སྲོག་སྐྱོབ་དྲིན་ཅན་ཤེས་པའི་སྤྲ་མི་ཞིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། » སྲོག་སྐྱོབ་དྲིན་ཅན་ཤེས་པའི་སྤྲ་མི་ཞིག
སྲོག་སྐྱོབ་དྲིན་ཅན་ཤེས་པའི་སྤྲ་མི་ཞིག
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-06-03ལྟ་ཀློག (5622)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

སྲོག་སྐྱོབ་དྲིན་ཅན་ཤེས་པའི་སྤྲ་མི་ཞིག

2016-06-08       17:36:27

 

    ཟླ6པའི་ཚེས7ཉིན་སྤེལ་བའི་གསར་འགྱུར། ཨ་རི་ནས་ཡིན་པའི་ལིན་ཏཁི་པོ་ན(Linda Koebner)ནི་སྲོག་ཆགས་སྤྱོད་ལམ་རིག་པ་བ་ཞིག་ཡིན་ཞིང་། ངོ་མཚར་བ་ཞིག་ལ། ལོ་ངོ25ཡར་སྔོན་ཁོ་མོས་ཚོད་ལྟ་ཁང་ནས་བསྐྱབས་པའི་སྤྲ་མི་དེས་ཁོ་མོ་ངོ་ཤེས་ཏེ་བརྩེ་བས་འཐམ་འཁྱུད་བྱས་པ་རེད།

      ལོ་ངོ25ཡར་སྔོན། ཁི་པོ་ན་ནི་མཐར་ཕྱིན་མ་ཐག་པའི་དངོས་གཞིའི་སློབ་མ་ཞིག་ཡིན་པ་དང་བྱ་བ་ནི་སྤྲ་དག་གི་ཚོད་ལྟ་ཁང་གི་ཕྱི་རོལ་གྱི་འཚོ་བ་འགན་ལེན་བྱེད་པ་དེ་ཡིན་ལ། ཁོ་མོས་གནས་དེ་རུ་ལོ་ངོ་དྲུག་གི་རིང་ལས་ཀ་བྱས་པ་རེད། སྤྲ་ལ་འགྲོ་བ་མིའི་རིགས་ཀྱིDNAདང98.8ཀྱི་ཆ་འདྲ་བ་ཡོད་པས་དེ་ཚོ་སྨན་རྫས་དང་རིམས་འགོག་སྨན་གྱི་ཚོད་ལྟ་བྱེད་ཡུལ་དུ་གྱུར་ཡོད་པ་དང་། དེ་ཡང་སྤྲ་ནི་རིགས་རྒྱུད་རྩ་བ་ནས་ཆད་ལ་ཉེ་བའི་སྲུང་སྐྱོབ་སྲོག་ཆགས་སུ་གྱུར་རྗེས་ཨ་རིས་གཞི་ནས་ཚོད་ལྟ་བྱེད་མཚམས་བཞག་པ་རེད།  སྤྱི་ལོ1974ལོའི་ཟླ1བོའི་ཞོགས་པ་ཞིག་ལ། ཚོད་ལྟའི་ཐད་བཀོལ་བའི་སྤྲ་མི་ཁྱུ་ཞིག་ཤིན་ཏུ་འཁྱགས་པའི་ལྕགས་གཟེབ་ལས་ཕྱིར་བཏང་བ་དང་ཐེངས་དང་བོར་སྤང་ཐང་དུ་འགྲོ་རུ་བཅུག   དེ་ཚོ་ལྕགས་ཀྱི་གཟེབ་ཏུ་མི་ལོ6གི་རིང་བཅུག་པས་དུས་ཡུན་རིང་བོ་ཞིག་ལ་ཉི་འོད་མཐོང་ཐུབ་མེད། གོང་གསལ་གྱི་པར་རིས་དེ་ནི་ཞེད་སྣང་དང་སྐྲག་འདར་ངང་གཟེབ་ཀྱི་ཕྱི་ལ་ཐོན་པའི་སྤྲ་ཞིག་ཡིན།

     མཐར་དེ་ཚོ་དམྱལ་ཁམས་ལྟ་བུའི་གུ་དོག་པའི་གནས་དེ་ལས་ཐར་མོད་ཀྱང་། དེ་ལས་ལྡོག་སྟེ་འཇིགས་སྐྲག་གིས་ཀུན་ནས་ཁེངས་ཡོད། སྐབས་དེར་རང་ལོ23ཡིན་པའི་སྲོགས་ཆགས་བྱ་སྤྱོད་ཞིབ་འཇུག་པ་ལིན་ཏཔོ་ཁི་ནས(Linda Koebner)བཤད་དོན། འདས་པའི་ལོ་ངོ་འདི་དག་གི་རིང་། སྲོག་ཆགས་འདི་དག་གིས་ཕྱི་ཡུལ་གྱི་རང་དབང་གི་ཁོར་ཡུག་དང་དྲོད་འཇམ་གྱི་ཉི་འོད་གཏན་ནས་མཐོང་མྱོང་མེད། དེ་ཚོ་གཟེབ་ཀྱི་ནང་དུ་གཅིག་ལ་གཅིག་བརྟེན་སྒོས་གྲུ་གུ་ལྟར་ཕྱོགས་གཅིག་ཏུ་དྲིལ་ནས་བསྡད་པ་དང་གཞན་གང་ལའང་འགྲོ་མི་ཕོད། གོང་གི་པར་རིས་ནི་ཁི་པོ་ནས་སྙིང་རྗེ་བའི་སྲོག་ཆགས་དེ་ཚོར་ཆུ་བླུད་དེ་བག་ཕེབས་འོང་ཐབས་ལ་བརྩོན་པ་ཡིན་ལ། གཞི་ནས་དེ་ཚོ་ཕྱི་ལ་ཐོན་པ་རེད།

     སྤྲ་འདི་དག་གཟེབ་ལས་ཕྱིར་ཕུད་པའི་སྐབས་སུ། མིའི་རིགས་ནི་ཇི་འདྲའི་ཁ་སྐྱེངས་དགོས་པ་ཞིག་རེད་ཨང་། ཁོ་མོས་བཤད་དོན། "སྤྲ་མིས་ང་ཚོའི་འཇིག་རྟེན་ལ་གནང་བ་མང་དྲགས་སོང་། ང་ཚོ་མིའི་རིགས་རང་ཉིད་ཀྱི་སྐོར་དེ་འདྲའི་མང་བོ་ཞིག་དང་སྤྱི་ཚོགས་འཚོ་བ་དང་གཤིས་རྒྱུད་ཀྱི་ཤེས་ཡོན་མང་བོ་ཞིག་ལ་བལྟས་ཀྱང་། སྲོག་ཆགས་འདི་དག་ནི་ང་ཚོ་དང་རིགས་མཐུན་པར་སྒོ་ཀུན་ནས་ཆ་འདྲ་བ་ཡིན"ཟེར།

     སྤྲ་འདི་དག་མཆིན་ཚད་ཞིབ་འཇུག་གི་ཐད་དུ་བཀོལ་སྤྱོད་ཆེད་དང་རིམས་འགོག་གི་གསར་གཏོད་སླད་དུ་ཚོད་ལྟ་ཁང་དུ་ཁྲིད་ཡོང་བ་དང་། རྗེས་སུ་དེ་དག་ཧྥོ་ལོ་རེ་ཏ་ལྷོ་མའི་སྲོག་ཆགས་གླིང་གར་བསྐྱལ་བ་རེད། ཁི་པོ་ནས་དེ་དག་ཕྱི་ཡུལ་གྱི་འཚོ་བར་གོམས་པའི་ལས་འགན་འཁུར། གོང་གསལ་གྱི་པར་དེ་ནི་ཁི་པོ་ནས་སྤྲ་མི་དེ་ཚོ་ཕྱིར་རང་བྱུང་ཁམས་སུ་ལོག་པར་སྦྱོང་བརྡར་བྱེད་བཞིན་པ་རེད།

         ལོ་ངོ4རྗེས་སུ། ཁི་པོ་ན་གནས་འདི་ནས་ཁ་བྲལ་རྗེས་སྐབས་རེར་སྤྲ་མི་དག་ལ་བལྟ་བར་འགྲོ་བཞིན་ཡོད། སྤྱི་ལོ1981ལོའི་རྗེས་སུ་དུས་ཡུན་ཧ་ཅང་རིང་བོ་ཞིག་ལ་ཁོ་མོ་གནས་འདིར་འོངས་མེད་པ་དང་། ལོ་ངོ18འདས་པའི་རྗེས་ཀྱི་སྤྱི་ལོ1999ལོ་སྟེ། ལོ་ངོ20ལྷག་ལ་འོངས་མ་མྱོང་བའི་ཁི་པོ་ན་ཡང་བསྐྱར་གནས་འདིར་ཡོད་པའི་སྲོག་ཆགས་དག་ལ་བལྟ་བར་འོངས་པ་རེད། "ཡུན་རིང་བོ་ཞིག་ལ་མཐོང་མྱོང་མེད། ཕར་བལྟས་ན་ཁོ་ཚོ་ཧ་ཅང་སྐྱིད་པོ་འདུག" ཁི་པོ་ན་གྲུ་ལ་བསྡད་དེ་གཙང་བོ་ཞིག་བརྒལ་ནས་སྤྲ་མི་དག་གི་སྡོད་གནས་སུ་ཕྱིན། ཁོ་མོ་གཙང་འགྲམ་དུ་འབྱོར་དུས་སྤྲ་མི་ཞིག་བསུ་བ་བྱེད་པར་འབྱོར་སོང་།

      ཁོ་མོས་འདྲི་དོན། "ཁྱེད་ཀྱིས་ང་རང་བརྗེད་མེད་དམ།" མིང་ལSwingཟེར་བའི་སྤྲ་ཞིག་པང་གཅལ་སྟེང་ནས་ཁི་པོ་ནའི་ཕྱོགས་སུ་ལག་པ་བརྐྱངས་ཤིང་འཛུམ་མདངས་ལྷུག་པོར་གྲོལ། དེ་ནས་ཅང་མ་འགོར་བར་མིང་ལDollཞེས་འབོད་པའི་སྤྲ་དེའང་དགའ་སྤྲོ་ངང་མཆོང་ལྡིང་གིས་ཚུར་འོངས། སྤྲ་མི་དེ་གཉིས་བརྩེ་བའི་ངང་ཁོ་མོར་འཐམ་དུས། པོ་ཁི་ནའི་མིག་ཟུང་མཆི་མས་ཁེངས་ནས་བཤད་དོན། "འདི་དག་ཡོད་ཚད་ཁོ་ཚོས་མནར་གཅོད་ཀྱི་དཀའ་སྡུག་ཚད་མེད་ཅིག་བརྒྱུད་ནས་འོངས་པ་རེད། ཡིན་ནའང་ཁོ་ཚོས་ད་དུང་ཡོད་ཚད་ལ་བཟོད་སྒོམ་གནང་འདུག"ཟེར།

    གློ་བུར་དུSwingནས་ཁི་པོ་ན་ངོ་ཤེས་ཏེ་གདོང་ལ་འཛུམ་མདངས་གྲོལ།

     ཁི་པོ་ན་དངSwingགཉིས་ཀྱིས་བྱམས་བརྩེའི་ངང་ཕན་ཚུན་ལ་འཐམ་འཁྱུད་བྱས།

    ཁི་པོ་ནར་སེམས་འགུལ་ཐེབས་ཏེ་མིག་ཟུང་མཆི་མས་བཀུ།

           "ཕར་བལྟས་ཁྱེད་རང་ཧ་ཅང་བཟང་།"

      སྤྱི་ལོ1995ལོར་ཁི་པོ་ནས་མངའ་སྡེ་ལོ་ཡེ་སི་ཨན་ན་རུ་སྤྲ་མི་རོགས་སྐྱོབ་ལས་ཁུངས(Chimp Haven)ཤིག་སྒྲུབ་པ་དང་དེ་ནི་ཆེད་དུ་སྨན་རྫས་དང་འགོས་ནད་ཞིབ་འཇུག་ཚོད་ལྟ་ཁང་གི དམག་ཁོངས་ནས་ཕྱིར་འཐེན་བྱས་པའི"སྤྲ་མི་དག་གསོ་ཉར་བྱེད་པར་དམིགས་ནས་བཙུགས་པ་རེད། ལས་ཁུངས་འདིའི་དྲ་ཚིགས་སུ་སྤེལ་བར་གཞིགས་ན། ཁོང་ཚོས་སྔ་རྗེས་སུ་སྤྲ་མི300ལས་བརྒལ་བ་ཞིག་བདག་སྐྱོང་གསོ་ཉར་བྱས་ཡོད་དོ།།

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ།  གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504289
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།