གཡོན་གཞིས་སྡེ་བས་སྒོར་ཁྲི་དྲུག་ཅུ་རེ་བདུན་ལྷག་རྭ་རྒྱའི་སློབ་གྲྭར་ཞལ་འདེབས་ཕུལ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 19 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »གཡོན་གཞིས་སྡེ་བས་སྒོར་ཁྲི་དྲུག་ཅུ་རེ་བདུན་ལྷག་རྭ་རྒྱའི་སློབ་
གཡོན་གཞིས་སྡེ་བས་སྒོར་ཁྲི་དྲུག་ཅུ་རེ་བདུན་ལྷག་རྭ་རྒྱའི་སློབ་གྲྭར་ཞལ་འདེབས་ཕུལ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-08-18ལྟ་ཀློག (13133)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གཡོན་གཞིས་སྡེ་བས་དམངས་སྒོར་ཁྲི་དྲུག་ཅུ་རེ་བདུན་ལྷག་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཞལ་འདེབས་ཕུལ་བ།


       ད་ལོར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་ཁང་དང་ལུས་རྩལ་ཐང་ཆེན།  སློབ་མའི་ཟ་ཁང་དང་ཉལ་ཁང་། དགེ་རྒན་དང་ལས་བཟོ་བའི་ཉལ་ཁང་བཅས་ཅུང་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་ཞིག་བྱེད་བཞིན་ཡོད་པས་སློབ་གྲྭའི་ངོས་ནས་དཀའ་ཁག་ཆེ་བའི་ལོ་ཟླ་ཞིག་ཡིན་ཞེས་བཤད་ཆོག་ཀྱང་། སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་ལྷག་བསམ་ཅན་རྣམས་དང་།  ཐེབས་རྩ་ཚོགས་པ་སོགས་ཀྱིས་མི་རིགས་སློབ་གསོའི་ལས་དོན་འདི་ལ་དཀར་ཐིགས་སློང་བ་ཙམ་མ་ཡིན་པར་དངོས་ཤུགས་བརྒྱུད་གསུམ་ནས་ཞལ་འདེབས་རོགས་དངུལ་ཕུལ་ཏེ་རྒྱབ་སྐྱོར་བླ་མེད་བྱེད་བཞིན་པའི་སྐབས་འདིར།

       མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་ཁོངས་གཏོགས་གཡོན་གཞིས་སྡེ་བའི་ཕ་ཡུལ་སྤུན་ཟླའི་སྟོབས་ཤུགས་མཉམ་དུ་བསྡུས་ནས་སྤྱི་ལོ་2018ལོའི་སྤྱི་ཟླ་8པའི་ཚེས་18ཉིནགངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གསོའི་ལས་དོན་རླབས་པོ་ཆེའི་ནང་དམངས་སྒོར་ཁྲི་672711ཞལ་འདེབས་སུ་ཕུལ་ཡོད།

      གཡོན་གཞིས་སྡེ་བར་མཚོན་ན་ཞལ་འདེབས་འདི་ནི་མེ་ཏོག་ཆུང་ཡང་མཆོད་རྫས་དང་གུར་ཀུམ་ཉུང་ཡང་སྨན་རྫས་ཞེས་པའི་དཔེ་ལྟར་བོད་ཀྱི་སློབ་གསོ་སྤྱི་དང་ཁྱད་པར་དུ་རླབས་ཆེན་གྱི་སྐྱེས་བུ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ཁོང་གིས་སྐུ་ཚེ་མི་རིགས་སློབ་གསོར་བསྟིམས་པའི་ཐུགས་བཞེད་འགྲུབ་པའི་རྒྱུར་འགྲོ་བ་དང་། ཁོང་གི་སྐུ་ཚེ་བརྟན་ཅིང་ཐུགས་དགྱེས་པའི་མཆོད་སྤྲིན་ཞིག་གི་དོད་དུ་ཕུལ་བ་ཡིན་ཞེས་ལྷག་བསམ་དག་པས་ཞལ་འདེབས་ཀྱི་གསལ་བཤད་བྱས་ཡོད།

གཡོན་གཞིས་སྡེ་བའི་འཐུས་ཚབ་པ་སློབ་གྲྭར་འབྱོར་བ།

གཡོན་གཞིས་སྡེ་བས་ཞལ་འདེབས་འབུལ་བཞིན་པ།

ཞལ་འདེབས་ཀྱི་སྒོར་མོ།

ཁྱིམ་ཚང་རེ་རེའི་ངོས་ནས་ཞལ་འདེབས་ཕུལ་བའི་རྩིས་ཐོ།

གསར་འགོད་པ། གཡོན་གཞིས་ཁྲོ་རྒྱལ། 


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 6 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གཡོན་གཞིས་སྡེ་བས་སྒོར་ཁྲི་དྲུག་ཅུ་རེ་བདུན་ལྷག་རྭ་རྒྱའི་སློབ་གྲྭར་ཞལ་འདེབས་ཕུལ།   སྤེལ་མཁན།: གཡོན་གཟུངས་ཐར། སྤེལ་དུས:2018/8/30
རྒན་ཁོང་གི་སྐུ་ཚེ་སྐལ་བ་མ་སྟོང་བར་དུ་བརྟན་འགྱུར་ཅིག ཁོང་ནི་དོན་དམ་གྱི་དམ་པ་ཞིག མཐར་རང་སྡེ་བའི་སྡེ་མི་དག་ལ་བཀའ་དྲིན་ཆེ།འདི་ནི་ལག་སྐྱེས་ཙམ་མ་ཡིན་པར་ཡར་རྒྱས་ཀྱི་མཚོན་རྟགས་ཞིག
  གཡོན་གཞིས་སྡེ་བས་སྒོར་ཁྲི་དྲུག་ཅུ་རེ་བདུན་ལྷག་རྭ་རྒྱའི་སློབ་གྲྭར་ཞལ་འདེབས་ཕུལ།   སྤེལ་མཁན།: རྨ་མདུད་གྲོལ། སྤེལ་དུས:2018/8/20
བསམ་བློ་བས་སྣེ་ཁྲིད་དེ་སློབ་གྲྭ་བཙུགས། གཟུ་གནས་དག་དགའ་བས་མྱོས་ཏེ་སློབ་གྲྭར་ཞུགས། གཏོང་ཕོག་ཅན་རབ་ཏུ་དགའ་སྟེ་རྒྱབ་སྐྱོར་བྱས། འདི་བོད་ཀྱི་སློབ་གསོ་ཡར་རྒྱས་སུ་འགྲོ་བའི་རྟགས་མཚན་བཟང་བོ་ཞིག མགོ་ལོག་ཡོངས་རྭ་རྒྱའི་སློབ་གསོ་བ་དང་སྡེ་མི་ལྟ་བུ་ཞིག་ཡིན་ན་མགོ་ལོག་ལ་རེ་བ་ཡོད། བོད་ཁུལ་ཡོངས་ལའང་དེ་དེ་བཞིན་ནོ།། ཡིན་ན་ཡང་འདི་ལྟ་བུའི་སློབ་གསོ་བ་དང་བསམ་བློ་བ་ཟུར་གནས་འཛོམས་ས་ཤིན་ཏུ་དཀའ་འོ།། རྨ་མདུད་གྲོལ་གྱིས།
  གཡོན་གཞིས་སྡེ་བས་སྒོར་ཁྲི་དྲུག་ཅུ་རེ་བདུན་ལྷག་རྭ་རྒྱའི་སློབ་གྲྭར་ཞལ་འདེབས་ཕུལ།   སྤེལ་མཁན།:  སྤེལ་དུས:2018/8/19
མིའི་རིགས་ལ་མཚོན་ན་དཔལ་འབྱོར་གྱིས་སྐབས་རེར་དབུལ་ཀྱང་ཆོག་མོད། ནམ་ཡང་དབུལ་མི་ཉན་པ་ནི་སློབ་གསོ་ཡིན་པས། སློབ་གསོ་ལ་ཤུགས་རྒྱག་པ་ནི་རང་ཉིད་ལ་གཞུགས་ལམ་རྒྱ་ཆེར་བསྐྲུན་པ་ཡིན་པས། ཕྱོགས་གཞན་ཞིག་ནས་བལྟས་ན་ཁྱོད་ཚོ་ནི་ངེས་པ་དོན་གྱི་དམ་པ་ཉིད་དོ།།
  གཡོན་གཞིས་སྡེ་བས་སྒོར་ཁྲི་དྲུག་ཅུ་རེ་བདུན་ལྷག་རྭ་རྒྱའི་སློབ་གྲྭར་ཞལ་འདེབས་ཕུལ།   སྤེལ་མཁན།: འབྲོང་ཨ་དར་ཤ སྤེལ་དུས:2018/8/19
དམངས་ཁྲི་ཕྲག་མང་པོས་རླངས་འཁོར་སྟོབས་ཆེན་དང་རྒྱན་ཆ་གཡུ་བྱུར་ཉོས་ཏེ་མགོ་བོ་དགྱེ་དགྱེ་བྱེད་པ་ལས། མི་རིགས་སློབ་གསོའི་ལས་དོན་དུ་དམངས་སྒོར་ཁྲི་ཕྲག་རེ་འབུལ་ཐུབ་ན་ཚེ་འདིའི་བྱས་རྗེས་དང་ཚེ་ཕྱི་མའི་ཆོས་སུ་འགྲོ་བ་རེད།
  གཡོན་གཞིས་སྡེ་བས་སྒོར་ཁྲི་དྲུག་ཅུ་རེ་བདུན་ལྷག་རྭ་རྒྱའི་སློབ་གྲྭར་ཞལ་འདེབས་ཕུལ།   སྤེལ་མཁན།: སྐུ་དྲིན་ཆེ། སྤེལ་དུས:2018/8/18
སློབ་དཔོན་ལགས། སྐུ་དྲིན་ཆེ། ཉིད་ཀྱི་ཐུགས་སྟོབས་ལས་འཁྲུངས་པའི་ཤེས་རིག་གི་གླིང་ག་ནམ་ཡང་རྒྱལ་གྱུར་ཅིག སློབ་དཔོན་ལགས་རིན་པོ་ཆེ། ཁྱེད་ཀྱི་བཀའ་དྲིན་གཞལ་མཐའ་མེད། སློབ་དཔོན་ལགས། སྐུ་དྲིན་ཆེ།
  གཡོན་གཞིས་སྡེ་བས་སྒོར་ཁྲི་དྲུག་ཅུ་རེ་བདུན་ལྷག་རྭ་རྒྱའི་སློབ་གྲྭར་ཞལ་འདེབས་ཕུལ།   སྤེལ་མཁན།: འཐབ་མོ་བ། སྤེལ་དུས:2018/8/18
མི་རིགས་ཀྱི་ལ་རྒྱ་དང་ཤེས་རིག་གི་ཉིང་བཅུད་ཐུགས་ལ་ལྟེམས་པའི་དགེན་འཇིགས་མེད་རྒྱལ་མཚན་མཆོག་དང་གཡོན་གཞིས་སྡེ་བའི་སྡེ་མི་ཡོངས་བཀའ་དྲིན་ཆེ། སྲོག་འདི་ཇི་སྲིད་འཚོའི་བར་དུ་སྐུ་དྲིན་ནི་བརྗེད་པ་མི་སྲིད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5784717
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号