བོད་པའི་ཟས་ཀྱི་ཡན་ལག་རྭ་རྒྱ་རྒྱུད་འགོ་རུ་སྒོ་འབྱེད་བྱས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »བོད་པའི་ཟས་ཀྱི་ཡན་ལག་རྭ་རྒྱ་རྒྱུད་འགོ་རུ་སྒོ་འབྱེད་བྱས་པ།
བོད་པའི་ཟས་ཀྱི་ཡན་ལག་རྭ་རྒྱ་རྒྱུད་འགོ་རུ་སྒོ་འབྱེད་བྱས་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-04-19ལྟ་ཀློག (9801)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     ༢༠༡༨ལོའི་སྤྱི་ཟླ་༤ཚེས་༡༩ཉིན་བོད་པའི་ཟས་ཀྱི་ཡན་ལག་ཐོག་མ་མགོ་ལོག་རྭ་རྒྱའི་རྒྱུད་འགོ་རུ་ཚོད་ལྟའི་ཚུལ་དུ་དངོས་སུ་དབུ་འབྱེད་མཛད་སྒོ་ཕྱེས་པ་ཡིན་ཞིང་།  བོད་རང་གི་ཐུན་མོང་མ་ཡིན་པའི་འཚོ་གནས་དེ་ཉིད་སྒོ་ཀུན་ནས་ཚོད་ལྟ་ཅི་ནུས་ཀྱིས་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་འགྲོས་དང་འཚམ་པར་ཡུན་རིང་དུ་གནས་པ་ལ།  ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱིས་༢༠༡༦ལོ་ནས་བཟུང་བོད་རང་གི་ཐུན་མོང་མ་ཡིན་པའི་བོད་ཟས་ཀྱི་མ་འོངས་འཕེལ་རྒྱས་ཀྱི་མདུན་ལམ་ལ་བསམ་བློ་བཏང་ཞིང་།   ལོ་དེར་དགེ་རྒན་བཀའ་དྲིན་ཅན་དབུ་བཞུགས་ཀྱི་སྒོ་ནས་ང་ཚོ་ཚོགས་འདུ་ཆུང་ཆུང་ཞིག་འཚོགས་ནས་ཚུལ་འདི་ལ་གྲོས་ཀ་ཐེངས་གཅིག་བསྡུར་པ་ཡིན།  ང་ཚོ་ཐུན་མོང་གི་རེ་བ་ཉག་གཅིག་ནི་བོད་ཟས་འདི་ཉིད་མགྱོགས་པ།  གཙང་བ།   སྟབས་བདེ་བ།  མཛེས་ཆ་ཡོད་པ།   ཐུན་མིན་གྱི་བྲོ་བ་ལྡན་པ་བཅས་དམིགས་བསལ་གྱི་རྩ་བའི་ཁྱད་ཆོས་འགའ་གཞིར་བཟུང་ནས་བོད་རང་གི་མེས་པོའི་ལག་ཟས་འདི་ཉིད་བདེ་ཐང་གི་དུས་རབས་ནང་དུ་མི་རིགས་ཀྱི་དབྱེ་བ་མེད་པར་ཡོངས་ཁྱབ་ཏུ་སྤྱོད་ཐུབ་པ་ཞིག་བྱུང་ན་མིའི་རིགས་ཀྱི་བདེ་ཐང་ལའང་ལེགས་སྐྱེས་རྩ་ཆེན་ཞིག་ཕུལ་ཡོད་པ་རེད་ལ།  མེས་པོ་བཀའ་དྲིན་ཅན་དག་གིས་ང་ཚོར་གནང་བའི་ཟས་མཆོག་དེ་ཡང་ང་ཚོའི་ངོས་ནས་རྒྱུད་འཛིན་བྱ་ཐུབ་པ་ཞིག་བྱུང་ཡོད་པར་མ་ཟད།  རང་གི་འཚོ་བའི་ཐོན་ཁུངས་དང་འཚོ་བའི་མ་རྩ་དེ་ཉིད་རང་གིས་བདག་པོ་ཡག་པོ་ཞིག་རྒྱག་ཐུབ་པ་བྱུང་ན་རང་མི་རིགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དེ་ཡང་ང་ཚོས་ཡོངས་སུ་བསྐངས་ཐུབ་པར་བྱུང་བ་རེད།

     དེ་བས་ང་ཚོས་བོད་ཀྱི་ཤེས་ཡོན་པ་མང་བོ་ཞིག་ལ་ཚུལ་འདི་ལ་ཆེད་དུ་བཀའ་འདྲི་རབས་དང་རིམ་པ་བརྒྱུད་ནས་༢༠༡༧ལོར་བོད་པའི་ཟས་ཟེར་བའི་མིང་འདི་གཏན་འཁེལ་བྱས་ཏེ་གོང་རིམ་གྱི་འགྲོ་ལུགས་ཡོངས་སུ་བསྒྲུབས་ནས་སྐུ་འབུམ་དུ་བོད་པའི་ཟས་ཀྱི་ཟ་ཁང་གི་ལྟེ་གནས་ཐོག་མར་གསར་དུ་བཙུགས་ནའང་།   གཙོ་བོ་ཟ་ཁང་འདིའི་ནང་དུ་བོད་ཟས་མང་བོ་ཞིག་གསར་གཏོད་བྱ་རྒྱུར་ལུས་པས་ཡང་བསྐྱར་དགེ་རྒན་བཀའ་དྲིན་ཅན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་སྐུ་དངོས་ཀྱིས་ཕྱོགས་འདི་ལ་རྒྱུས་མངའ་ཆེ་བའི་རྒྱལ་ཕྱི་ནང་གི་ཤེས་ཡོན་པ་དང་།  ཉམས་མྱོང་ཅན། ཆེད་ལས་པ་སོགས་ལ་ཆེད་དུ་ཞིབ་འདྲི་བརྒྱུད་ནས་རྒྱུས་ལོན་ལེགས་པར་གནང་ཞིང་།  ཆེད་ལས་ཇ་མ་མང་བོ་ཞིག་དངོས་སུ་གདན་འདྲེན་ཞུས་ཏེ་གངས་ལྗོངས་གཅེས་ནོར་འབྲི་མོའི་ཐོན་རྫས་དངོས་སུ་བོད་པའི་ཟས་ཀྱི་རྒྱུ་ཆར་བཀོལ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟས་ཀྱི་བྲོ་བ་ལྡན་ཞིང་། དེང་རབས་མི་རྣམས་ཀྱི་འཚོ་བའི་ཟ་མའི་དགོས་མཁོ་སྟེ་མགྱོགས་བདེ་མཛེས་གཙང་གི་ཁྱད་ཆོས་ཀྱིས་ཡོངས་སུ་ཕྱུག་པའི་བོད་པའི་ཟས་སུ་བཏགས་པའི་ཐུན་མིན་གྱི་ཟ་མ་འདི་ཉིད་གསར་གཏོད་དང་ཚོད་ལྟ་བྱས་པ་ཡིན་པས།  རིགས་གཅིག་སྤུན་ཟླ་སྤྱི་དང་ནང་སྒོས་ཚུལ་འདི་ལ་མཁྱེན་དཔྱོད་མཆོག་ཏུ་ཡངས་པ་རྣམས་ཀྱིས་ང་ཚོ་ཐུན་མོང་གི་འཚོ་བའི་ལམ་ག་འདི་ལ་བཀའ་སློབ་ལམ་སྟོན་དང་ཐུགས་ཁུར་ཟབ་བཞེས་གནང་རོགས་ཞུ།


བོད་པའི་ཟས།


བོད་པའི་ཟས།


བོད་པའི་ཟས།



བོད་པའི་ཟས་ཀྱི་ཟ་ཁང་།

སྡོད་གནས། མཚོ་སྔོན་མགོ་ལོག་རྭ་རྒྱ་གྲོང་རྡལ་གངས་ལྗོངས་ཚོང་རྭའི་ཉིས་ཐོག་ཏུ་ཕེབས་པར་དགའ་བསུ་ཞུ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བོད་པའི་ཟས་ཀྱི་ཡན་ལག་རྭ་རྒྱ་རྒྱུད་འགོ་རུ་སྒོ་འབྱེད་བྱས་པ།   སྤེལ་མཁན།: མེ་ཏོག སྤེལ་དུས:2018/4/20
བོད་པའི་ཟས་ལ་ཁྱད་ཆོས་འདུག་སྙམ།
  བོད་པའི་ཟས་ཀྱི་ཡན་ལག་རྭ་རྒྱ་རྒྱུད་འགོ་རུ་སྒོ་འབྱེད་བྱས་པ།   སྤེལ་མཁན།: མེ་ཏོག སྤེལ་དུས:2018/4/20
བོད་པའི་ཟས་ལ་ཁྱད་ཆོས་འདུག་སྙམ།
  བོད་པའི་ཟས་ཀྱི་ཡན་ལག་རྭ་རྒྱ་རྒྱུད་འགོ་རུ་སྒོ་འབྱེད་བྱས་པ།   སྤེལ་མཁན།: རྩོམ་སྒྲིག་པ། སྤེལ་དུས:2018/4/20
ཚང་མས་སྟོབས་ཤུགས་མཉམ་རུབ་ཀྱིས་ད་ནི་བོད་པའི་ཟས་དངོས་སུ་ལམ་ལ་ཆས་ཐུབ་སོང་། འབྱུང་འགྱུར་ནང་བདེ་ཐང་གི་རྒྱལ་བོ། བོད་པའི་ཟས་ལམ་འགྲོ་ཡོང་བར་ཤོག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23523530
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།