རྭ་རྒྱའི་ལུང་པ་ནམ་ཡང་བརྗེད་རྒྱུ་མེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། »རྭ་རྒྱའི་ལུང་པ་ནམ་ཡང་བརྗེད་རྒྱུ་མེད།
རྭ་རྒྱའི་ལུང་པ་ནམ་ཡང་བརྗེད་རྒྱུ་མེད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-05-11ལྟ་ཀློག (11582)རྩོམ་ཁུངས: ངེད་དྲ་བ།

རྭ་རྒྱའི་ལུང་པ་ནམ་ཡང་བརྗེད་རྒྱུ་མེད།

རི་ཇག

ལུང་བ་རྟ་ཁོག་འདྲ་ཞིག་བརྗེད་རྒྱུ་མེད། །
འདམ་ཆུ་ཁྲག་དམར་འདྲ་ཞིག་བརྗེད་རྒྱུ་མེད། །
སློབ་གླིང་དབྱར་ཁ་འདྲ་ཞིག་བརྗེད་རྒྱུ་མེད། །
དཔེ་ཀློག་དབྱངས་རྟ་འབྲུག་སྒྲ་ལྡིར་ལྡིར་ཡིན། །

སློབ་ཁང་རྙིང་རལ་མ་ཞིག་བརྗེད་རྒྱུ་མེད། །
སློབ་གྲོགས་ཕུ་ནུ་འདྲ་ཞིག་བརྗེད་རྒྱུ་མེད། །
སློབ་དཔོན་བུམ་པ་འདྲ་ཞིག་བརྗེད་རྒྱུ་མེད། །
ཤེས་བྱའི་བདུད་རྩི་བུམ་ཆུ་ཕྱོ་ཕྱོ་ཡིན། །

རྒྱབ་རི་ཁྱུང་ཆེན་འདྲ་ཞིག་བརྗེད་རྒྱུ་མེད། །
གཙང་བོ་རྒྱ་མཚོ་འདྲ་ཞིག་བརྗེད་རྒྱུ་མེད། །
སློབ་ར་རང་ཁྱིམ་འདྲ་ཞིག་བརྗེད་རྒྱུ་མེད། །
དགོད་སྒྲ་ལྷང་ལྷང་དྲོད་ཁོལ་ལམ་ལམ་ཡིན། །

མལ་ཁང་ཕག་ཚང་འདྲ་ཞིག་བརྗེད་རྒྱུ་མེད། །
དྲོད་རླངས་མེ་ཕུང་འདྲ་ཞིག་བརྗེད་རྒྱུ་མེད། །
མལ་གྲོགས་སྣང་སྐྱིད་འགའ་ཡང་བརྗེད་རྒྱུ་མེད། །
པི་ཝང་བདུང་ཞོར་རྩམ་པ་ཟ་ཞོར་བྱེད། །

འཛིན་བདག་ཕ་མ་འདྲ་ཞིག་བརྗེད་རྒྱུ་མེད། །
འཛིན་གྲོགས་གཉིད་སྐྱ་འགའ་ཡང་བརྗེད་རྒྱུ་མེད། །
འཛིན་དཔོན་ཐབས་ཤེས་ཅན་ཞིག་བརྗེད་རྒྱུ་མེད། །
བརྩེ་བ་ལོག་ལོག་སྙིང་གཏམ་ཤབ་ཤུབ་ཡིན། །

ནང་གྲོགས་གསེར་ནག་འདྲ་ཞིག་བརྗེད་རྒྱུ་མེད། །
མི་གཤིས་བརྟན་ཅིང་ལྒང་ལུ་རྩེད་ལ་མཁས། །
ལོ་ཟླ་མེ་ལོང་འདྲ་ཞིག་བརྗེད་རྒྱུ་མེད། །
ཕྱིར་དྲན་ངོ་གདོང་དཀར་ནག་ཁྲ་གསུམ་འཆར། །

མཛད་སྒོ་ཆེ་མ་ཆུང་གསུམ་བརྗེད་རྒྱུ་མེད། །
ཕུལ་བྱུང་བྱ་དགའ་གཅིག་འཕྲོ་གཅིག་མཐུད་ཡིན། །
རྒྱལ་ཁའི་གླུ་དབྱངས་འགའ་ཡང་བརྗེད་རྒྱུ་མེད། །
མིད་པ་འགག་ཞོར་བཙན་གྱིས་ལེན་ཞོར་བྱེད། །

སློབ་ཁང་གྱན་གསུམ་མ་ཞིག་བརྗེད་རྒྱུ་མེད། །
ས་གདན་འབྲུག་རིས་མ་ཞིག་བརྗེད་རྒྱུ་མེད། །
སློབ་གསེང་དུས་ཚོད་དག་ཀྱང་བརྗེད་རྒྱུ་མེད། །
ཕར་ཁེན་ཚུར་ཁེན་རྐང་རྐྱོངས་ལག་གནར་བྱེད། །

གློག་སྐུད་ལྗང་གུ་ཞིག་ཀྱང་བརྗེད་རྒྱུ་མེད། །
རྩ་སྡོམ་དོན་ཟབ་ཅིག་ཀྱང་བརྗེད་རྒྱུ་མེད། །
བླ་མ་སངས་རྒྱས་འདྲ་ཞིག་བརྗེད་རྒྱུ་མེད། །
རང་དོན་བོར་ཞིང་ཚེ་སྲོག་རིགས་ལ་ཕུལ། །

དགུན་ཙག་རྒྱ་སྟག་འདྲ་ཞིག་བརྗེད་རྒྱུ་མེད། །
བོད་ལྭ་ཚི་སྟུག་མ་ཞིག་བརྗེད་རྒྱུ་མེད། །
འཁྲུངས་སྟོན་སྤྲོ་སྣང་ཅན་དེ་བརྗེད་རྒྱུ་མེད། །
ཆོལ་ཁ་གསུམ་གྱི་གླུ་གར་གཞས་གསུམ་འཛོམས། །

དབྱར་དགུན་རེས་སུ་འཁོར་བ་བརྗེད་རྒྱུ་མེད། །
དུས་བཞིར་རླུང་དམར་ལྡིང་བ་བརྗེད་རྒྱུ་མེད། །
ཁ་དོག་དཀར་དམར་བརྩད་པ་བརྗེད་རྒྱུ་མེད། །
དགེན་ལ་བལྟ་ཞོར་ཁ་བརྡ་བྱེད་ཞོར་བྱས། །

ནངས་དགོང་རྩ་སྡོམ་སྐྱོར་བ་བརྗེད་རྒྱུ་མེད། །
འབྲུ་གསུམ་བསྟན་བཅོས་བཀླགས་པ་བརྗེད་རྒྱུ་མེད།  །
སྒྲ་སྦྱོར་གཙུག་ལག་ཁང་ཡང་བརྗེད་རྒྱུ་མེད། །
འཚིག་ཇ་འཐུང་ཞོར་དཔེ་ཆ་བལྟ་ཞོར་བྱས། །

ལང་ཚོ་དེ་གར་ཚར་བས་འགྱོད་རྒྱུ་དང་། །
ལུས་སེམས་དེ་གར་གྱེས་ཀྱང་ཕངས་རྒྱུ་མེད། །
འཚོ་བའི་དྲོ་གྲང་མྱངས་པའི་ཉིན་ཞག་དག །
ང་ལ་མཚོན་ན་གསེར་དངུལ་ཁྲི་ཡི་ཚབ། །

                                       2018/4/17ཉིན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 9 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྭ་རྒྱའི་ལུང་པ་ནམ་ཡང་བརྗེད་རྒྱུ་མེད།   སྤེལ་མཁན།: བྱམས་པ། སྤེལ་དུས:2022/3/27
ཡག་པོ་འདུག
  རྭ་རྒྱའི་ལུང་པ་ནམ་ཡང་བརྗེད་རྒྱུ་མེད།   སྤེལ་མཁན།: བྱམས་པ། སྤེལ་དུས:2022/3/27
ཡག་པོ་འདུག
  རྭ་རྒྱའི་ལུང་པ་ནམ་ཡང་བརྗེད་རྒྱུ་མེད།   སྤེལ་མཁན།: བྱམས་པ། སྤེལ་དུས:2022/3/27
ཡག་པོ་འདུག
  རྭ་རྒྱའི་ལུང་པ་ནམ་ཡང་བརྗེད་རྒྱུ་མེད།   སྤེལ་མཁན།: བྱམས་པ། སྤེལ་དུས:2022/3/27
ཡག་པོ་འདུག
  རྭ་རྒྱའི་ལུང་པ་ནམ་ཡང་བརྗེད་རྒྱུ་མེད།   སྤེལ་མཁན།: འཛུམ་དཀར། སྤེལ་དུས:2022/3/26
ཡག་པོ་འདུག
  རྭ་རྒྱའི་ལུང་པ་ནམ་ཡང་བརྗེད་རྒྱུ་མེད།   སྤེལ་མཁན།: འཛུམ་དཀར། སྤེལ་དུས:2022/3/26
ཡག་པོ་འདུག
  རྭ་རྒྱའི་ལུང་པ་ནམ་ཡང་བརྗེད་རྒྱུ་མེད།   སྤེལ་མཁན།: འཛུམ་དཀར། སྤེལ་དུས:2022/3/26
ཡག་པོ་འདུག
  རྭ་རྒྱའི་ལུང་པ་ནམ་ཡང་བརྗེད་རྒྱུ་མེད།   སྤེལ་མཁན།: འཛུམ་དཀར། སྤེལ་དུས:2022/3/26
ཡག་པོ་འདུག
  རྭ་རྒྱའི་ལུང་པ་ནམ་ཡང་བརྗེད་རྒྱུ་མེད།   སྤེལ་མཁན།: འཛུམ་དཀར། སྤེལ་དུས:2022/3/26
ཡག་པོ་འདུག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23530143
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།