བོད་སྔ་རབས་པས་དབྱར་རྩྭ་དགུན་འབུའི་མིང་ལ་ཇི་སྐད་ཟེར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »བོད་སྔ་རབས་པས་དབྱར་རྩྭ་དགུན་འབུའི་མིང་ལ་ཇི་སྐད་ཟེར།
བོད་སྔ་རབས་པས་དབྱར་རྩྭ་དགུན་འབུའི་མིང་ལ་ཇི་སྐད་ཟེར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-06-07ལྟ་ཀློག (9120)རྩོམ་ཁུངས: དྲ་རྒྱ་ལས་བཏུས།པར་འདེབ།


བོད་སྔ་རབས་པས་དབྱར་རྩྭ་དགུན་འབུའི་མིང་ལ་ཇི་སྐད་ཟེར།

རྩོམ་པ་པོ་མི་གསལ།

 མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་ལོ་ཆེན་བཻ་རོ་ཙ་ནས་བསྒྱུར་བར་གྲགས་པའི་སྔོ་འབུམ་གྲགས་ཅན་གསོ་དཔྱད་སྣ་ཚོགས་སྔོའི་མན་ངག་ཅེས་བྱ་བ་ལས།ཤུག་པ་ཚེར་མ་ཅན་གྱིས་ནི་ཆུ་འགག་རྩ་བཤལ་འབྱིན་པ་ཡིན།།དབྱར་ཤི་དགུན་སོས་ཀ་ཀ་རུ།།རྩ་བ་ལོ་མ་དང་བཅས་པ།།བུ་རམ་གསེར་གྱི་ཕྱེ་མ་དང་།། ལྕམ་པ་སྦྱར་བས་གྲེ་བ་དྲེག་ནད་ཐམས་ཅད་དང་།། ཆུ་ཡི་ནང་དུ་འབྱུང་བར་ངེས།།ཟས་སུ་ཆང་དང་བུར་རྒོད་བཏང་།།མི་རྟ་ཁྱི་གསུམ་ཉེས་མི་རུང་།།གཉན་པའི་དྲེག་ནད་གཡེལ་བར་ནུས།། མི་མིན་ཀླུ་ཡི་དབང་བོས་བཤད།།[1]ཅེས་དབྱར་ཤི་དགུན་སོས་ཀ་ཀ་རུ་ཞེས་བྱ་བའི་སྨན་ཞིག་གསལ་བ་དང་།སྙེ་སྨན་ཤེས་རབ་སེང་གེ་ཡིས་མཛད་པའི་གཅེས་པ་མུ་ཏིག་འཕྲེང་བའི་འགྲེལ་བ་ཉི་ཟླའི་འོད་ཟེར་ལས།དུགས་དང་ལུམས་ཀྱི་བྱེད་ལུགས་ནི།།པི་ཏང་ཀ་དང་མེ་རུ་ཙེ།།ཤིང་ཀུན་བཅའ་སྒ་གཡེར་མ་དང་།།མཚུར་དང་ཕུར་མོ་སྨན་ཤིང་དང་།།སོ་འཆ་ཤིང་སྟ་མོའི་ཤ།ག་ཕུར་དབྱར་ལྡུམ་རྒུན་འབུ་དང་།།རྒྱ་དང་བོད་ཀྱི་ཐང་ཕྲོམ་དང་།།མདའ་དུག་གླ་བ་སྒོག་པ་ཙོང་།།མཚུར་ནག་ཟི་ར་ནག་པོ་དང་།།ཆུ་བྱའི་ཤ་དང་ཤ་བའི་ཤ།འདི་རྣམས་ཞིབ་ཏུ་བརྡུངས་བྱས་ལ།།ཚིལ་ཆེན་ཕག་ཚིལ་ཤ་བའི་ཚིལ།།ཤ་གླད་རྣ་གླད་ར་གླད་དང་།།  གླ་བའི་གླད་པ་ཅི་རྙེད་རྣམས།། བརྡུངས་ཏེ་བསྣོ་ལ་འདག་པ་བྱ།།དེ་ནས་ལུམས་སུ་བྱ་བ་ནི།།[2]ཞེས་དབྱར་ལྡུམ་རྒུན་འབུ་ཞེས་བྱ་བའི་སྨན་ཞིག་བཀོད་ཡོད་པ་རེད།  འདི་ནི་དེང་དུས་སྤྱོད་སྒོ་ཤིན་ཏུ་ཆེ་བའི་དབྱར་རྩྭ་དགུན་འབུ་ཞེས་བྱ་བའི་སྨན་དེ་ཡིན་ལ།སྔར་ཁ་ཅིག་གིས་མན་ངག་བྱེ་བ་རིང་བསྲེལ་དུ་དབྱར་རྩྭ་དགུན་འབུ་ཞེས་འཁོད་པ་དེ་ནི་བོད་ཀྱི་སྨན་རྫས་ལོ་རྒྱུས་སྟེང་སྨན་དེ་ཉིད་ཡིག་ཐོག་ཏུ་འཁོད་པའི་ཐོག་མ་རེད་ཅེས་བཤད་ཀྱང་།གོང་གསལ་ཡིག་ཆ་གཉིས་ལས་ཤེས་གསལ་བྱུང་བ་ལྟར་ན།སྤུ་རྒྱལ་བཙན་པོའི་དུས་ནས་དབྱར་ཤི་དགུན་སོས་ཀ་ཀ་རུ་ཞེས་ཡིག་ཐོག་ཏུ་འཁོད་ཡོད་ལ།སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་དུ་དབྱར་ལྡུམ་རྒུན་འབུ་ཞེས་གསོ་བཅོས་ལག་ལེན་ནང་བཀོལ་བཞིན་པ་ལྟར།ཐ་སྙད་དེ་གཉིས་ཀྱི་སྟེང་ན་འགྱུར་རིམ་གསལ་བོ་ཞིག་མངོན་ཡོད་དེ།སྤྱི་ལོའི་དུས་རབས་བརྒྱད་པའི་ནང་ལོ་ཆེན་བཻ་རོ་ཙ་ན་སོགས་ཀྱིས་རྒྱ་གར་འཕགས་ཡུལ་གྱི་ནང་བའི་རིག་གནས་འབོར་ཆེན་བསྒྱུར་བའི་སྐབས་སུ་སྨན་འདིའི་མིང་ལ་དབྱར་ཤི་དགུན་སོས་ཀ་ཀ་རུ་ཞེས་བོད་སྐད་དང་ལེགས་སྦྱར་སྐད་མཉམ་བསྲེས་ཀྱིས་བེད་སྤྱོད་བྱས་ཡོད།དེ་ཡང་ཀ་ཀ་རུ་ཞེས་པ་ནི་གསོ་རིག་ཚིག་མཛོད་རྣམས་སུ་སྡིག་སྲིན་མིང་གི་རྣམ་གྲངས་ཤིག་ཡིན་ཞེས་འགྲེལ་ཡོད་པ་དང་།[3]དེའུ་དམར་བའི་ཤེལ་ཕྲེང་དུ་སྡིག་པ་སེར་པོ་དང་སྲིན་བུ་ཀ་ཀ་རུ་གཉིས་ཀྱི་བསྡུས་མིང་ལ་སྡིག་སྲིན་ཞེས་ཟེར་བར་བཤད་པ་ལས།[4]ཀ་ཀ་རུ་ཞེས་པ་སྡིག་སྲིན་མིང་གི་རྣམ་གྲངས་ཡིན་པར་མ་བཤད་ཅིང་།བི་ཇིའི་པོ་ཏི་ཁ་སེར་ལས།སྡིག་པ་ཀ་ཀ་རུ་དང་སྲིན་བུ་ཀ་ཀ་རུ་དང་ཞེས་བྱུང་བ་དང་།[5]སམ་བོད་རྒྱ་གསུམ་ཤན་སྦྱར་ཚིག་མཛོད་ལས།ཀཀྐརཱི་ཞེས་སྲིན་བུའི་མིང་ཡིན་པར་གསུངས་ཡོད་པས།[6]ཀ་ཀ་རུ་ནི་སྡིག་སྲིན་མིང་གི་རྣམ་གྲངས་མ་ཡིན་པར་སྲིན་བུ་སྤྱིའི་མིང་ཡིན་པར་གསལ།དེ་བས་གོང་དུ་དབྱར་ཤི་དགུན་སོས་ཀ་ཀ་རུ་ཞེས་བྱ་བ་ནི་དོན་ལ་དབྱར་ཤི་དགུན་སོས་ཀྱི་སྲིན་འབུ་སྟེ་བསྡུས་ན་དབྱར་ལྡུམ་དགུན་འབུ་ཞེས་བྱ་བ་འདི་ཡིན་ལ།དུས་རབས་བཅུ་གཉིས་པའི་ནང་ལེགས་སྦྱར་གྱི་ཀ་ཀ་རུ་ཞེས་པ་དེ་འབུ་ཞེས་པར་བསྒྱུར་ནས་དབྱར་ལྡུམ་རྒུན་འབུ་ཞེས་བཏགས་པ་རེད།   དེ་ལྟར་ནད་ཐོག་བཀོལ་སྤྱོད་ཀྱིས་མི་ལོ་སུམ་བརྒྱ་ལྷག་འགོར་བའི་སྤྱི་ལོའི་དུས་རབས་བཅོ་ལྔ་བའི་ནང་ཟུར་མཁར་མཉམ་ཉིད་རྡོ་རྗེ་མཆོག་གིས་དབྱར་རྩྭ་དགུན་འབུ་ཞེས་པའི་ཐ་སྙད་དངོས་སུ་བཀོལ་ནས་མན་ངག་བྱེ་བ་རིང་བསྲེལ་གྱི་ནང་དུ་བཀོད་པ་[7]འདི་བཞིན་ད་ལྟ་ཡང་འདི་ལྟར་འབོད་བཞིན་པའོ།།

དབྱར་རྩྭ་དགུན་འབུའི་སྐྱེ་མཚར་བརྒྱུད་རིམ་གྱི་པར་རིས་འགྲེལ་བཤད།  


[1] སྔོ་འབུམ་སྨན་གྱི་གཏེར་མཛོད།【M】ཤ༥༦

[2] འགྲེལ་ཆུང་ཉི་ཟླའི་འོད་ཟེར།【M】ཤ༡༨༧

[3] བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ།【M】ཤ༡

[4] ཤེལ་གོང་ཤེལ་ཕྲེང་།【M】༣༦༤

[5] བི་ཇིའི་པོ་ཏི་ཁ་སེར།【M】ཤ༤༥༨

[6] སམ་བོད་རྒྱ་གསུམ་ཤན་སྦྱར་ཚིག་མཛོད།【M】ཤ༡

[7] མན་ངག་བྱེ་བ་རིང་བསྲེལ།【Z】༧༣

བོད་ཀྱི་ལག་ཤེས་འཕྲིན་སྟེགས་ལས་བཤུས། 



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23503816
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།