དགེ་རྒན་དོན་གྲུབ་རྒྱལ་གྱིས་བོད་ཀྱི་ལོ་ཙཱའི་བྱུང་འཕེལ་དང་སྒྱུར་ཐབས་སྐོར་ནས་འཆད་ཁྲིད་​བྱས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »དགེ་རྒན་དོན་གྲུབ་རྒྱལ་གྱིས་བོད་ཀྱི་ལོ་ཙཱའི་བྱུང་འཕེལ་དང་སྒྱུ
དགེ་རྒན་དོན་གྲུབ་རྒྱལ་གྱིས་བོད་ཀྱི་ལོ་ཙཱའི་བྱུང་འཕེལ་དང་སྒྱུར་ཐབས་སྐོར་ནས་འཆད་ཁྲིད་​བྱས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-04-21ལྟ་ཀློག (3748)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགེ་རྒན་དོན་གྲུབ་རྒྱལ་གྱིས་བོད་ཀྱི་ལོ་ཙཱའི་བྱུང་འཕེལ་དང་སྒྱུར་ཐབས་སྐོར་ནས་འཆད་ཁྲིད་བྱས་པ། 

   ༢༠༡༨ལོའི་སྤྱི་ཟླ་༤ཚེས་༡༨དགོང་མོར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་རིག་གནས་བརྗེ་རེས་ལྟེ་གནས་ཀྱིས་ཆེས་ཞུས་ལྟར་ངེད་སློབ་གྲྭའི་དགེ་རྒན་དོན་གྲུབ་རྒྱལ་གྱིས་བོད་ཀྱི་ལོ་ཙཱའི་བྱུང་འཕེལ་དང་སྒྱུར་ཐབས་རགས་ཙམ་ངོ་སྤྲོད་པ་ཞེས་པའི་འཆད་ཁྲིད་སྤེལ། འཆད་ཁྲིད་ཀྱི་ནང་དོན་སྐོར་ལ། རྒྱལ་བོ་སྲོང་བཙན་སྒམ་པོའི་ཡར་སྔོན་ལ་བོན་གྱི་ལོ་ཙཱ་བྱུང་ཡོད་པར་བརྗོད་པའི་སྐོར་བསམ་ཚུལ་བཏོན་པ། རྒྱལ་བོ་སྲོང་བཙམ་སྒམ་པོའི་སྐབས་སློབ་དཔོན་ཐོན་མིས་ལོ་ཙཱ་རིག་པའི་སྒོ་རྒྱ་ཆེར་ཕྱེ་བ། དུས་རབས་བདུན་པར་རྒྱ་གར་དང་བོད་ཀྱི་ལོ་ཙཱའི་སྐོར། རྒྱ་ནག་དང་བོད་ཀྱི་ལོ་ཙཱའི་སྐོར། རྒྱ་ནག་ནས་སྨན་རྩིས་སྐོར་བོད་ལ་འགྱུར་ཚུལ། སྐད་གསར་བཅད་དང་བོའི་སྐབས་གཏན་ལ་ཕབ་པའི་ལོ་ཙཱའི་ཚིག་མཛོད་བྱེ་བྲག་རྟོགས་བྱེད་ཆེན་མོ་བྱུང་ཚུལ། ལོ་ཙཱའི་གཞུང་གཏན་འཁེལ་བྱས་པའི་ལོ་ཙཱའི་གཞུང་ཐོག་མ་སྒྲ་སྦྱོར་བམ་གཉིས་བྱུང་ཚུལ། དུས་རབས་བརྒྱད་པའི་དུས་མགོར་རྒྱ་ནག་ནས་བོད་ལ་འགྱུར་བའི་ཆོས་གཞུང་སྐོར། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་སྐབས་སློབ་གཉེར་དང་ལོ་ཙཱའི་ལས་རིགས་རྒྱ་ཆེར་སྤེལ་ཚུལ། བསྟན་པ་ཕྱི་དར་སྐབས་ལོ་ཙཱ་བྱུང་ཚུལ། ལོ་ཆེན་རིན་ཆེན་བཟང་བོས་རྒྱ་གཞུང་བོད་ལ་བསྒྱུར་ཚུལ།  སྐད་གསར་བཅད་གསུམ་པ་བྱས་ཚུལ། ས་སྐྱ་པཎ་ཆེན་གྱིས་མཁས་འཇུག་གསུངས་ཤིང་ལོ་ཙཱའི་གཞུང་སྔ་མ་འཐུས་ཇེ་ཚང་ལ་བཏང་ཚུལ། ཤིང་དཔང་ལོ་ཙཱ་བས་ལོ་ཙཱ་གནང་ཚུལ། སྐྱོགས་ལོའི་དག་ཡིག་ལི་ཤིའི་ཀུར་ཁང་གི་བསྟན་དོན་སྐོར། ལྕང་སྐྱ་རོལ་བའི་རྡོ་རྗེའི་ལོ་ཙཱའི་མཛད་རྗེས་སྐོར། སྒྱུར་ཐབས་ཆེན་མོ་བཞི་བོ་བཀོད་སྤྱོད་བྱེད་སྟངས་སོགས་ཀྱི་སྐོར་འཆད་པར་དགེ་སློབ་ཀུན་ལ་སྤྲོ་བ་འཕེལ་ཞིང་། སྔར་མ་ཐོས་པའི་གཏམ་མང་བོའི་ལེགས་སྐྱེས་ཐོབ། 


དགེ་རྒན་དོན་གྲུབ་རྒྱལ་གྱིས་འཆད་ཁྲིད་གནང་བཞིན་པ། 


འཆད་ཁྲིད་ཀྱི་ཡུལ་ངོས། 

གསར་འགོད་པ།  དགེ་རྒན་རུ་མང་འཕྲིན་ལས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528967
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།