སློབ་གླིང་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »སློབ་གླིང་གསར་འགྱུར།
སློབ་གླིང་གསར་འགྱུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-05-04ལྟ་ཀློག (4905)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་གླིང་གསར་འགྱུར།

    2018.5.4ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ལོ་རེའི་འཆར་ཅན་ལྟར་༿གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་བསྡུར་༾སྐབས་གསུམ་པ་གཟབ་རྒྱས་ངང་སྤེལ།   ཐེངས་འདིའི་འགྲན་ཞུགས་པ་རྣམས་ཀྱིས་༿བོད་ཀྱི་སྲོལ་རྒྱུན་རྒྱན་གོས་རྒྱུན་འཛིན་དར་སྤེལ་སྐོར་གླེང་བ་༾ཞེས་པའི་གཅིག་གྱུར་གྱི་བརྗོད་གཞིའི་སྟེང་ནས་གཏམ་བཤད་བྱས།  གཏམ་བཤད་ཀྱི་བརྗོད་དོན་ཐད་ནས་དཔྱད་གཞིའི་རྒྱུ་ཆ་དང་འབྲེལ་ཡོད་ལོ་རྒྱུས་ཡིག་ཚང་སོགས་ལ་ལྟ་ཀློག་དང་སློབ་སྦྱོང་སྔོན་དུ་བཏང་ཡོད་པས་ནང་དོན་ཐད་ལོ་རྒྱུས་ཀྱི་ཁུངས་བཙུན་པ་དང་།   དཔྱད་ཞིབ་ཀྱི་རིགས་པ་རྣོ་བ།  ངོ་སྤྲོད་ལ་ཞིབ་ཚགས་ལྡན་པ།    རྒྱུན་འཛིན་གྱི་ཐབས་ལམ་བཟང་བ་སོགས་ཞིབ་འཇུག་གི་རིན་ཐང་འོས་འཚམས་ལྡན་ལ།  བཤད་སྟངས་ཀྱི་རྣམ་པའི་ཐད་ནས་རིག་གཞུང་འཆད་ཁྲིད་དང་།   དཔྱད་གཏམ་སྒྲོག་སྦྱོང་།   སྲོལ་རྒྱུན་གཏམ་བཤད།   ཁ་བརྡ་འཁྲབ་སྟོན་སོགས་གཏམ་གྱི་སྒྱུ་རྩལ་ཀློང་དུ་བརྡོལ་བའི་བཤད་སྟངས་སྣ་ཚོགས་དང་།   ངོ་མཚར་མིག་གི་ལྟད་མོར་གྱུར་བའི་རྒྱན་གོས་ཀྱི་པར་རིས་མང་བོས་ཉན་མཁན་དང་གཟིགས་མོ་བ་ཡོངས་ལ་བློ་སྐྱེད་དང་སྤྲོ་དགའ་ཟད་དུ་མེད་པ་སྦྱིན།   ལྷག་པར་དུ་༧སློབ་དཔོན་རིན་པོ་ཆེ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཐེངས་འདིའི་འགྲན་བསྡུར་ལ་གདེང་འཇོག་དང་དཔྱད་བརྗོད་བླ་མེད་གནང་བར་མ་ཟད།  ཁོང་གི་ཉམས་མྱོང་དང་འབྲེལ་ཏེ་གཏམ་བཤད་སྒྱུ་རྩལ་གྱི་ཁྱད་ཆོས་དང་ཉམས་འཇོག་བྱ་དགོས་ས་སོགས་ཀྱི་ཐད་ལ་བཀའ་སློབ་ལམ་སྟོན་ཕུན་སུམ་ཚོགས་པ་གནང་།   མཇུག་མཐར་བྱ་དགའ་ཐོབ་མཁན་གྱི་སློབ་གྲོགས་བཅུ་དང་ཕུལ་བྱུང་འཛིན་གྲྭ་གཅིག་བཅས་ལ་གཟེངས་རྟགས་གྱ་ནོམ་པ་གནང་ཞིང་།   ཐེངས་འདིའི་སྦྱིན་བདག་རྣམ་པར་དྲིན་བཟོའི་གཟི་བརྗིད་རྟགས་མ་གནང་སྟེ་མཇུག་བསྡུས།

བྱ་དགའ་ཐོབ་མཁན། 

ཨང་དང་བོ།   ཆོས་དབྱིངས་རྒྱ་མཚོ།  གཏམ་བཤད་ཁ་བྱང་།༿བོད་ཀྱི་སྲོལ་རྒྱུན་སྲོལ་རྒྱུན་རྒྱན་གོས་ཀྱི་བཟོ་སྟངས་དང་འབྲེལ་བའི་ཁྱད་ཆོས་རགས་ཙམ་བརྗོད་པ།༾ཨང་གཉིས་པ། ངག་དབང་ནོར་བུ། གཏམ་བཤད་ཁ་བྱང་།༿སྲོལ་རྒྱུན་རྒྱན་གོས་ཀྱི་གནས་བབ་གླེང་བ།༾ བྱམས་པ་དགེ་ལེགས།གཏམ་བཤད་ཁ་བྱང་།  ༿བརྗེད་རྒྱུ་མེད་པའི་བོད་ཀྱི་མེས་པོའི་པགས་རྩག༾
ཨང་གསུམ་པ།  བསོད་ནམས་རྡོ་རྗེ། གཏམ་བཤད་ཁ་བྱང་།  ༿སྟོང་སྐུད་དམར་བོ་ཛར་ལོ།༾མགོན་པོ་རྡོ་རྗེ། གཏམ་བཤད་ཁ་བྱང་། ༿སྲོལ་རྒྱུན་རྒྱན་གོས་ཀྱིས་མཚོན་ཞིང་རྒྱན་གོས་རྒྱུད་འཛིན་ལ་འབད་དགོས།༾   ཚེ་བསམ།གཏམ་བཤད་ཁ་བྱང་། ༿བོད་ཀྱི་རྒྱན་གོས་ཉམས་པའི་རྒྱུ་རྐྱེན་གླེང་བ།༾
ཨང་བཞི་བ།  སྨིན་གྲོལ་རྒྱ་མཚོ། གཏམ་བཤད་ཁ་བྱང་།༿གཡུའི་སྐོར་གླེང་བ།༾ལྕགས་ཐར་འབུམ།གཏམ་བཤད་ཁ་བྱང་། ༿སྲོལ་རྒྱུན་རིག་གནས་ཀྱི་བྱེ་བྲག་རྩག་པ་དང་ཆུ་ཕྱིང་གཉིས་ཀྱི་བཟོ་རྩལ་དང་དེའི་ཁྱད་ཆོས་སྐོར་གླེང་བ།༾  རྒྱལ་མཚན་མཐའ་ཡས།གཏམ་བཤད་ཁ་བྱང་། ༿བོད་ཀྱི་རྒྱན་གོས་དང་དེའི་གལ་ཆེན་སྐོར་ཉུང་ཙམ་གླེང་བ།༾ བསོད་ནམས་དར་རྒྱས།གཏམ་བཤད་ཁ་བྱང་།༿བོད་ཀྱི་སྲོལ་རྒྱུན་གྱོན་གོས་བྱུང་འཕེལ་ལས་རྒན་པོ་ཞིག་གི་མི་ཚེ་རོབ་ཙམ་གླེང་བ།༾
ཕུལ་བྱུང་འཛིན་གྲྭ།  མཐར་ཕྱིན་དང་བོའམ་བདེན་འཚོལ་རུ་དཔུང་ཚང་།


སྦྱིན་བདག 
ནོར་གླིང་བླ་མ་ཚེ་རྒྱལ།  རྟ་ནག་སྐལ་བཟང་ལུང་རིགས། འབུམ་རྙིང་ཤེས་རིག་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ།ཨ་རིག་འཛིན་པ་རང་གྲོལ། ཚེ་རིང་རྡོ་རྗེ།

དཔྱད་འདེམས་པ།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ། སློབ་གཙོ་གཅོད་པ་ཚེ་རིང་། སློབ་གཙོ་བཟོད་པ་བཟང་བོ། དགེ་རྒན་བསོད་ནམས་ཆོས་སྒྲོན། ལས་བཟོ་བ་འཕྲིན་ལས་རྣམ་རྒྱལ།

བློ་འདོན་དགེ་རྒན།
བླ་ནག་པ་སྐལ་ལྡན་རྒྱ་མཚོ།

རྩོམ་སྒྲིག་པ།
སྐལ་བཟང་རྒྱ་མཚོ། སྨོན་ལམ་རྒྱ་མཚོ། བསོད་ནམས་ལྷུན་གྲུབ། དཔལ་ལྡན་ཕུན་ཚོགས། རྫ་ཆུའི་ཐུབ་བློ། བློ་བཟང་རྒྱ་མཚོ།

མདོ་འཛིན་པ།
སྨིན་གྲོལ་རྒྱ་མཚོ།  ཚེ་རིང་ཕུན་ཚོགས།

རིག་རྩལ་བ།
བདེ་མཆོག་སྐྱབས། ཏིང་འཛིན་རྡོ་རྗེ། བཱེ་རུ་ཆོས་བསམ། བསོད་ནམས་རབ་བརྟན། རབ་བརྟན་མགོན་པོ།

སྒྲ་གཏོང་བ
སྐལ་བཟང་ཀར་དབང་། མགོན་པོ་དགྲ་འདུལ།

བརྙན་གཏོང་བ།
སྨོན་ལམ་རྒྱ་མཚོ།

བརྙན་ལེན་པ།
ཀརྨ་བདུད་འདུལ། སྐལ་བཟང་རྒྱལ། ཚུལ་ཁྲིམས་བཟང་ལྡན།

རམ་འདེགས་པ།
བདེ་སྲུང་ཁང་། སྤྱི་གཉེར་ཚན་ཆུང་།

གསར་འགོད།
སྐབས་གསུམ་པའི་གཏམ་བཤད་ནོར་བུའི་ཕྲེང་བའི་རྩོམ་སྒྲིག་ཚན་ཆུང་།

གཙོ་སྐྱོང་ལས་ཁུངས།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།

གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་བསྡུར་ཡུལ་དངོས།

བྱ་དགའི་ལེགས་སྐྱེས།

ཚོགས་རའི་རྣམ་པ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་བྱ་དགའ་གནང་བ།

བྱ་དགའ་ཐོབ་མཁན་གྱི་མཉམ་པར།

བྱ་དགའ་ཐོབ་མཁན་གྱི་མཉམ་པར།

བྱ་དགའ་ཐོབ་མཁན་དང་དགེ་སློབ་མཉམ་པར།


2018.5.4

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སློབ་གླིང་གསར་འགྱུར།   སྤེལ་མཁན།: ཆོས་བུ་་་་་སྐལ་བསམ སྤེལ་དུས:2018/5/21
ཕྲན་གིས་ཤེས་རིག་ནོར་གླིང་ལ་ནམ་ཡང་རྒྱབ་སྐྱོར་དང་དད་གུས་བྱེད་ངེས་ཡིན
  སློབ་གླིང་གསར་འགྱུར།   སྤེལ་མཁན།: སྨིན་དྲུག སྤེལ་དུས:2018/5/11
བྱ་འགུལ་ཡག་པོ་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23504084
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།