སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་རྐང་ཚའི་རུ་མང་དགོན་དུ་མཛད་འཕྲིན་བསྐྱངས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་རྐང་ཚའི་རུ་མང་
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་རྐང་ཚའི་རུ་མང་དགོན་དུ་མཛད་འཕྲིན་བསྐྱངས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-05-20ལྟ་ཀློག (5932)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་རྐང་ཚའི་རུ་མང་དགོན་དུ་སྤྱི་ཚོགས་ཡར་སྐུལ་གྱི་སློབ་གསོ་གནང་བ། 


  སྤྱི་ལོ༢༠༡༨ལོའི་ཟླ་༥བའི་ཚེས་༡༩ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་རྐང་ཚའི་རུ་མང་དགོན་གྲོང་གཉིས་ཀྱི་གདན་ཞུས་ལྟར་རུ་མང་དགོན་བཤད་སྒྲུབ་བཀྲ་ཤིས་དར་རྒྱས་གླིང་དུ་ཕེབས་ཤིང་། ཡུལ་འདིའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་དགའ་བས་མདུན་བསུས་ཤིང་། དད་པའི་ཕྱག་བགྱིས་ཏེ་དགོན་པའི་ཁྲི་བ་བླ་མ་ཡབ་རྗེ་ཨ་དགའ་བླ་མའམ་ཡང་སྤྲུལ་༧འཇམ་དབྱངས་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གི་གཟིམ་ཤག་ཏུ་སྤྱན་དྲངས།

   སྤྱི་ལོ༢༠༡༨ལོའི་ཟླ་༥བའི་ཚེས་༢༠ཉིན་གྱི་སྔ་དྲོའི་དུས་ཚོད་༡༠:༣༠སྟེང་ཁོང་ཉིད་རུ་མང་དགོན་པའི་ཚོགས་ཆེན་འདུ་ཁང་དུ་ཕེབས་ཏེ་མང་ཚོགས་ཁྲི་སྟོང་མང་བོའི་དགོས་འདོད་ལྟར་སྤྱི་ཚོགས་ཡར་སྐུལ་གྱི་སློབ་གསོ་དང་གཉེན་པོ་སྟོབས་བཞིའི་སྒོ་ནས་སྡིག་བཤགས་བྱེད་ཚུལ་གྱི་བཀའ་སློབ་རྒྱ་ཆེན་པོ་གནང་། ཁྱད་པར་དུ་ཡུལ་འདིའི་དགོན་གྲོང་གཉིས་ཀྱི་ད་ལྟའི་སྤྱི་ཚོགས་དང་མ་འོངས་ཤེས་རིག་གི་ལམ་ཁར་གཟི་བྱིན་ལྡན་པའི་བཀའ་སློབ་ཡིད་འཁུལ་པ་བླ་ན་མེད་པ་བསྩལ།


སློབ་དཔོན་རིན་པོ་ཆེ་ཁོང་ལ་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་བསུ་བ་བྱེད་བཞིན་པ། 


སློབ་དཔོན་རིན་པོ་ཆེ་རུ་མང་དགོན་པའི་ཚོགས་སུ་བཞུགས་པ། 


སློབ་གསོ་གནང་བཞིན་པའི་ཡུལ་དངོས། 


ཁོང་ཚང་རུ་མང་ཆོས་རིག་དཔེ་མཛོད་གླིང་དུ་ཕེབས་པ། 


སློབ་དཔོན་རིན་པོ་ཆེ་མཆོག་ཆོས་རིག་ཟབ་སྦྱོང་འཛིན་གྲྭའི་སློབ་ཁང་དུ་ཕེབས་པ། 

གསར་འགོད་པ།  ཁྲི་གཤོག་སྙེ་མ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg9m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505435
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།