ་སྐྱོང་ཟབ་སྦྱོང་འཛིན་གྲྭ་ཀླུ་ཆུ་རྫོང་བོད་ལུགས་སྨན་ཁང་དུ་བསྡུས། འདིར་རྫོང་རིམ་པའི་སྨན་ཁང་སོ་སོའི་བོད་སྨན་སྨན་པ་དང་གཞི་རིམ་སྨན་ཁང་གི་འགོ་གཙོ་དང་རྐང་འཛིན་སྨན་པ། སྡེ་བའི་འཕྲོད་བསྟེན་ཁང་གི་སྨན་པ། དེ་མིན་ཐེ་བོ་རྫོང་བོད་སྨན་ཁང་དང་། རྨ་ཆུ་རྫོང་བོད་སྨན་ཁང་གི་སྨན་པ།  ཀླུ་ཆུ་རྫོང་ཉེ་འཁོར་གྱི་དགོན་པ་ཁ་ཤས་ཀྱི་སྨན་ཁང་ནས་ཕེབས་པའི་སྨན་པ་བཅས་མི་བརྒྱ་དང་བཞི་བཅུ་ལྷག་ཞུགས།

      ཐེངས་འདིའི་གསོ་སྐྱོང་མཛད་སྒོར་རྫོང་བོད་ལུགས་སྨན་ཁང་གི་སྨན་པ་འབུམ་གཞོན་པའམ་འགོ་གཙོ་གཞོན་པ་མཁའ་འགྲོ་སྐྱབས་ཀྱིས་མདོ་འཛིན་མཛད་པ་དང་།  འགོ་གཙོ་སྒྲོལ་མ་སྐྱབས་ཀྱིས་ཤིས་ཚིག་ཕུལ། དེར་མཐུད་རྫོང་ཨུ་རྩ་འཛུགས་པུའུ་ཡི་ཀྲོའུ་རིན་གཞོན་པ་ཉོའུ་ཡིས་ཚེ་ཡིས་ཐེངས་འདིའི་གསོ་སྐྱོང་འཛིན་གྲྭ་སྒྲུབ་པའི་དགོས་པ་དང་དམིགས་ཡུལ་ཕྱོགས་ལ་གལ་ཆེའི་གཏམ་བཤད་གནང་བ་དང་། རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཅུའུ་ཡི་འགོ་གཙོ་མཱ་ཧོང་ཀང་གིས་བོད་སྨན་གྱི་ད་སྔའི་གནས་བབ་དང་མ་འོངས་འཕེལ་རྒྱས།  མི་སྣ་གསོ་སྐྱོང་ཕྱོགས་ལ་གལ་ཆེའི་གཏམ་བཤད་གནང་།

     དེ་རྗེས་ཀན་སུའུ་ཞིང་ཆེན་ཀྲུང་ལུགས་གསོ་རིག་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོའམ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ལྷ་མོ་སྐྱབས་ལགས་ཀྱིས་བོད་ལུགས་གསོ་བ་རིག་པའི་དཔྱད་བཅོས་ཀྱི་ནད་ཐོག་ལག་ལེན་དང་རིན་ཐང་སོགས་རང་ཉིད་ཀྱི་ཉམས་མྱོང་དང་སྦྲགས་ཏེ་འཆད་ཁྲིད་གནད་ལ་ཁེལ་བ་གནང་བ་དང་།  ཀན་ལྷོ་ཁུལ་སྨན་རྩིས་ཁང་གི་འབུམ་རམས་པ་རྒན་མགོན་པོ་སྐྱབས་ལགས་ཀྱིས་སྡེ་དགེ་བླ་སྨན་ཆོས་གྲགས་རྒྱ་མཚོས་མཛད་པའི་སྨན་ནད་སྤྲོད་པའི་ཉམས་ཡིག་ཅེས་པ་ཁ་གསལ་གོ་བདེ་ཡི་སྒོ་ནས་འཆད་ཁྲིད་གསོན་ཉམས་ལྡན་པ་གནང་།


ཟབ་སྦྱོང་གི་ཡུལ་དངོས།


     ༢༠༡༨ལོའི་ཟླ་༩་བའི་ཚེས་༡ཉིནགྱི་་ཕྱི་དྲོར་རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཅུའུ་ཡི་འགོ་གཙོ་མཱ་ཧོང་ཀང་གིས་རྗེས་ཕྱོགས་མུ་མཐུད་ནས་གཞི་རིམ་བོད་སྨན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་གཞི་བསྒྲུབ་པའི་འཆར་གཞི་བཏོན་པ་དང་རྫོང་བོད་སྨན་ཁང་གི་ཧྲུའུ་ཅི་བསོད་ནམས་དབང་རྒྱལ་གྱིས་མཇུག་བསྡུའི་ཕྱོགས་བསྡོམས་གཏམ་བཤད་གནང་སྟེ་བདེ་ལེགས་ངང་མཇུག་སྒྲིལ།


གསར་འགོད་པ།  རྒྱ་འདུ་སངས་རྒྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtl0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532089
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།