གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཅིག་པའི་མཐར་ཕྱིན་འཛིན་གྲྭའི་ཆེད་རྩོམ་ངོ་སྤྲོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཅིག་པའི་མཐ
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཅིག་པའི་མཐར་ཕྱིན་འཛིན་གྲྭའི་ཆེད་རྩོམ་ངོ་སྤྲོད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-07-13ལྟ་ཀློག (6921)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཅིག་པའི་མཐར་ཕྱིན་འཛིན་གྲྭའི་ཆེད་རྩོམ་ངོ་སྤྲོད།

2018.7.8 ཉིན་སློབ་མཐར་ཕྱིན་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཅིག་པའི་མཐར་ཕྱིན་སློབ་མའི་མཉམ་པར།

སྐབས་ཉེར་གཅིག་པའི་མཐར་ཕྱིན་འཛིན་གྲྭ་དང་བོའི་ཆེད་རྩོམ་༼བྱིས་པའི་རིག་གནས།༽

   ད་ལོར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སྐབས་ཉེར་གཅིག་པའི་འཛིན་གྲྭ་དང་བོས་༼བྱིས་པའི་རིག་གནས་༽ཞེས་པའི་མཐར་ཕྱིན་ཆེད་དེབ་ཅིག་དཔར་སྐྲུན་བྱས་ཡོད།  དེབ་འདི་ནི་ངེད་འཛིན་གྲྭའི་སློབ་གྲོགས་གྱ་བདུན་གྱིས་མི་ལོ་དུ་མར་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་སྦྱོང་བགྱིས་པའི་མཐར་ཕྱིན་འབྲས་རྟགས་ཤིག་གམ། ཡང་ན་ངེད་ཅག་རྣམས་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྦྱོང་མཁན་ཞིག་དང་། སྲོལ་རྒྱུན་རིག་གནས་ལ་དང་དོད་ཡོད་མཁན་ཤ་སྟག་ཡིན་པས། ད་ལྟའི་ཆ་འདིར་ཉམས་དམས་སུ་སོང་དང་འགྲོ་བཞིན་པའི་བོད་ཀྱི་རིག་གནས་ལ་ཕན་ཨེ་ཐོགས་ཀྱི་ཀུན་སློང་གཙང་མ་ཞིག་གི་སྒོ་ནས་བརྩམས་པ་ལགས་སོ། །   ཆེད་དེབ་འདིར་མདོ་དབུས་ཁམས་གསུམ་གྱི་ས་ཕྱོགས་སོ་སོའི་སློབ་གྲོགས་སྐྱ་སེར་ཀུན་གྱིས་རང་རང་གི་ཡུལ་གྱི་བྱིས་པའི་རིག་གནས་ལས་བྱེ་བྲག་ཅིག་ཡུལ་གྱི་རྒན་རབས་པ་དག་དང་མཁས་པ་མང་བོར་བཅར་འདྲི་བྱས་ཤིང་། ལྷག་པར་སྔོན་ཆད་ཡིག་ཐོག་ཏུ་བཏབ་མ་མྱོང་བའི་དམངས་ཁྲོད་ཀྱི་བྱིས་པའི་སྲོལ་རྒྱུན་རིག་གནས་མང་བོ་ཞིག་བཅར་འདྲི་བརྒྱུད་དེ་ཐད་ཀར་ཡིག་ཐོག་ཏུ་ཕབ་པའམ། ཡང་ན་དཔེ་ཀློག་བྱས་ཏེ་ཁུངས་བཙུན་གྱི་ཡིག་ཆ་མང་བོར་གཞི་བཅོལ་ནས་བརྩམས་པའི་བོད་ཀྱི་༼བྱིས་པའི་རིག་གནས་༽འབའ་ཞིག་ལ་ཁ་ཕྱོགས་པའི་རྩོམ་ཡིག་རྐྱང་རྐྱང་ཡོད།

སྐབས་ཉེར་གཅིག་པའི་སློབ་གྲྭའི་ཐ་སྙད་རྩོམ་སྒྲིག་ཚན་ཆུང་གིས་བསྒྲིགས་པའི་དེབ་༼བསླབ་བྱ་ཐོན་མིའི་དགོངས་རྒྱན།༽

         བསླབ་བྱ་ཐོན་མིའི་དགོངས་རྒྱན་ཞེས་པའི་དེབ་ཆུང་འདི་ནི་སྐབས་ཉེར་གཅིག་པའི་ཐ་སྙད་རྩོམ་སྒྲིག་ཚན་ཆུང་གིས་རང་སློབ་གླིང་གི་སློབ་དཔོན་རིན་པོ་ཆེ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་དང་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ།སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ།སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར་རྣམ་པ་ཚོས་རང་གི་སློབ་མ་ཚོར་གདམས་པའི་ལེགས་བཤད་གལ་ཆེན་འགའ་ཕྱོགས་སྒྲིག་བགྱིས་པ་ཞིག་ཡིན།

     སྐབས་ཉེར་གཅིག་པའི་སློབ་གྲྭའི་ཐ་སྙད་རྩོམ་སྒྲིག་ཚན་ཆུང་གིས་བསྒྲིགས་པའི་དེབ་༼ཆོས་ཀྱི་རྣམ་གྲངས་ཐོན་མིའི་ཞལ་རྒྱུན།༽

 ཆོས་ཀྱི་རྣམ་གྲངས་ཐོན་མིའི་ཞལ་རྒྱུན་ཞེས་པའི་ཚིག་མཛོད་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐ་སྙད་རྩོམ་སྒྲིག་ཚན་ཆུང་སྐབས་ཉེར་གཅིག་པས་བསྒྲིགས་པ་ཞིག་ཡིན། བོད་རིག་པ་སྤྱི་དང་བྱེ་བྲག་ནང་བསྟན་རིག་པ་ལ་སློབ་གཉེར་བྱེད་མཁན་དང་ཞིབ་འཇུག་བྱེད་མཁན། དེ་བཞིན་དུ་ལོ་ཙཱ་བ་དག་ལ་ཁ་ཕྱོགས་ཏེ་སྔར་མེད་པའི་ཚིག་མཛོད་འདི་ནི་བོད་རྒྱ་དབྱིན་གསུམ་གྱི་ཡེ་གེའི་ལམ་ནས་ཆོས་ཀྱི་རྣམ་གྲངས་ཁག་ཕྱོགས་བསྒྲིགས་བྱས་པ་ཡིན་ལ། དེ་ནི་རང་སྣང་གང་ཤར་གྱིས་བསྒྲིགས་པ་ཙམ་མ་ཡིན་པར་སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ་དང་།常用佛学术语སྨོན་ལམ་ཚིག་མཛོད་ཆེན་མོ་སོགས་ད་སྔ་མཁས་པ་གཞན་གྱིས་བསྒྲིགས་པའི་ཚིག་མཛོད་ཁུངས་དག་བཅུ་ལྷག་ལས་བསྡུ་སྒྲིག་བྱས་པའོ།།

བདེན་འཚོལ་རུ་དཔུང་གི་མཐར་ཕྱིན་པར་ཚགས༼དུང་བ་འཐུ་བའི་འཛུམ་དཀར།༽

     དུང་བ་འཐུ་བའི་འཛུམ་དཀར་ཞེས་པའི་དེབ་ཆུང་འདི་ནི་ངེད་སྐབས་ཉེར་གཅིག་པའི་མཐར་ཕྱིན་འཛིན་གྲྭ་དང་བོའི་སློབ་གྲོགས་གྱ་བདུན་གྱི་པར་དང་གྱེས་ཚིག གཞན་ད་དུང་སློབ་གླིང་རང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་ཀྱི་འདྲ་པར་བསྒྲིགས་པའི་དེབ་ཆུང་ཞིག་ཡིན།

གངས་རི་རྒྱལ་མཚན་གྱི་རྩོམ་དེབ་༼ཡིག་འབྲུའི་དར་ལྕོག༽

     དེབ་འདི་ནི་ཁོ་བོས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་མི་ལོ་བཞི་ལ་སློབ་སྦྱོང་ཕྲན་ཙམ་བྱས་པའི་གནས་སྐབས་སུ་བྲིས་པའི་སྦྱངས་རྩོམ་དག་ལས་འགའ་ཞིག་ཕྱོགས་བཏུས་བྱས་ཏེ་དཔར་དུ་བསྐྲུན་པ་ཞིག་ཡིན་ལ། དེབ་འདིའི་ནང་དུ་ཁོ་བོའི་དགའ་སྐྱོ་དང་དྲན་གདུང་། སེམས་ཁམས་སོགས་ཡི་གེའི་གཟུགས་སུ་བསྟར་ཅི་ཐུབ་བྱས་ཏེ་ཀློག་པ་བོའི་སེམས་ངོ་ཞིག་བསྟན་པའི་རྣམ་འགྱུར་ཙམ་ཡིན་མོད།  བརྗོད་བྱ་རྗོད་བྱེད་གང་ཐད་ནས་ཡག་པོ་ཞིག་འཁྱོངས་མེད་པ་རང་གིས་ཀྱང་གསལ་བོར་ཤེས་ཡོད། དེ་བས་བདག་གི་ཀློག་པ་བོ་ཡིན་ནོ་ཅོག་ལ་སྙིང་ནས་དགོངས་དག་ཞུ་བ་དང་། མ་འོངས་པར་ཡང་རང་གི་ནུས་ཚོད་ཀྱིས་རྩོམ་རིག་ལ་ཁྲེལ་མེད་མི་བྱེད་པའི་བཟོ་ལྟ་ཙམ་སྟོན་ངེས།

    ངེད་སྐབས་ཉེར་གཅིག་པའི་ཐ་སྙད་རྩོམ་སྒྲིག་ཚན་ཆུང་གིས་ཆོལ་གསུམ་རྟགས་མའི་དཔེ་སྟེགས་དང་དཔེ་མཚམས་བྱང་བུ། བོད་རབ་བྱུང་བཅོ་བརྒྱད་པའི་ས་ཁྱི་ལོའི་ལོ་ཐོ་བཅས་བསྐྲུན་ཡོད།

གསེར་འཇམ་བདེའི་སྙན་དེབ་༼དད་དུང་འཁུར་བའི་ཡིག་འབྲུ།༽

     གལ་ཏེ་ཁྱེད་ཀྱིས་དེབ་འདི་བློས་བཏང་པར་གྱུར་ཚེ་ཚད་ལོངས་པའི་སྙན་ངག་ཅིག་གི་གསོལ་སྟོན་གྱི་སྐལ་བ་བཅད་པ་ཡིན་ལ།   སྲོལ་རྒྱུན་སྒྱུ་རྩལ་གྱི་ལྟ་བ་ལས་འཁྲུངས་པའི་མཛེས་སྡུག་གི་ལོངས་སྤྱོད་ཅིག་ཕངས་མེད་དུ་བོར་བ་ཡང་ཡིན། 

བསོད་ནམས་ཚེ་བྷོའི་སྒྱུར་རྩོམ་དེབ་ཆུང་༼མི་ཚེའི་སྙིང་བོ།༽

    མི་ཚེའི་སྙིང་བོ་ཞེས་པའི་འགྱུར་དེབ་འདི་ནི་རང་རེ་བོད་ཀྱི་གཞན་སྐད་གསར་སློབ་པ་རྣམས་ལ་དམིགས་ཏེ་དོན་གོ་སླ་ཞིང་བརྗོད་བྱ་གཏིང་ཟབ་པའི་རྒྱལ་ཁབ་ཕྱི་ནང་དུ་གྲགས་ཆེ་བའི་ལྷུག་རྩོམ་དང་སྙན་ངག འཛམ་གླིང་མཁས་པའི་ལེགས་བཤད་སོགས་བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་ལམ་ནས་བཏུས་བསྒྱུར་བྱས་ཡོད།

ཁམས་ཆོས་དབྱིངས་རྒྱ་མཚོའི་རྩོམ་དེབ་༼བསམ་གཞིག་གི་ལང་ཚོ།༽

      བསམ་གཞིག་གི་ལང་ཚོ་ཞེས་པའི་རྩོམ་དེབ་འདི་ནི་ཁོ་བོས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་ལོ་ངོ་བཞི་ཡི་སྦྱངས་བརྩོན་གྱི་འབྲས་རྟགས་ཙམ་དང་། རྩོམ་རིགས་ལ་དགའ་ཞེན་ལྷད་མེད་ཅིག་ཡོད་པས། འདིའི་ཕྱོགས་ཀྱི་འབད་འབུངས་ཀྱི་འབྲས་རྟགས་ཤིག་སེམས་ཀྱིན་ཡོད། འདིའི་ནང་དུ་ལྷུག་རྩོམ་དང་བཅད་རྩོམ་རང་མོས་སོགས་སློབ་མའི་སྐབས་ཀྱི་འཚོ་བའི་ཟུར་བརྒྱན་ཏེ་བྲིས་ཡོད།



འཇམ་དབྱངས་བཀྲ་ཤིས་ཀྱི་གློག་བརྙན་བརྩམས་ཆོས།

ཁྱུ་ཡོང་གད་པ།ལུག་བལ་འབྲེག་པ།༽༼རྒྱལ་ལོའི་བཅུ་གསུམ་གྱི་ཤ་འཆམ། མནོལ་སྟོན་བྱིས་པ་དགའ་སྐྱེད།༽༼ཨ་མའི་མར་ལོ།༼ཁྱུ་ཡོང་གད་པ།༽

     བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཁོ་ཚེའི་འབྲོག་ཐང་ནི་བདག་གི་ཕ་ཡུལ་ཡིན་ཞིང་། ནམ་རྒྱུན་ཁོ་ཚེ་བས་རུ་དབྱར་ས་སོགས་སུ་སྤོར་སྐབས་ནོར་ལུག་འདྲེས་པའམ་བོར་སྟོར་འབྱུང་བ་ཧ་ཅང་མང་བས། དུད་ཁྱིམ་སོ་སོའི་ལུག་ཁྱུ་དང་ནོར་ཁྱུའི་གྲལ་ལ་གཞན་ནས་ཡོང་བའི་ལུག་ལྡོམ་དང་ནོར་ལྡོམ་སོགས་བདག་མེད་ཀྱི་ལྡོམ་པོ་མཐའ་དག་ལོ་རེའི་དབྱར་འདུན་ཉིན་སྡེ་དཔོན་གྱི་གམ་ནས་མནའ་གན་མཐུ་བོ་ཆེ་བསྐྱལ་ནས་རྩིས་སྤྲོད་བྱེད་པ་དང་། སྡེ་དཔོན་རྣམས་ཀྱིས་ཀྱང་རང་རང་གི་རུ་སྐོར་ལས་ནོར་ལུག་གི་ཁ་གྲངས་ཅི་ཡོད་རུ་ཆེན་དཔོན་གྱི་གམ་ནས་མནའ་བསྐྱལ་ཞིང་རྩིས་སྤྲོད་དགོས། དེ་དག་རྩེ་གཞུང་ཚྭ་ཁའི་ཐང་ཆེན་གྱི་ཁྱུ་ཡོང་གད་པ་ཞེས་པའི་གད་པ་འདིར་བསྡུས་ཤིང་བསྡོམས་ནས་ཐེངས་གང་མང་ཞིག་ལ་སྟོང་ལུག་ལ་བུད་མྱོང་བས་སྟོང་ལུག་གད་པ་ཞེས་ཀྱང་འབོད། དེ་ལྟར་ནོར་ལུག་གི་རྣ་རྟགས་དང་མཚལ་རྟགས། ཁ་དོག་སོགས་ལ་ཞིབ་ཏུ་བལྟས་རྗེས་རྒྱུ་བདག་སོ་སོས་འཁྱེར་ཆོག་ལ། རྒྱུ་བདག་མི་རེ་ངོ་རེ་བྱས་ནས་མནའ་གན་མཐུ་བོ་ཆེ་རེ་བསྐྱལ་ནས་འཁྱེར་སྲོལ་ཞིག་ཀྱང་ཡོད། མཐར་སུ་གང་གིས་ཀྱང་མིན་པའམ་ངོས་མ་ཟིན་པར་ལྷག་མར་འབྱུང་བའི་ནོར་ལུག་ཅི་མཆིས་རུ་སྐོར་རེ་རེ་དང་དུད་ཁྱིམ་རེ་རེར་རྒྱན་འཕངས་ནས་ཐོབ་སྐལ་ལྟར་སྐྱེས་སུ་གནང་ལུགས་ཡོད་པ་ཞིག་གོ །

    བརྙན་ཐུང་འདི་ནི་ཕ་ཡུལ་གྱི་དབྱར་གཞུང་སྐབས་སུ་རུ་ཁ་ཁྱིམ་མཚེས་དག་གི་རོགས་རམ་འོག་ངེད་ཚང་གི་ལུག་བལ་བྲེགས་པའི་བརྒྱུད་རིམ་དེ་བརྙན་དུ་ཕབ་པ་ཞིག་ཡིན།


     མགོན་པོ་དགྲ་འདུལ་གྱི་གློག་བརྙན་བརྩམས་ཆོས།  ༼དམུ་དགེའི་ཐོད་གཅུ། (头饰)༽ ༼བདེ་སྡུག་མཉམ་མྱོང་། ༽ ༼ཐོད་གཅུ།༽

     མགོ་རྒྱན་ནམ་ཡང་ན་ཡུལ་སྐད་ཏུ་ཐོད་གཅུ་འདི་ནི་དཔལ་ལྡན་ལྷ་མོའི་གཙུག་གི་རིན་ཆེན་གཙུག་གཏོར་ལ་དཔེ་བྱས་ཏེ་དར་བ་ཞིག་ཡིན།   གཉེན་སྒྲིག་བྱས་ཟིན་པའི་བུད་མེད་མ་གཏོགས་གོན་སྲོལ་མེད།  དེ་ནི་དམུ་དགེ་ཡུལ་གྱི་ཡུལ་སྲོལ་ཞིག་ཡིན་པར་མ་ཟད་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་གདོན་མི་ཟའོ། །

 བདེ་སྡུག་མཉམ་མྱོང་ཞེས་པ་ནི།  བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན།  ད་སྐབས་འདིའི་ཕྱོགས་ཀྱི་སྲོལ་བཟང་དག་ཉམས་བཞིན་ཡོད་པས། འདི་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ཞེས་པ་ལྟར།  ངའི་ཕ་ཡུལ་གྱི་ཡུལ་མི་དག་གིས་བདེ་སྡུག་མཉམ་མྱོང་བྱས་ཏེ་ཚོ་བ་དང་ཚོ་བའི་བར་ལ་རོགས་རམ་གྱི་རྣམ་པ་གཞིར་བཟུང་སྟེ་འཚོ་བ་དང་གོམས་གཤིས་དག་དངོས་བྱུང་གི་ལམ་ནས་བསྟན་ཡོད།


ཚུལ་ཁྲིམས་བཟང་ལྡན་གྱི་གློག་བརྙན་བརྩམས་ཆོས།  ༼འཆམ།༽

    བརྙན་འདིའི་ནང་དུ་མདོ་སྨད་བྲག་དཀར་སྤྲེལ་རྫོང་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་འཆམ་གྱི་རྣམ་པ་དག་ཐད་བརྗོད་བྱས་ཡོད།

   བརྗོད་བྱ་ནི་འཆི་བ་མི་རྟག་པ་དང་འཇིག་རྟེན་གྱི་བྱ་བར་ཡིད་གཏོད་མེད་པ་སོགས་ཟློས་གར་གྱི་ལམ་ནས་བརྗོད་པའི་ནང་བ་སངས་རྒྱས་པའི་ཆོས་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཏུ་ཟད་ཅིང་། ཕབ་སྐྲུན་གྱི་གོ་རིམ་ནི་འཆམ་ཐོག་མར་ཅི་ལྟར་ཁྲིད་པ་དང་སྦྱོང་བ་དེ་ནས་འཆམ་འཆམ་པར་བྱང་ཆ་ཡོངས་སུ་རྫོགས་ནས་དངོས་སུ་འཆམ་ནས་མཇུག་བསྡུ་བའི་བར་དུ་དངོས་བྱས་ཀྱི་ལམ་ནས་བླངས་ཡོད།


ཉི་མ་ཚེ་རིང་གི་གློག་བརྙན་བརྩམས་ཆོས།  ༼འཇིག་རྟེན་སྨྱན་ཀའི་ལྷ་དར། 

     དངོས་བཤུས་གློག་བརྙན་འདི་ནི་ཁོ་བོའི་སྲིང་མོ་ལྕགས་ཐར་མཚོའི་མི་ཚེའི་བརྒྱུད་རིམ་དང་འཚོ་བའི་འགྱུར་ལྡོག   དགའ་སྐྱོའི་ལས་དབང་སོགས་མི་ཉུང་བ་ཞིག་བླངས་ཏེ་བོད་རང་གི་གཉེན་སྲོལ་དང་འབྲེལ་བའི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་བོ་ཞིག་གཞིར་བཟུང་ནས་བརྙན་དུ་ཕབ་ཡོད།


རྡོ་རྗེའི་གློག་བརྙན་བརྩམས་ཆོས།  ༼བདེན་འཚོལ་ཚང་།

བདེན་འཚོལ་ཚང་ཞེས་པའི་བརྩམས་ཆོས་འདིའི་ནང་དུ་རྩེད་མོ་སྣ་ཚོགས་ལས་འཚོ་བའི་གྲུ་དང་ཟུར་ཙམ་རེ་བརྙན་དུ་བསྐྲུན་ཡོད།


སྐལ་བཟང་རྒྱལ་གྱི་གློག་བརྙན་བརྩམས་ཆོས།༼མཐར་ཕྱིན་མཆོད་མཇལ་དང་རྐང་རྩལ་འགྲན་སྡུར།༽

   བརྙན་འདིའི་ནང་དུ་གངས་ལྗོངས་ཤེས་རིགས་ནོར་བུའི་སློབ་གླིང་གི་མཐར་ཕྱིན་འཛིན་གྲྭ་གཉིས་དགོན་པར་མཆོད་མཇལ་དུ་སོང་བ་དང་།  མཐར་ཕྱིན་དང་བོའི་༢༠༡༨ལོའི་རྐང་རྩལ་འགྲན་སྡུར་གྱི་རྣམ་པ་བསྟན་ཡོད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23498868
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།