གངས་ལྗོངས་གཅེས་ནོར་ལ་ཕུལ་བྱུང་ཐོན་རྫས་ཀྱི་གཟེངས་རྟགས་ཐོབ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» གངས་ལྗོངས་གཅེས་ནོར། »གངས་ལྗོངས་གཅེས་ནོར་ལ་ཕུལ་བྱུང་ཐོན་རྫས་ཀྱི་གཟེངས་རྟགས་ཐོབ།
གངས་ལྗོངས་གཅེས་ནོར་ལ་ཕུལ་བྱུང་ཐོན་རྫས་ཀྱི་གཟེངས་རྟགས་ཐོབ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-08-30ལྟ་ཀློག (15059)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་གཅེས་ནོར་ལ་ཕུལ་བྱུང་ཐོན་རྫས་ཀྱི་གཟེངས་རྟགས་ཐོབ།

      2018.8.25 ཉིན་ཁམས་བྲག་འགོ་རྫོང་མི་རིགས་མཉམ་སྒྲུབ་ཚོང་སྡེའི་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་དང་བོད་ཁུལ་མཉམ་སྒྲུབ་ཚོང་སྡེ་གླེང་སྟེགས་སྐབས་ལྔ་བ་གཟབ་རྒྱས་ངང་འཚོགས།  ཐེངས་འདིའི་བགྲོ་གླེང་གི་རྩ་འཛུགས་པ་བྲག་འགོའི་སྲིད་གཞུང་དང་མཐུན་སྦྱོར་གཙོ་གཉེར་བ་མཁར་གསར་དགེ་ལེགས་མཆོག   གདན་ཞུའི་ཆེད་མཁས་པ་སློབ་དཔོན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ཚང་དང་།   དགེན་ཚེ་ཕྲུག དགེན་ཚེ་རིང་རྡོ་རྗེ།   དགེན་གངས་ཞུན།   དགེན་པདྨ་བསྟན་འཛིན། དགེན་དབྲ་ཁྱུང་དཔལ་བཟང་བཅས་ཀྱི་མཛུབ་སྟོན་འོགཡུན་ནན་དང་ཀན་སུའུ།  སི་ཁྲོན་དང་མཚོ་སྔོན་བཅས་ཀྱི་མཉམ་སྒྲུབ་ཚོང་སྡེ་དང་ཁེ་ལས་ཉིས་བརྒྱ་ལྷག་བགྲོ་གླེང་གླེང་སྟེགས་སུ་གདན་འཛོམས་བྱུང་།  ཚེས་ཉེར་ལྔ་ཉིན་གདན་ཞུའི་ཆེད་མཁས་པ་མང་བོས་མཉམ་སྒྲུབ་ཚོང་སྡེ་འཕེལ་རྒྱས་ཀྱི་ཐད་དུ་མཛུབ་སྟོན་གང་མང་གནང་།  ཁྱད་པར་དུ་བོད་ཀྱི་ཆེས་ཐོག་མའི་མཉམ་སྒྲུབ་ཚོང་སྡེ་སྒྲུབ་སྐུལ་གནང་མཁན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས།  མཉམ་སྒྲུབ་ཚོང་སྡེ་ལ་ངེས་པར་ཚང་དགོས་པ་ཡན་ལག་ལྟ་བུའི་ཆ་རྐྱེན།  མེད་དུ་མི་རུང་བའི་རྣོ་ལྕགས་ལྟ་བུའི་སྒྲིག་གཞི།  མིག་སྔར་གྱི་གནས་བབས་ལ་དབྱེ་ཞིབ།མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བོར་སྟོན་པ་སོགས་ཀྱི་ཐད་ནས་གཏམ་བཤད་གལ་ཆེན་གནང་།  ཚེས་ཉེར་དྲུག་ཉིན་ངེད་གངས་ལྗོངས་གཅེས་ནོར་མཐུན་གཉེར་ཁང་གི་སྤྱི་གཉེར་བ་པདྨ་མཁའ་འགྲོས་འཁོར་གཉེར་འཕེལ་རྒྱས་ལས་འཕྲོས་ཏེ། གངས་ལྗོངས་གཅེས་ནོར་འོ་ལས་ཀྱི་ཐུན་མིན་གྱི་ཐོན་རྫས་གསར་སྤེལ་བྱེད་ཚུལ།  འཐབ་ཇུས་ཀྱི་ཚོང་ར་བཀོད་སྒྲིག་བྱེད་སྟངས། ཁྱད་པར་དུ་ཁེ་ལས་དང་མཉམ་སྒྲུབ་ཚོང་སྡེ་འབྲོག་ཁྱིམ་སུམ་འབྲེལ་མཉམ་སྐྱོད་ནི་འབྲོག་ཁུལ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཁྱད་ཆོས་ལྡན་པའི་ཐབས་ལམ་གསར་བ་ཞིག་ཡིན་པ་མ་ཟད།  ཁེ་ལས་ཀྱི་སྤྱི་ཚོགས་ཕན་འབྲས་ཇེ་མཐོར་གཏོང་བ་དང་དབུལ་ཐར་ཕྱུག་འགྱུར་གྱི་ཆེས་མཆོག་ཏུ་གྱུར་བའི་བྱེད་ཐབས་ཉག་གཅིག་ཡིན་ཚུལ་གྱིས་ཁེ་ལས་དང་མཉམ་སྒྲུབ་ཚོང་སྡེ་ལ་སྐུལ་སློང་དང་འགྲེལ་བཤད་བྱས་ཏེ་ཆེད་མཁས་པ་མང་བོས་དགའ་བསུ་ཐོབ།  ཚེས་ཉེར་བདུན་ཉིན་གངས་ལྗོངས་གཅེས་ནོར་དང་།བལ་དཀར་ཁ་བཏགས།ནོར་ལྷ།  མཐོ་སྒང་ནས་ནགརྫི་བོ།དྲིལ་བུ་བསྟན་པ་ཚེ་རིང་།  གཡག་རྒྱལ་པོ་སོགས་ཀྱིས་ཐོན་རྫས་རེ་རེའི་བྲོ་བ་དང་ཕན་ནུས།མཚོན་དོན་དང་ལོ་རྒྱུས་ཆ་ཚང་རེ་ངོ་སྤྲོད་བྱས་ཏེ།སྲིད་གཞུང་གི་འགོ་ཁྲིད་ཀྱིས་བསྟོད་བསྔགས་དང་ཁེ་ལས་པ་མང་བོས་གདེངས་འཇོགམི་དམངས་འཛད་སྤྱོད་པས་ཡིད་ཆེས་ཀྱིས་དགའ་བསུ་བྱས་ཏེ།  ཐེངས་འདིའི་བོད་ཁུལ་མཉམ་སྒྲུབ་ཚོང་སྡེ་གླེང་སྟེགས་སྐབས་ལྔ་བའི་ཕུལ་བྱུང་ཐོན་རྫས་ཀྱི་གཟེངས་རྟགས་གངས་ལྗོངས་གཅེས་ནོར་ལ་ཐོབ།མཐར་ཁམས་བྲག་འགོ་རྫོང་མི་རིགས་མཉམ་སྒྲུབ་ཚོང་སྡེའི་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་དང་བོད་ཁུལ་མཉམ་སྒྲུབ་ཚོང་སྡེ་གླེང་སྟེགས་སྐབས་ལྔ་བ་བདེ་ལེགས་ངང་ལམ་ལྷོང་བྱུང་བས་ཐེངས་རྗེས་མའི་བགྲོ་གླེང་ཀན་ལྷོ་རྩྭ་ཐང་དུ་འཛོམས་པའི་དུས་བཅད་དང་མཉམ་དུ་ཚོགས་འདུ་ཡོངས་སུ་མཇུག་སྒྲིལ།

ཁམས་བྲག་འགོ་རྫོང་མི་རིགས་མཉམ་སྒྲུབ་ཚོང་སྡེའི་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་གཟབ་རྒྱས་ངང་འཚོགས།

རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་མཉམ་སྒྲུབ་ཚོང་སྡེ་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་སོགས་ངོ་སྤྲོད་གནང་བ།

གངས་ལྗོངས་གཅེས་ནོར་རྟགས་ཅན་གྱི་སྤྱི་ཁྱབ་འགན་འཛིན་པ་པདྨ་མཁའ་འགྲོ་ལགས་ཀྱིས་ཐོན་རྫས་ངོ་སྤྲོད་གནང་བ།

ཚོགས་རའི་ཡུལ་དངོས།

ཐེངས་འདིའི་བོད་ཁུལ་མཉམ་སྒྲུབ་ཚོང་སྡེ་གླེང་སྟེགས་སྐབས་ལྔ་བའི་ཕུལ་བྱུང་ཐོན་རྫས་ཀྱི་གཟེངས་རྟགས་གངས་ལྗོངས་གཅེས་ནོར་ལ་ཐོབ་པ།

ཕུལ་བྱུང་ཐོན་རྫས་ཀྱི་གཟེངས་རྟགས།

ཚོགས་ཞུགས་མི་སྣའི་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ། པདྨ་མཁའ་འགྲོ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c92g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23501450
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།