ལྷ་སྒྲུང་ལྟ་བུའི་མི་ཚེ་ལ་བཀོད་པའི་གཏན་ཚིགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ལྷ་སྒྲུང་ལྟ་བུའི་མི་ཚེ་ལ་བཀོད་པའི་གཏན་ཚིགས།
ལྷ་སྒྲུང་ལྟ་བུའི་མི་ཚེ་ལ་བཀོད་པའི་གཏན་ཚིགས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-06-03ལྟ་ཀློག (4302)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

    ལྷ་སྒྲུང་ལྟ་བུའི་མི་ཚེ་ལ་བཀོད་པའི་གཏན་ཚིགས།

              2018/03/14     13:39

  ངེས་པ་དོན་གྱི་སྙན་གྲགས་ཆེ་བའི་དབྱིན་ཇིའི་དངོས་ཁམས་རིག་པ་བ་ཧོ་ཁིན་ཚེ་ཡི་འཕེན་པ་རྫོགས་པ་དང་དགུང་ལོ76ལ་སྐུ་འཚོ་བཞུགས་གནང་ཡོད། ངོ་མཚར་བ་ཞིག་ལ། ཟླ1ཚེས8ཉིན་ནི་ཧོ་ཁིན་གྱི་སྐྱེས་སྐར་ཉིན་མོ་ཡིན་པ་དང་ཨང་རྩིས་རིག་པ་དང་དངོས་ཁམས་རིག་པའི་མཁས་དབང་ཅཱ་ལེ་ལོ་འདས་པའི་ཉིན་མོའང་ཡིན་པར་མ་ཟད། ཟླ3ཚེས14ཉིན་ནི་ཧོ་ཁིན་འདས་པའི་ཉིན་མོ་ཡིན་ལ་ཡང་ཨེ་དབྱིན་སི་ཐན་འཁྲུངས་པའི་ཉིན་མོའང་ཡིན་ནོ།།

 

   ཧོ་ཁིན་ནི་སྤྱི་ལོ1942 ལོའི་ཟླ1 ཚེས8 ཉིན་དབྱིན་ཇིའི་ཉིག་ཅིན་དུ་སྐུ་འཁྲུངས་པ་དང་དབྱིན་ཇིའི་ཅན་ཆོའོ་སློབ་ཆེན་གྱི་སྐད་གྲགས་ཆེ་བའི་དངོས་ཁམས་རིག་པ་བ་དང་དེང་གི་དུས་ཀྱི་ཆེས་རླབས་ཆེ་བའི་དངོས་ཁམས་རིག་པ་བ་གྲས་ཀྱི་གཅིག་ཡིན་པར་མ་ཟད། དུས་རབས20བའི་རྒྱལ་སྤྱིའི་མཚན་སྙན་གསོལ་བའི་རླབས་ཆེན་གྱི་མི་སྣ་ཞིག་ཀྱང་ཡིན།

    ཁོང་དགུང་ལོ21ལ་སོན་སྐབས་ནད་ཀྱི་དབང་གིས་ལུས་པོ་ཞ་འཁུམས་སུ་སོང་བ་དང་ལག་པའི་མཛུབ་མོ་གསུམ་དང་མིག་ལས་གཞན་སྐད་ཆ་ཤོད་མི་ཐུབ་ཅིང་ལུས་ཡོངས་འགུལ་སྐྱོད་མི་ཐུབ་པར་གྱུར།

    སྤྱི་ལོ1979ནས2009ལོའོ་བར་ཁོང་གིས་ལོའོ་ཁ་སི་ཨང་རྩིས་རིག་པའི་དགེ་རྒན་ཆེན་མོའི་ལས་འགན་ཁུར་ཞིང་ཞིབ་འཇུག་གི་ཁྱབ་ཁོངས་གཙོ་བོ་ནི་འཇིག་རྟེན་སྟོང་ཁམས་ཆེན་མོའི་རིག་པ་དང་མུན་དོང་ཡིན། རྒྱ་ཆེ་བའི་བལྟོས་བཅས་རིག་པའི་མཚར་གཤིས་ངེས་གཏན་གནས་ལུགས་དང་མུན་དོང་གི་རྒྱ་ཁྱོན་ངེས་གཏན་གནས་ལུགས་བདེན་ཐུབ་ར་སྤྲོད་བྱས་ཤིང་། མུན་དོང་རླངས་འགྱུར་རིག་པའི་གཞུང་ལུགས་དང་མཐའ་མེད་པའི་ཧོ་ཁིན་གྱི་སྟོང་ཁམས་འདྲ་དཔེ་དགོངས་དོན་གསལ་བསྒྲགས་བྱས།

    དུས་རབས20བའི་དངོས་ཁམས་རིག་པའི་གཞི་རྩའི་གཞུང་ལུགས་ཆེན་པོ་གཉིས་ཏེ། ཨེ་དབྱིན་སི་ཐན་གྱིས་གསར་གཏོད་བྱས་པའི་བལྟོས་བཅས་རིག་པ་དང་ཕོའུ་ལིང་ཁིས་གསར་གཏོད་བྱས་པའི་ཚད་རྡུལ་ཤུགས་རིག་པ་གཉིས་ཀྱི་ཐད་ཁོང་གིས་སྔ་ན་མེད་པའི་གོམ་སྟབས་ཆེན་པོ་སྤོ་བར་བྱས་ཡོད། 

  ཁོང་ལ་དབྱིན་ཇིའི་མཛད་རྗེས་གཟེངས་རྟགསCHདང་དབྱིན་བཙན་རྒྱལ་ཆེན་མོའི་དམག་སྤྱི་གཟེངས་རྟགསCBE། གཞན་དབྱིན་ཇི་གོང་མའི་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མིའི་གཟེངས་རྟགསFRSདང་དབྱིན་ཇི་གོང་མ་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་མིའི་གཟེངས་རྟགསFRSAསོགས་ཕུལ་བྱུང་མཚན་སྙན་བྱ་དགའ་གང་མང་ཐོབ་པ་རེད།

ཧོ་ཁིན་གྱིས་སེམས་ཁམས་གླེང་བ།

ང་རང་ལོ21ཡིན་དུས། ངའི་ཕུགས་བསམ་གྱི་རིན་ཐང་སྟོང་བར་གྱུར་སོང་བས། སྐབས་དེ་ནས་བཟུང་ཡོད་ཚད་ཤོར་ཟིན་པ་དང་ཀུན་ནས་མཚུངས།

གལ་ཏེ་ནད་ཀྱི་གདུང་བས་རབ་ཏུ་མནར་བའི་མི་ཞིག་ཡིན་ན་རང་མོས་ངང་རང་གི་ཚེ་སྲོག་བཀུམ་པའི་དབང་ཆ་ཡོད། ཡིན་ནའང་ངས་བསམ་ན་འདི་ནི་ནོར་འཁྲུལ་ཚབས་ཆེན་པོ་ཞིག་རེད། ཕར་བལྟས་ཚོད་ལ་ལས་དབང་སྐྱོ་བོ་ཇི་འདྲ་ཞིག་ཡིན་ནའང་ཁྱེད་ཀྱིས་ནམ་ཡང་ལས་ཀ་བྱེད་ཐུབ་ལ། གཞན་དག་ནང་བཞིན་གྲུབ་འབྲས་བླངས་ཆོག  ཚེ་སྲོག་ཡོད་ན་རེ་བ་ནམ་ཡང་ཡོད།

ངས་དབང་བོ་སྐྱོན་ཅན་དག་ལ་བསམ་ཚུལ་ཞིག་འདོན་པར་འདོད་པ་ནི། དབང་བོ་ལ་སྐྱོན་ཤོར་ནའང་ལས་དོན་ཁ་ཤས་ཤིག་བློ་གཅིག་སེམས་གཅིག་གིས་སྒྲུབ་པ་ཡིན་ན་ཁྱེད་ཀྱིས་དེ་སྒྲུབ་པའི་བར་ཆད་དུ་འགྱུར་མི་ཐུབ། ལས་ཀ་ལ་ལ་ཞིག་དབང་བོ་སྐྱོན་ཅན་ཡིན་པའི་དབང་གིས་འགྲུབ་ཐབས་བྲལ་བས་དེ་ལ་ཕངས་སེམས་སྐྱེས་དགོས་དོན་གང་ཡང་མེད། གལ་སྲིད་མི་ཞིག་དབང་བོ་སྐྱོན་ཅན་དུ་གྱུར་ཟིན་ནའང་སེམས་ཁམས་སྐྱོན་ཅན་དུ་འགྱུར་བར་གཏན་ནས་བྱེད་མི་རུང་།

བཟོད་ཐབས་བྲལ་བའི་དཀའ་སྡུག་གང་ཞིག་ལ་འཕྲད་ནའང་ཁོང་ཁྲོ་ཆེན་པོས་ལས་དབང་ལ་འཁང་ར་བྱེད་པ་ནི་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པ་དང་། ང་རང་གི་བྱེད་ཐབས་ནི་གནད་དོན་འདི་ལ་བསམ་གཞིགས་བྱེད་པར་མཚམས་མི་འཇོག་པ་དང་དུས་མཚུངས་སུ་ལས་དོན་གཞན་དག་སྒྲུབ་པར་བྲེལ་བ་ཡིན། སྐབས་རེར་ངས་ལོ་དང་ཟླ་བ་བརྩིས་ཚེ་ད་གཟོད་གནད་དོན་འདི་ཐག་གཅོད་པའི་ཐབས་ལམ་འཚོལ་ཐུབ། མུན་དོང་བརྡ་འཕྲིན་བོར་བརླག་དོན་རྐྱེནཐད་ངས་ལོ་ངོ29རིང་འབད་བརྩོན་བྱས་པ་ཡིན།

ཧོ་ཁིན་གྱིས་མི་ཚེ་གླེང་བ། 

  <<འཚོ་བའི་འགས་གཏོར་ཆེན་པོ>>ནང་གི་ཧོ་ཁིན་གྱི་ཆེས་མཐའ་མཇུག་གི་སྐད་ཆ་ནི། གནམ་རྒན་མ། ཡང་མགོ་བོ་རྨོངས་པའི་རྗེས་འབྲངས་པ་ཞིག་འདུག་ཅེས་པ་གསུང་ཚིག་གྲགས་ཅན་དུ་གྱུར།

གལ་ཏེ་མི་ཞིག་འདེམས་དགོས་ན་ངས་གཞན་གྱིས་དོ་ཟླ་མི་འོངས་པའི་མི་དེ་འདེམས་སྲིད་དེ། ཁོས་ངའི་མེད་པ་མཐའ་དག་གི་ཚབ་བྱེད་ཐུབ།

ངས་མི་མང་བོ་ཞིག་གིས་ལས་དབང་ལ་འཁང་ར་དང་གཞན་ལ་སྡིགས་དམོད་བྱས་ཏེ་ལས་ཀྱི་བཀོད་པར་ལྡོག་ཐབས་མེད་སྙམ་པ་མཐོང་བྱུང་། ཡིན་ནའང་ཁོ་ཚོས་གཞུང་ལམ་འཕྲེད་ཀྱིས་གཅོད་དུས་གཡས་གཡོན་གཉིས་ལ་ལེགས་པོར་བལྟ་བཞིན་འདུག

མི་དང་མི་ནི་མི་འདྲ་ནའང་མིའི་རིགས་ཐུན་མོང་ལ་མངའ་བའི་སྙིང་སྟོབས་འདུ་ཤེས་དེ་སུ་ལའང་ཡོད། གཅིག་བྱས་ན་ང་ཚོ་འཇིག་རྟེན་འདིར་འཚོ་ཐུབ་པའི་གནད་འགག་ནི་རང་གཤིས་རྣལ་མ་དེ་ཡིན་པར་གོམས་པར་བྱེད་དགོས།

ང་ནི་འཚར་ལོངས་མ་བྱུང་བའི་བྱིས་པ་ཞིག་ཡིན་ལཇི་འདྲདང་གཞན་ཡངཅིའི་ཕྱིརཞེས་པའི་ཐ་སྙད་ཀྱི་གནད་དོན་དག་འདྲི་བར་མོས། སྐབས་རེར་ངས་གནད་དོན་གང་ཡང་རུང་བའི་དྲིས་ལན་འཚོལ་ཐུབ།

མཚན་སྙན་ལྡན་པའི་མི་ཞིག་ཏུ་འགྱུར་བའི་སྐྱོན་ཆ་ནི་ཡུལ་གང་ཞིག་ཏུ་སོང་ན་ཚང་མས་ང་རང་ངོ་ཤེས་འགྲོ་བ་དེ་རེད། མིག་ཤེལ་ནག་པོ་གྱོན་ནས་སྐྲ་རྫུན་བཀབ་ཀྱང་གསང་ཐབས་མི་འདུག འཁོར་ལྡན་རྐུབ་སྟེགས་མཐོང་མ་ཐག་ཚང་མས་ཤེས་འགྲོ།

རེ་བས་བརྟས་པའི་ཡུལ་སྐོར་འགྲུལ་བཞུད་གྱི་གོ་རིམ་ནི་འགྲོ་སའི་དམིགས་ཡུལ་ས་ཆར་སླེབས་པ་ལས་ཀྱང་གལ་ཆེ།

ངའི་དམིགས་འདུན་ནི་ལས་སླ་མོ་ཞིག་ཡིན་ཏེ། སྟོང་ཁམས་ཆེན་མོ་ཅིའི་ཕྱིར་འདི་འདྲ་ཞིག་ཡིན་པ་དང་ཅིའི་ཕྱིར་གནས་ཡོད་པ་དེ་ཡིན།

ཧོ་ཁིན་གྱིས་སྟོང་ཁམས་གླེང་བ།

ཨེ་དབྱིན་སི་ཐན་ནོར་ཡོད། ཁོང་གིསའཇིག་རྟེན་བྱེད་པོ་ཤོ་རྡེའུ་རྩེད་འཇོ་ལ་མི་རོལཟེར། མུན་དོང་གི་ཞིབ་འཇུག་ལ་གཞིགས་ན། འཇིག་རྟེན་བཀོད་པ་བོས་ཤོ་རྡེའུ་རྩེད་འཇོར་རོལ་བར་མ་ཟད། ཐ་ན་ཁོང་གིས་དེ་དག་མི་མངོན་པའི་སར་དོར་བས་ང་ཚོ་རྨོངས་པར་བྱས་པ་རེད།

ང་ཚོ་ནི་ངོ་མཚར་བླ་ན་མེད་པའི་སྟོང་ཁམས་སུ་འཚོ་བཞིན་ཡོད། གཞན་དྲིང་མི་འཇོག་པའི་སེམས་ཀྱི་འཆར་སྒོ་ཞིག་ཡོད་ན་ད་གཟོད་སྟོང་ཁམས་ཆེན་མོ་འདིའི་ལོ་ཚོད་དང་ཚད། དྲག་ཤུགས་དང་དེའི་མཛེས་སྡུག་བཅས་མཐོང་ཐུབ།

ང་ཚོས་རང་ཉིད་ཀྱི་འདོད་སྲེད་དང་རྨོངས་པས་རང་ཉིད་ཐལ་བར་བརླག་ལ་ཉེ་བའི་ཉེན་ཁའི་ཁྲོད་ལྷུང་བར་བྱས་ཡོད། གོ་ལ་འདིར་འདུ་འཛིའི་འཚང་ཁ་ཇེ་རྒོད་དང་སྦགས་བཙོག་གི་གནད་དོན་ཇེ་ཆེ་ཡིན་པས། ང་རང་ཚོ་རང་གི་ཁེ་ཕན་ཁོ་ནར་དམིགས་པའི་ཚད་དེ་ལས་ངེས་པར་དུ་བརྒལ་དགོས།

ཐེངས་ཤིག་ཧོ་ཁིན་ལ་སྟོང་ཁམས་ཆེན་མོ་འདིར་ཁྱེད་ལ་ཆེས་སེམས་འགུལ་ཐེབས་པར་བྱེད་པའི་དོན་གང་ཡིན་ཞེས་དྲི་བ་བཏོན་པ་ན། ཁོང་གིས་འཆར་ཡན་དང་གནས་ལུགས་ལྡན་པའི་དྲིས་ལན་བསྐྱོན་པ་ནི། ངས་བསམ་ན་ཆེས་སེམས་འགུལ་ཐེབས་པར་བྱེད་པ་ནི། རྒྱང་ཐག་རིང་བའི་འདྲ་མཐུན་རང་བཞིན་རེདཅེས་གསུངས་པ་དང་ཡང་།

ལོ་ཟླའི་འགྲུལ་བཞུད་བྱས་ནའང་འདས་ཟིན་པར་ཕྱིར་ལོག་བྱ་མི་རུང་།

ཧོ་ཁིན་གྱིས་མིའི་རིགས་གླེང་བ།

མི་ཁ་ཤས་ཀྱི་སེམས་སུ། བརྩེ་བ་དང་བདེ་སྐྱིད། མཛེས་སྡུག་སོགས་ཀྱི་འདུ་ཤེས་ནི་ཚན་རིག་གི་རིགས་སུ་མི་གཏོགས་པས་ཚན་རིག་གི་ཐ་སྙད་ལ་བརྟེན་ནས་བརྗོད་མི་རུང་སྙམ་མོད། འོན་ཀྱང་ངས་བསམ་ན་ད་ལྟ་དེ་དག་འཕེལ་འགྱུར་སྨྲ་བར་བརྟེན་ནས་འགྲེལ་བཤད་བྱས་ཆོག

མིའི་རིགས་ཀྱིས་མ་འོངས་པའི་ལོ་ངོ་བརྒྱའི་ནང་ངེས་པར་དུ་རང་ཉིད་ཀྱི་འཚོ་སྡོད་སྐོར་ལ་བསམ་གཞིགས་ནན་མོ་གཏོང་དགོས། ངས་མིའི་རིགས་ཀྱི་ཉེན་ཁ་མཐོང་བྱུང་། སྔོན་ཆད་མིའི་རིགས་ལ་འཚོ་སྡོད་ཉམས་ཉེ་ཐེངས་མང་བོ་བྱུང་བ་རེད། དེ་ལྟ་བུའི་གནས་ཚུལ་འབྱུང་ཚད་ད་དུང་ཇེ་མང་ལ་འགྲོ་སྲིད། ང་ཚོས་ཧ་ཅང་གཟབ་ནན་སྒོ་ནས་ཉམས་ཉེན་འདིའི་རིགས་ལས་གཡོལ་ཐབས་བྱ་དགོས། ཡིན་ནའང་ང་ནི་སྤྲོ་སྣང་རིང་ལུགས་པ་ཞིག་ཡིན། གལ་སྲིད་མིའི་རིགས་ཀྱིས་ལོ་ངོ་བརྒྱའི་ནང་ཕྱིའི་བར་སྣང་ཁམས་ལ་རྒྱ་བསྐྱེད་ཐུབ་པ་ཡིན་ན་ང་ཚོ་གནོད་འཚེའི་ཉེན་ཁ་དེ་དག་ལས་གཡོལ་ཐུབ།

རྟག་བརྟན་ནི་དུས་ཚོད་ཧ་ཅང་རིང་བོ་ཞིག་ཡིན་པ་དང་ལྷག་པར་དུ་བྱ་དངོས་དེ་མཇུག་བསྡུ་བའི་བར་ཡིན།

མིས་བཟོས་རིག་སྟོབས་ནི་གཅིག་བྱས་ན་ཆེས་བཟང་ཤོས་དེ་ཡིན་པ་དང་། ཡང་གཅིག་བྱས་ན་ཆེས་སྡུག་ཤོས་དེ་ཡིན།

  <<སྐར་མའི་རྨོངས་འགྲུལ། རབས་རྗེས་མ>>ནང་དུ་ཉིའུ་ཏོན་དང་ཨེ་དབྱིན་སི་ཐན་གྱི་འཁྲབ་སྟོན་པ་གཉིས་དང་མཉམ་དུ་ཧོ་ཁིན་རྩེད་མོར་རོལ་བ་རེད། གཅིག་བྱས་ན་ད་ལྟ་རྣམ་པ་འདི་མངོན་འགྱུར་བྱས་ཟིན།

ཚེ་སྲོག་ནི་མ་གཞི་ནས་རླབས་ཆེ་བའི་ངོ་མཚར་རྗེས་ཤུལ་ཡིན་པ་དང་། ཁྱེད་ཀྱི་བསམ་པའི་ཡུལ་ལས་འདས་པ་ཞིག་ལ། སེམས་པའི་གཏིང་རུམ་གྱི་འབོད་སྒྲ་དེའི་སླད་དུ། ཧོ་ཁིན་གྱིས་འབད་བརྩོན་ག་འདྲ་ཞིག་གནང་ཡོད། ཁོང་གིས་ལས་དབང་ལ་གནང་བའི་འཕག་འཚག་ནི་སྟོང་ཁམས་ཆེན་མོར་བསམ་གཞིགས་དང་ཚེ་སྲོག་ལ་རྫོགས་ཚིག་བཀོད་པ་དེ་ཡིན།

    ལ་ལས་བཤད་དོན། འབྱམས་སུ་ཀླས་པའི་སྟོང་ཁམས་ཆེན་མོའི་ཁྲོད་དུ་མཛེས་སྡུག་གི་སྐར་མའི་སྤྲིན་རིས་ཡོད་པ་དང་ཁ་ཤས་ཤིག་ས་སྒང་འདིའི་རྒྱུ་སྐར་ཕྱོགས་སུ་འཕུར་གྱིན་ཡོད། ལ་ལ་ཞིག་གིས་མུན་དོང་ཡོད་ཚད་ཁྱུར་མིད་བཏང་ཟིན། ཧོ་ཁིན་གྱིས་རང་གི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་དོར་བ་ཙམ་ལས་ཁོང་ཉིད་སྔར་བཞིན་གསོན་ཡོད། འཁོར་ལྡན་རྐུབ་སྟེགས་ལས་ཡར་འཕགས་པའི་སྐད་ཅིག་མ་དེར་ཁོ་རང་དམིགས་འདུན་གྱི་གནས་དེར་བསྐྱོད་ཟིན་པ་དང་། ད་ལྟ་ཁོ་རང་གཞི་ནས་དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་ཏུ་གྱུར་ཟིན།

    ང་ཚོས་ཧོ་ཁིན་ལ་རྗེས་དྲན་བྱེད་པ་དང་དུས་མཚུངས་རང་ཉིད་ལ་དྲི་བ་ཞིག་འདོན་དགོས་པ་ནི། ཁྱེད་ལ་རང་གི་མི་ཚེ་སྟོང་ཟད་དུ་གཏོང་བའི་གནས་ལུགས་ཤིག་ཡོད་དམ།

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ།  གསར་འགོད་པ།  གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rohv བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23502542
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།