རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 17 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།
རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-05-22ལྟ་ཀློག (8937)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།

    དེ་རིང་སྟེ་སྤྱི་ཟླ ༥ ཚེས ༢༢ ཉིན་ངེད་ལྷག་དཀར་ཀུན་སྤྱོད་འཛིན་གྲྭའི་སྐབས་དགུ་བའི་ཀུན་སྤྱོད་བྱ་འགུལ་སྤེལ་བ་ཡིན། འདི་ནི་འཛིན་གྲྭ་རང་ནང་གི་བྱ་འགུལ་ཆུང་ངུ་ཞིག་སྔར་ལས་རྒྱ་ཇེ་ཆེར་བཏང་སྟེ་སློབ་སྤྱི་ལ་ཁ་ཕྱོགས་པའི་བྱ་འགུལ་ཆེས་ཐོག་མ་ཡིན།
     ཀུན་སྤྱོད་ནི་སློབ་གསོའི་ཉིང་ཁུ་ལྟ་བུ་ཡིན་པས་སློབ་གསོ་སྤྲོད་མཁན་དང་སློབ་གསོ་མྱོང་མཁན་གང་ལ་མཚོན་ན་ཡང་ཀུན་སྤྱོད་སློབ་གསོ་མ་སྤྲད་ཅིང་མ་མྱངས་ན་སློབ་གསོའི་སྙིང་བོ་བོར་བ་ཡིན་ལ་སྙིང་བོས་དབེན་པའི་ལས་ཀ་གང་ཡིན་ཡང་བྱབ་ཆུང་ཉིད་ལས་མ་འདས་སོ།། ཀུན་སྤྱོད་ཀྱི་སྤུས་ཚད་ནི་བསམ་བློའི་སྤུས་ཚད་ལ་རག་ལས་ཤིང་། བསམ་བློའི་སྤུས་ཚད་ནི་སློབ་གསོའི་སྤུས་ཚད་ལ་རག་ལས། ཡིན་ཏེ། སློབ་གསོའི་སྤུས་ཚད་ཀྱང་ཀུན་སྤྱོད་རྩ་གནད་དུ་འཛིན་མིན་ཁོ་ན་ལ་ལྟོས་པའི་ཚུལ་འདི་ལ་བློ་ལྡན་སུ་ཡིས་སྙོན། དེའི་ཕྱིར་སློབ་གླིང་འདི་ཀའི་བྱེད་པོ་སྟེ་༧རྭ་རྒྱ་བ་འཇིགས་མེད་རྒྱལ་མཚན་ཁོང་གིས་མ་ནོར་བའི་བླང་དོར་བསྟན་པ་བདེན་པའི་སྲོག་ཏུ་བཟུང་སྟེ། སློབ་གླིང་གཞན་དག་གིས་རྒྱུགས་འབྲས་ཨང་དང་བོར་འཛིན་པ་བཞིན་ངེད་སློབ་གླིང་གིས་ནམ་རྒྱུན་ཀུན་སྤྱོད་ཨང་དང་བོར་བཟུང་ནས་སྤྱོད་ཡོན་ཟུང་ལྡན་གྱི་མཛེས་ལྗོངས་ཤིག་ལ་སྙེག་གིན་ཡོད། དེ་བས་ཀྱང་ངེད་ཀུན་སྤྱོད་འཛིན་གྲྭས་ཀུན་སྤྱོད་ལ་གཞོལ་བའི་ཚུལ་ནི་གཞན་གང་ལས་ཀྱང་ལྷག་པ་རང་གི་མང་ལས་ཀྱང་གོ་ངེས། ཐ་ན་ཐེངས་འདིའི་བྱ་འགུལ་འདི་ཙམ་གྱི་ཆེད་དུའང་། གར་སྟེགས་ཕག་ཏུ་ལོ་གཅིག གར་སྟེགས་ཐོག་ཏུ་དུས་ཚོད་གཅིག་ཅེས་པའི་དཔེ་ལྟར་ངེད་ཅག་དགེ་སློབ་དག་གིས་ཟླ་ངོ་གཉིས་ལྷག་གི་ཡར་སྔོན་ནས་བསླབ་གཞི་མང་བོའི་ལས་བྱའི་ཞོར་དུ་ལྟ་གོན་གང་ལེགས་བགྱིས། མདོར་ན་ང་ཚོ་ཤུགས་ཆེན་པོས་ཀུན་སྤྱོད་ཀྱི་ཕྱོགས་སུ་འགྲོ་བཞིན་ཡོད་ལ། ང་ཚོས་མིག་ཟུང་ཆེ་རུ་བགྲད་ནས་ཀུན་སྤྱོད་ཀྱི་ངོ་གདོང་འཚོལ་གྱིན་ཡོད། འདི་ནི་ང་ཚོའི་སྤྱི་གཙུག་ན་གཟི་བྱིན་གྱིས་འབར་བའི་བོད་ཀྱི་སློབ་གསོ་བ་ཁོང་གིས་བདག་ཅག་ལ་ཆེད་དུ་བསྟན་པའི་འོད་ཀྱི་བཤུལ་ལམ་དེ་ཡིན་ལ། སློབ་དཔོན་མཆོག་གིས་ང་ཚོར་གཉེར་དུ་གཏད་པའི་འདས་མ་ད་གསུམ་གྱི་དམིགས་ཡུལ་ཅིག་གི་བསྡུས་གཟུགས་ཀྱང་ཡིན།

སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་ཀུན་སྤྱོད་སློབ་གསོ་གནང་བཞིན་པ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཀུན་སྤྱོད་སློབ་གསོ་གནང་བཞིན་པ།

སློབ་ཁང་སོ་སོར་གཟིགས་ཞིབ་གནང་བཞིན་པ།

འདི་ཀའི་དགེ་སློབ་རྣམ་པས་སློབ་གླུ་ལེན་པ།

ལྷག་དཀར་ཀུན་སྤྱོད་འཛིན་གྲྭས་ཐོན་མིའི་གསོལ་འདེབས་འདོན་བཞིན་པ།

སློབ་གཙོ་བཀྲ་ཤིས་ཚེ་རིང་གིས་བྱ་འགུལ་མཇུག་བསྡུ་བའི་རྣམ་པ།

འཛིན་བདག་པད་དཀར་འབངས་ཀྱིས་བྱ་འགུལ་སྤེལ་བའི་དམིགས་ཡུལ་དང་རྒྱུ་མཚན་བཤད་པ།

སློབ་བུ་ཚེ་སྒྲོལ་དང་འཛུམ་སྐྱིད་གཉིས་ཀྱིས་ཀུན་སྤྱོད་དཔེ་ཀློག་མྱོང་ཚོར་གླེང་བ།

བོད་རྒྱ་དབྱིན་གསུམ་གྱི་མདོ་འཛིན་པ་དང་རིག་རྩལ་པ།

འཛིན་གྲྭ་སོ་སོའི་འཇིགས་མེད་ཀུན་སྤྱོད་བྱ་དགའ་ཐོབ་པའི་སློབ་བུ།

གཟེངས་བསྟོད་བྱ་དགའ་ཐོབ་པའི་ཁྱིམ་བདག་དཔེ་ལེགས་ཅན་ཚེ་བརྟན། བསམ་གཏན། ཐར་མ།


གསར་འགོད་པ་པད་དཀར་འབངས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། xum1 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར།   སྤེལ་མཁན།: གངས་རྩེན། སྤེལ་དུས:2018/5/23
དགེ་སློབ་ཚང་མ་བཀའ་དྲིན་ཆེ།རེ་བ་ཆེ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23482874
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།