སློབ་གསོའི་མཐུན་རྐྱེན་ཐད་མགྲོན་ཁང་ཕུལ་བའི་མཛད་སྒོ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »སློབ་གསོའི་མཐུན་རྐྱེན་ཐད་མགྲོན་ཁང་ཕུལ་བའི་མཛད་སྒོ།
སློབ་གསོའི་མཐུན་རྐྱེན་ཐད་མགྲོན་ཁང་ཕུལ་བའི་མཛད་སྒོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-04-26ལྟ་ཀློག (6139)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

སློབ་གསོའི་མཐུན་རྐྱེན་ཐད་མགྲོན་ཁང་ཕུལ་བའི་མཛད་སྒོ།

  ༢༠༡༨ལོའི་སྤྱི་ཟླ་༤ཚེས་༢༥ཉིན་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་བཙུན་ལྷག་བསམ་ཅན་ཧོར་གཙང་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཐོག་བརྩེགས་བཞི་ཅན་གྱི་མགྲོན་ཁང་ཞིག་སློབ་གསོའི་ཞལ་འདེབས་སུ་ཕུལ་བ་ལྟར་སློབ་དཔོན་འཇིགས་མེད་རྒྱལ་མཚན་དང་ཐོན་མིའི་སློབ་ཚོགས་ཀྱི་ལས་འཛིན་པ་རྣམས་ཆེད་དུ་བླ་བྲང་ལ་སོང་སྟེ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། གྲྭ་བཙུན་ལྷག་བསམ་ཅན་ཁོང་ལ་བཀའ་དྲིན་ཞུ་བའི་ཚོགས་འདུ་གཟབ་རྒྱས་ངང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཚོགས་ཁང་ཆེན་མོའི་ནང་དུ་འཚོགས།  ཚོགས་འདུའི་སྟེང་དུ་ཁོང་དང་ཁོང་གི་ཤ་ཉེ་སྐབས་བཅུ་བའི་མཐར་ཕྱིན་སློབ་མ་ཧོར་གཙང་བསོད་ནམས་གཉིས་དངོས་སུ་གདན་འདྲེན་བྱས་པར་མ་ཟད།  ཧོར་གཙང་བསོད་ནམས་ཀྱིས་དགེ་ལས་སྦྱིན་བདག་གྲྭ་བཙུན་ལྷག་བསམ་ཅན་ཁོང་གི་མི་ཚེའི་བརྒྱུད་རིམ་གྱི་དཀའ་ཁག་དང་མཛད་རྗེས་རེ་རེ་ངོ་སྤྲོད་ཞིབ་རྒྱས་བྱས།  རང་གི་ཉམས་མྱོང་དང་འབྲེལ་ནས་མ་ཡུམ་སློབ་གླིང་ལ་བཅངས་པའི་དྲན་འཆར་དངོས་ཁ་ཞེ་གཉིས་མེད་ངང་སྦ་གསང་མེད་པར་བརྗོད་པས་དགེ་སློབ་ཡོངས་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག  གྲྭ་བཙུན་ལྷག་བསམ་ཅན་ཁོང་ལ་སློབ་དཔོན་འཇིགས་མེད་རྒྱལ་མཚན་དང་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་པ་གཉིས་ཀྱིས་བཀའ་དྲིན་མཚོན་བྱེད་དུ་སྐུ་དངོས་ཀྱིས་བསྟོད་བྱང་དང་དགེ་ལས་དཔང་ཡིག  རྟགས་མ་སོགས་ཕུལ་བར་མ་ཟད།  སློབ་མ་རྣམས་ཀྱིས་རིག་རྩལ་སྣ་ཚོགས་ཀྱི་འཁྲབ་སྟོན་གྱ་ནོམ་པ་བྱས་ནས་ཚོགས་འདུ་བདེ་བླག་ངང་མཇུག་བསྒྲིལ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གསོའི་མཐུན་རྐྱེན་ཐད་མགྲོན་ཁང་ཕུལ་བའི་མཛད་སྒོ།

ཧོར་གཙང་བསོད་ནམས་ཀྱིས་གྲྭ་བཙུན་དཀོན་མཆོག་རྒྱ་མཚོའི་གནས་ཚུལ་ངོ་སྤྲོད་གནང་བ།

ཧོར་གཙང་དཀོན་མཆོག་རྒྱ་མཚོ་མཆོག་ལ་དགེ་ལས་སྦྱིན་བདག་གི་ལེགས་སྐྱེས་གནང་བ།

སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ཧོར་གཙང་བསོད་ནམས་ལ་བསྟོད་བྱང་འབུལ་བཞིན་པ།

ཚོགས་རའི་ཡུལ་དངོས།

སློབ་གསོའི་མཐུན་རྐྱེན་ཐད་ཕུལ་བའི་མགྲོན་ཁང་ལ་རྒྱུས་ལོན་བྱས་པ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 42t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སློབ་གསོའི་མཐུན་རྐྱེན་ཐད་མགྲོན་ཁང་ཕུལ་བའི་མཛད་སྒོ།   སྤེལ་མཁན།: བཙོན་འགྲོལ། སྤེལ་དུས:2018/4/26
ངོ་མ་བཀའ་དྲིན་ཆེན་པོ་རེད། སློབ་གྲྭ་འདིར་རོགས་རམ་བྱས་པ་ནི་རང་ཉིད་ལ་རོགས་རམ་བྱས་པ་རེད་ལ། རང་གི་བུ་རབས་ཚ་རྒྱུད་ལ་རོགས་རམ་བྱས་པའང་རེད་དོ། དེ་བས “སློབ་གསོར་ཞལ་འདེབས་ཕུལ་བ་ནི་ཞལ་འདེབས་ཐམས་ཅད་ལས་རབ་དང་། ཕུལ་དང་། གྱ་ནོན་པར་བདག་གིས་བརྩི།” ཞིང་བཀུར་བའོ།།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5865506
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号