གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཅིག་པའི་མཐར་ཕྱིན་མཛད་སྒོ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཅིག་པའི་མཐ
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཅིག་པའི་མཐར་ཕྱིན་མཛད་སྒོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-07-12ལྟ་ཀློག (981)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཅིག་པའི་མཐར་ཕྱིན་མཛད་སྒོ།   

     ཕྱི་ལོ་2018ཟླ་7ཚེས་8ཀྱི་དགོང་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སྐབས་ཉེར་གཅིག་པར་སྐྱེལ་མ་ཞུ་བའི་མཛད་སྒོ་གླིང་སྨད་ནས་འཚོགས། མཛད་སྒོ་རུ་སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་མཐར་ཕྱིན་སློབ་མ་ཚོར་མ་མཛངས་མས་བུ་ཉམ་ཐག་སྐྱོང་བ་ལྟ་བུའི་ཞལ་ཏ་མང་བོ་གནངས།   ཁོང་གིས་གསུང་རྒྱུར། ངས་ཁྱོད་ཚོར་ཡིད་ལ་འཛིན་རྒྱུའི་དོན་ཚན་ཆེན་མོ་གསུམ་བཤད། དང་བོ་ནི་འདི་ནས་སློབ་མཐར་ཕྱིན་པ་ནི་རྨང་གཞི་ཙམ་བཞག་སྟེ་མུ་མཐུད་དུ་སློབ་གཉེར་ཇི་ལྟར་བྱ་བའི་སྒོ་མོ་ཕྱེས་པ་ཡིན་པས་སྐྱ་སེར་སུ་ཡིན་ཀྱང་མུ་མཐུད་དུ་བསླབ་པ་སློབ་གཉེར་གནང་རྒྱུ་མ་བརྗེད། གཉིས་པ་ནི་དྲིན་ལ་དྲིན་གཟོ་བའི་ཀུན་སྤྱོད་དང་། ལས་རྒྱུ་འབྲས་ཚུལ་བཞིན་བརྩི་བ་སོགས་ནང་སེམས་ཀྱི་སྟེང་ལ་ཅི་ཐུབ་ཐུབ་ཀྱིས་ཉམས་ལེན་རེ་བྱོས། སློབ་གྲྭའི་དགེ་རྒན་རྣམ་པ་སྐུ་དྲིན་ཆེ་ཚུལ་ཁྱོད་ཅག་གིས་མཐར་ཕྱིན་གྱེས་ཚིག་ཏུ་འདོན་བཞིན་པ་དེ་རེད། དེ་བཞིན་རང་རང་གི་ཕ་མ་སོགས་ཀྱང་ཧ་ཅང་སྐུ་དྲིན་ཆེ་བ་ཡིན་པས་ནམ་རྒྱུན་དེ་དག་གི་འཁྲིས་སུ་སྲི་ཞུ་ཅི་ནུས་རེ་སྒྲུབ་རྒྱུ་གལ་ཆེན་ཡིན། གསུམ་པ་ནི་འདི་ནས་སོང་རྗེས་མུ་མཐུད་དུ་ལམ་བཟང་བོ་འདེམས་རྒྱུ་གལ་ཆེན་ཡིན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་པ་བཞིན་མི་ལ་སྣང་བ་ནས་སྣང་བར་འགྲོ་བ་དང་། སྣང་བ་ནས་མུན་པར་འགྲོ་བ། མུན་པ་ནས་སྣང་བར་འགྲོ་བ། མུན་པ་ནས་མུན་པར་འགྲོ་བའི་རིགས་ཤིག་བཅས་རིགས་ཆེན་པོ་བཞི་ཡོད་པ་ལས་སྣང་བ་ནས་སྣང་བར་འགྲོ་བ་ནི་ཀུན་ཀྱི་མཆོག་ཡིན་པར་གསུངས་པ་བཞིན་བགྲོད་ལམ་མ་ནོར་བ་བྱོས་ཞེས་ཐོས་པས་ཡིད་འཁུལ་བའི་བསླབ་བྱ་མང་བོ་གནང་ཞིང་། དགེ་སློབ་ཚང་མའི་མིག་ཟུང་མཆི་མས་གང་སྟེ་ཅི་གསུང་དང་དུ་བླངས།

     མཐར་ཕྱིན་སྐབས་ཉེར་གཅིག་པའི་འཛིན་གྲྭ་གཉིས་ལ་ཁྱོན་སྡོམ་སློབ་མ་བརྒྱ་དང་དོན་བཞི་ཡོད་ལ།  རེ་རེ་བཞིན་ཡུལ་དངོས་ནས་མཐར་ཕྱིན་ལག་རྟགས་སྤྲད། མཐར་ཕྱིན་སྐྱེལ་བའི་རིག་རྩལ་སྣ་ཚོགས་ཀྱི་རྗེས་སུ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་མཇུག་སྡོམ་གྱི་གསུང་བཤད་གནངས། ཁོང་གིས་གསུང་རྒྱུར། ཁྱེད་ཅག་རབ་བྱུང་བ་དག་གིས་སྡོམ་དམ་ཚིག་མིག་གི་འབྲས་བུ་བཞིན་སྲུང་བ་གཞིར་བཞག་ཐོག་མུ་མཐུད་དུ་གཞུང་ཆེན་མར་ཁུ་ལྟ་བུའི་ཉིང་བཅུད་ལ་བརྩོན་དགོས། གྲོང་བ་དག་ཚོས་ཀྱང་མུ་མཐུད་དུ་སློབ་གྲྭ་ཆེན་མོ་ལ་རིམ་པར་འགྲིམ་སྟེ་རང་མི་རིགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་སོགས་གང་ཅིའི་ཐད་ལ་འཕེལ་རྒྱས་གཏོང་བའི་འོས་འགན་དང་དུ་ལེན་དགོས་ཚུལ་སོགས་བསླབ་བྱ་རྒྱས་པར་གསུངས་ཏེ་དགུང་ཚོགས་ཡོངས་སུ་གྲོལ།

སྐབས་ཉེར་གཅིག་པའི་མཐར་ཕྱིན་འཛིན་གྲྭ་དང་བོའི་མཉམ་པར།  

སྐབས་ཉེར་གཅིག་པའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་མཉམ་པར།

སློབ་དཔོན་རྣམ་པས་སློབ་མ་རྣམས་ལ་མཐར་ཕྱིན་འཛིན་ཡིག་གནང་བཞིན་པ། 

 དགེ་སློབ་ཡོངས་ཀྱི་མཉམ་པར།
                    གསར་འགོད་པ།   རྭ་རྒྱ་བཀྲ་ཤིས། 

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། sphv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5865428
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号