མན་ཏི་ལའི་རི་མོའི་བརྩམས་ཆོས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »མན་ཏི་ལའི་རི་མོའི་བརྩམས་ཆོས།
མན་ཏི་ལའི་རི་མོའི་བརྩམས་ཆོས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-08-12ལྟ་ཀློག (5627)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མན་ཏི་ལའི་རི་མོའི་བརྩམས་ཆོས།

2018/07/24 10:34

     སྤྱི་ལོ2018ལོའི་ཟླ7པའི་ཚེས18ཉིན་ནི་ཧྥེ་གླིང་ལྷོ་མའི་སྲིད་འཛིན་ཟུར་བ་དང་རིགས་རྒྱུད་དབྱེ་འབྱེད་ལ་ངོ་རྒོལ་བྱེད་མཁན། ཆབ་སྲིད་པ་གྲགས་ཅན་ནལ་སོནམན་ཏི་ལ་༼Nelson Mandela༽འཁྲུངས་ནས་ལོ་ངོ་བརྒྱ་འཁོར་བའི་ཉིན་མོ་ཡིན། དེ་ཡང་མན་ཏི་ལ་ནི་ཧྥེ་གླིང་ལྷོ་མ་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁྲོད་ཧྥེ་གླིང་རིགས་རྒྱུད་ཀྱི་སྲིད་འཛིན་ཆེས་ཐོག་མ་དེ་ཡིན་པ་དང་། ཁོང་གི་ཆབ་སྲིད་ལྟ་བའི་ལོ་རྒྱུས་ལ་ཐམས་ཅད་ཀྱིས་དོ་སྣང་དང་རྒྱུས་ལོན་བྱེད་ཀྱིན་ཡོད་མོད། འོན་ཀྱང་ཁོང་ཉིད་རི་མོ་བ་ཞིག་ཡིན་པ་ཤེས་མཁན་ནི་ཧ་ཅང་ཉུང་། ཉེ་ལམ། རླབས་ཆེ་བའི་དབུ་ཁྲིད་འདི་ལ་གུས་བརྩི་དང་རྗེས་དྲན་བྱེད་སླད། དམ་པ་ཁོང་གི་བུ་མོ་དང་ཚ་མོ་གཉིས་ཀྱིས་མན་ཏི་ལ་གཞིས་ཁྱིམHouse of Mandelaཞེས་པ་ཞིག་གསར་འཛུགས་བྱས་ཤིང་ལོ་རྒྱུས་ཡིག་ཚགས་མཐུན་གཉེར་ཁངWeTransferདང་མཉམ་འབྲེལ་སྒོ་ནས་ཁོང་གི་རི་མོ་དག་འགྲེམས་སྤེལ་བྱས།

     WeTransferཡིག་ཚགས་མཐུན་གཉེར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པRob Aldersonནས་བཤད་དོན། སྔོན་ཆད་ཕྱི་ལ་མ་བཏོན་པའི་བརྩམས་ཆོས་འདི་དག་གིས་ང་ཚོ་ལ་ཡང་བསྐྱར་ལམ་ཁ་གསར་བ་ཞིག་བརྒྱུད་དེ་དུས་རབས་ཉི་ཤུ་བའི་ཆེས་གལ་ཆེ་བའི་མི་སྣའི་གྲས་ཀྱི་གཅིག་སྟེ་ནལ་སོན་མན་ཏི་ལ་ངོ་ཤེས་པར་བྱས་སོང་ཟེར།

     མན་ཏི་ལས་རང་ཉིད་ཀྱི་སྒྱུ་རྩལ་བརྩམས་ཆོས་སྐོར་ལ་གསུང་དོན། རི་མོ་འདི་དག་གིས་ངའི་མི་ཚེ་བྲིས་ཡོད་ཅེས་པ་ལས་རི་མོ་འདི་དག་ནི་ངའི་མེས་རྒྱལ་གྱི་སྐོར་ཡིན་ཞེས་བཤད་ན་འོསཞེས་གསུངས་པ་རེད། སྲིད་འཛིན་གྱི་ལས་ཁུར་མཇུག་རྫོགས་རྗེས། ཁོང་གིས་མུ་མཐུད་དུ་སྒྱུ་རྩལ་གྱི་ལམ་བུ་ལ་འཚོལ་སྙེགས་བྱས་པ་དང་དེ་ཡང་ཁོང་གི་བརྩམས་ཆོས་ནི་སྐད་ཆ་དང་ཡི་གེའི་ལམ་ནས་མཚོན་ཐབས་བྲལ་བའི་བརྗོད་བྱ་དག་ཡིན་པ་དང་། བརྩམས་ཆོས་འདི་དག་གིས་ངོ་མཚར་བའི་ཁོང་གི་མི་ཚེ་དེ་ཡོངས་སུ་མཚོན་པར་བྱས་ཡོད། ཁོང་གིསརི་མོ་འདི་དག་བརྒྱུད་དེ་ངས་བརྩམས་ཆོས་འབྲི་བའི་སྐབས་ཀྱི་མྱོང་ཚོར་སྣ་ཚོགས་ལ་མཉམ་རོལ་བྱེད་ཐུབ་པའི་རེ་བ་ཡོདཅེས་གསུངས་པ་རེད།

མན་ཏི་ལས་རི་མོ་འབྲི་བཞིན་པ།

       ཉེ་ཆར་མན་ཏི་ལའི་བུ་མོ་ཆེ་བ་མཱ་ཁ་ཙི་བེམན་ཏི་ལསMakaziwe Mandela-Amuahམོ་རང་གི་ཡབ་ཆེན་སྐོར་བྲིས་པའི་ལྷུག་རྩོམ་ཞིག་གི་ནང་བཤད་དོན། ངས་བསམ་ན་ཡབ་ཆེན་ཁོ་རང་ལ་མཚོན་ན་སྒྱུ་རྩལ་ནི་རང་ཉིད་མཚོན་བྱེད་ཀྱི་ཐབས་ལམ་ཡག་ཤོས་ཤིག་ཡིན་པར་འདོད་དེ། ཡང་གཅིག་བཤད་ན་སྒྱུ་རྩལ་བརྩམས་ཆོས་བརྒྱུད་དེ་ཁོང་དང་ཁོང་གི་འདས་དོན། ཁོང་གི་མི་ཚེ་བཅས་ཞི་མཐུན་ངང་ཡུག་གཅིག་ཏུ་སྦྲེལ་ཡོདཞེས་བྲིས་ཡོད།

       མན་ཏི་ལ་སྤྱི་ལོ2001ལོ་ནས་བཟུང་རི་མོའི་སྒྱུ་རྩལ་ལ་ཞུགས་ཡོད་པ་དང་།  སྐབས་དེར་འཁྲབ་ཁྲིད་པ་ཞིག་གིས་ཁོང་ལ་སོལ་སྨྱུག་གིས་རི་མོ་འབྲི་ཚུལ་བསྟན་པ་དང་། རྗེས་སུ་ཡང་ཁོང་དངོས་གཞིའི་རི་མོ་སྒྱུ་རྩལ་གྱི་སློབ་ཁྲིད་ལ་ཞུགས་པ་དང་ཁོང་གིས་སོལ་སྨྱུག་དང་ཞག་སྨྱུག་བཀོལ་ནས་རི་མོ་བྲིས་པ་རེད། ཁོང་གི་སྒྱུ་རྩལ་གྱི་མྱོང་སྣང་ནི་ཁོང་གིས་ཁོའུ་ནུའུ༼Qunu༽དང་རོ་པིན་གླིང་ཕྲན༼Robben Island༽ལ་ཕྱིར་དྲན་བྱས་པ་འབའ་ཞིག་ལས་བྱུང་བ་ཡིན་ལ། དེ་ཡང་ཁོའུ་ནུའུ་ནི་མན་ཏི་ལ་རང་གི་ཕ་ཡུལ་ཡིན་པ་དང་རོ་པིན་གླིང་ཕྲན་ནི་སྔོན་མ་ཁོ་རང་ཁྲི་མུན་དུ་བཙོན་འཇུག་བྱེད་ས་ཡིན།

 

    ཚེ་སྲོག  མན་ཏི་ལས་ཁྲི་གདུགས་འོད་སྟོང་ཉི་མས་ཚེ་སྲོག་མཚོན་པར་བྱས་ཡོད་དེ། ཁོང་གིས་གསུང་དོན། ཚེ་སྲོག་གི་དོན་སྙིང་ནི་ང་ཚོ་སྲོག་འཚོ་ཐུབ་པ་ཙམ་མ་ཡིན་པར། ང་ཚོས་གཞན་གྱི་ལས་དབང་ལ་འགྱུར་བ་གཏོང་ནུས་པ་དེ་ཡིནཞེས་གསུངས་ཡོད།

     མན་ཏི་ལ་གཞིས་ཁྱིམ་གྱིས་བསྟན་དོན། དབུ་ཁྲིད་ཁོང་གི་ཐོག་མའི་བརྩམས་ཆོས་སྐོར་ལ་ཇོན་ཧནལེན་ནོནJohn Lennonགྱི་ཤུགས་རྐྱེན་ཐེབས་ཏེ་བློ་སྒོ་ཕྱེས་ཡོད་པ་དང་། ཇོན་ཧནལེན་ནོན་གྱི་རི་མོའི་ནང་གི་ཕུན་སུམ་ཚོགས་པའི་འབྲི་སྟངས་དང་ཐུན་མོང་མ་ཡིན་པའི་བརྗོད་དོན་གྱིས་མན་ཏི་ལར་ཡིད་ཆེས་དང་སེམས་ཤུགས་སྤྲད་དེ་ཁོང་ཉིད་མུ་མཐུད་དུ་རང་གི་རི་མོ་སྒྱུ་རྩལ་གྱི་ནུས་པ་བསྔོག་འདོན་བྱེད་པར་སྐུལ་འདེད་གནང་ཡོདཟེར།

 

    ཁི་ཁི་པོ་མོ་ལྗོན་ཤིང་ནི། ཧྥེ་གླིང་ལྷོ་མའི་མཚོན་བྱེད་རང་བཞིན་གྱི་ཤིང་སྡོང་ཞིག་ཡིན་པ་དང་། མན་ཏི་ལ་ཁོང་བྱིས་དུས་ཀྱི་སེམས་ངོགས་སུ་མངོན་པར་གསལ་བའི་མཛེས་ལྗོངས་ཡིན། མན་ཏི་ལར་ཁྱོན་བསྡོམས་རི་མོའི་བརྩམས་ཆོས40ཙམ་ཞིག་ཡོད་པ་དང་། ད་ལན་མན་ཏི་ལ་གཞིས་ཁྱིམ་གྱིས་ཐོག་མར་མྱ་ངན་གྱི་སྐྱོ་དབྱངས་ལྟ་བུའི་ཁོང་གི་ཕ་ཡུལསྐོར་གྱི་བརྩམས་ཆོས་དག་འགྲེམས་སྤེལ་བྱས་པ་དང་། འདི་དག་ནི་ཁོང་གིས་སྤྱི་ལོ2002ནས2003བར་དུ་བྲིས་པའི་བརྩམས་ཆོས་ཡིན། ཕ་ཡུལསྐོར་གྱི་སྒྱུ་རྩལ་མྱོང་ཚོར་ནི་ཁོང་ཉིད་ཀྱིས་ཕ་ཡུལ་ཁུའུ་ནུའུ་ལ་བཅངས་པའི་ཚད་མེད་པའི་དགའ་ཞེན་ལས་བྱུང་བ་ཡིན་ལ། ལྷིང་འཇགས་ཀྱི་གྲོང་ཚོ་འདི་ནི་ཁོང་གི་སེམས་ཀྱི་ཕ་གཞིས་ཡིན། མན་ཏི་ལ་གཞིས་ཁྱིམ་གྱིས་བསྟན་དོན།  ཁོང་ཚེ་མཇུག་གི་དུས་སུ་གནས་དེར་བ་ལང་ཁྱུ་དང་ཁྱུ་བྱས་ཏེ་བག་ཡངས་སུ་རྩྭ་ཆུར་རོལ་བའི་ངང་ཚུལ་ལ་བལྟ་འདོད་ཆེ་བ་དང་དུས་ཚོད་གནས་དེར་བཏང་བ་རེད། ངང་ཚུལ་དེས་ཁོང་ལ་ཚད་མེད་པའི་སྤྲོ་སྣང་བྱིན་པ་དང་དེ་ནི་མི་མང་བོ་ཞིག་གིས་ཁོང་ཞིང་ར་དང་ལོ་ཏོག་ལ་དགའ་བ་རེད་ཅེས་པ་གཏན་ནས་མིན། དོན་དངོས་སུ། ཁོའུ་ནུའུ་ཡི་འཚོ་བ་དེ་ཁོང་གི་མཛེས་སྡུག་གི་ཕྱིར་དྲན་ཁྲོད་ཡང་བསྐྱར་མངོན་པ་རེད། གནས་དེ་ནི་ཁོང་འཁྲུངས་ས་ཡིན་ལ་ད་ལྟ་ཁོང་ཉིད་གཏན་དུ་གཟིམས་སའང་ཡིན་ནོ།།

 མན་ཏི་ལས་བྲིས་པའིཕ་ཡུལགྱི་སྐོར།

མན་ཏི་ལས་བྲིས་པའིཕ་ཡུལགྱི་སྐོར།

     WeTransferསྤྱི་ཁྱབ་རྩོམ་སྒྲིག་པRob Aldersonནས་བཤད་དོན། སྔོན་ཆད་ཕྱི་ལ་མ་བཏོན་པའི་བརྩམས་ཆོས་འདི་དག་གིས་ང་ཚོ་ལ་ཡང་བསྐྱར་ལམ་ཁ་གསར་བ་ཞིག་བརྒྱུད་དེ་དུས་རབས་ཉི་ཤུ་བའི་ཆེས་གལ་ཆེ་བའི་མི་སྣ་མན་ཏི་ལ་ངོ་ཤེས་པར་བྱས་སོང་ལ། ཁོང་ཉིད་ཀྱིས་འཛམ་གླིང་ལ་བཟུང་བའི་ལྟ་ཚུལ་ཡང་ཤེས་པར་བྱས་སོངཟེར།

       སྲིད་གཞུང་གི་རིགས་རྒྱུད་དབྱེ་འབྱེད་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་དབང་གིས་མན་ཏི་ལ་ཁྲི་མུན་གྱི་བཙོན་ཁང་དུ་མི་ལོ30ཙམ་ལ་སྡོད་དགོས་བྱུང་བ་དང་། བཙོན་གྲོལ་ཐོབ་རྗེས། ཁོང་གིས་མུ་མཐུད་དུ་སྲིད་ཇུས་བཅོས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བྱས་པ་དང་། མཐར་ཧྥེ་གླིང་ལྷོ་མའི་རིགས་རྒྱུད་དབྱེ་འབྱེད་ཀྱི་ལམ་ལུགས་ལ་རྫོགས་ཚིག་འགོད་ཐུབ་སོང་བ་དང་། སྤྱི་ལོ1994ལོར་མན་ཏི་ལ་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་བདམས་ཐོན་བྱུང་ནས་ཁོང་ཉིད་ཧྥེ་གླིང་ལྷོ་མའི་ཆེས་ཐོག་མའི་ཧྥེ་གླིང་རིགས་རྒྱུད་ཀྱི་སྲིད་འཛིན་དུ་གྱུར།

  མན་ཏི་ལས་བྲིས་པའི་ཁོང་གིའཐབ་རྩོདསྐོར།

    ཁོང་གིས་མུ་འབྲེལ་རི་མོའི་བརྩམས་ཆོས་ཁྲོད་རང་གི་མི་ཚེའི་འགྲུལ་བཞུད་སྐོར་བྲིས་ཡོད་པ་དང་མིང་ལའཐབ་རྩོདཅེས་བཏགས་པའི་རི་མོ་དག་ལས། ཁོང་གིས་རང་ཉིད་ཀྱི་མི་ཚེའི་འགྲུལ་བཞུད་ཀྱི་དཀྱོགས་མཚམས་རེ་རེ་སྒྱུ་རྩལ་གྱི་ཉམས་ཀྱིས་ཕྱུག་པའི་བསྡུས་གཟུགས་ཀྱི་རི་མོ་རུ་བྲིས་ཡོད་དེ། ཁུ་ཚུར་དམ་པོར་འཆིང་བ་དེས་ཁོང་ཉིད་ཀྱིས་རང་གི་གསར་བརྗེའི་ལས་འགུལ་ལ་ཕྱིར་དྲན་གནང་བ་མཚོན་པར་བྱས་ཤིང་། ལག་ཟུང་ལྕགས་སྒྲོག་གིས་བཅིངས་པ་དེས་ཁོང་གི་བཙོན་ཁང་གི་ལོ་ཟླ་མཚོན་པ་དང་། ཡང་ལྕགས་སྒྲོག་གྲོལ་བ་དེས་ཁོང་བཙོན་གྲོལ་ཐོབ་པ་ཤུགས་སུ་གོ་བར་བྱས་པ་དང་། ལག་པ་གཉིས་མཉམ་དུ་སྦྲེལ་བ་དེས་རིགས་རྒྱུད་ཐ་དད་པའི་བར་གྱི་མཐུན་སྒྲིལ་མཉམ་གནས་བསྟན་པ་དང་། ཁོང་དང་བྱིས་པ་ཞིག་གིས་ལག་རྡང་སྦྲེལ་བ་དེས་མཛེས་སྡུག་གི་མ་འོངས་པར་རྒྱང་བལྟ་བྱས་པ་བསྟན་ཡོད་དོ།།

མན་ཏི་ལས་བྲིས་པའིའཐབ་རྩོདསྐོར་གྱི་བརྩམས་ཆོས།

   མན་ཏི་ལས་རང་ཉིད་ཀྱི་བརྩམས་ཆོས་སྐོར་གླེང་དོན། རི་མོ་འབྲི་ཤེས་པའི་རྒྱུ་མཚན་གྱིས་ལག་པ་ནི་རང་སྟོབས་ཀྱི་དྲག་ཆས་ཡིན། ལག་པས་གཞན་ལ་གནོད་འཚེ་བཏང་ཆོག་ལ་རྨ་ཁ་སོས་སུའང་འཇུག་ཆོག  ཉེས་མེད་ལ་ཉེས་ཆད་བཏང་ཆོག་ལ་མི་སེམས་ལ་སྟོབས་ཤུགས་ཀྱང་སྦྱིན་ཆོག  ད་ལྟ་ང་ཚོས་དྲང་བདེན་མ་ཡིན་པའིལྕགས་སྒྲོགདེ་སིལ་བར་གཏོར་ནས། མཐོ་དམན་དང་རྒྱལ་མཚམས་ལས་ཐོལ་གྱིས་བརྒལ་ཏེ་མཉམ་དུ་ལག་རྡང་སྦྲེལ་ཞིང་དཔུང་བ་མཉམ་གཤིབས་སྒོས་མདུན་དུ་སྐྱོད།

ཡིག་སྒྱུར་བ་དང་གསར་འགོད་པ།  གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wo3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503844
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།