མེ་ལོང་རི་མོའི་སྒྱུ་རྩལ་རྒྱལ་སྤྱིའི་འགྲེམས་སྟོན་སྟེང་ཞུགས་པ།
༢༠༡༨ལོར་ཀྲུང་གོའི་རྒྱལ་ཁབ་ཚོང་དོན་པུའུ་དང་ཐེན་ཅིན་མི་དམངས་སྲིད་གཞུང་། ཀྲུང་ཧྭ་རྒྱལ་ཡོངས་དཔའ་ཆོ་མཉམ་འབྲེལ་ཚོགས་པ། ཀྲུང་གོ་ཚོང་ལས་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་མཛད་པའི་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོ་ཐེན་ཅིན་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་དང་PECC དངོས་མང་འགྲེམས་སྟོན་ཚོགས་པ་བཅས་ཀྱིས་སྤྱི་ཟླ་༤བའི་ཚེས་༡༣ ཉིན་གྱི་སྔ་དྲོ་ཐེན་ཅིན་གྲོང་ཁྱེར་མའེ་ཅང་འགྲེམ་སྟོན་ལྟེ་གནས་རུ་གཟབ་རྒྱས་ངང་མཛད་སྒོ་དངོས་སུ་བསྡུས་ཤིང་སྤྱི་ཟླ་བཞི་བའི་ཚེས་བཅོ་བརྒྱད་བར་རྒྱལ་ཁབ་སོ་སོའི་ཐོན་རྫས་མང་བོ་འགྲེམས་སྟོན་བྱས་པའི་ཁྲོད་དུ་ངེད་མེ་ལོང་རྩོམ་སྒྲིག་ཁང་གིས་ཀྱང་བོད་ཀྱི་ལྷ་རིས་པ་དང་རི་མོ་བ་སྐོར་ཞིག་གི་བརྩམས་ཆོས་དངོས་སུ་འགྲེམས་སྟོན་བྱས། ཐེངས་འདིར་མེ་ལོང་རི་མོའི་སྒྱུ་རྩལ་ཁྲོད་ལྷ་རིས་པ་གྲགས་ཅན་གཡང་དྲུང་ཚེ་རིང་དང་སྒར་བ་དགེ་འདུན། སྐུ་འབུམ་རྒྱལ་མཚན། དཔའ་ལུང་ཐར་མདོ། བིས་མདོ་མཁས་གྲུབ། རེབ་གོང་ཕུན་ཚོགས། རིན་ཆེན་འཚོ་སོགས་དང་། རི་མོ་བ་ཀུ་ལ་ཡག གཡུལ་རྒྱལ། བསོད་ནམས་རྒྱ་མཚོ། འབྲོག་སྲས། འོད་དགའ། ཡོན་ཏན། རྡོ་རྗེ་ཚེ་རིང་། ཤེས་རབ་བཟང་བོ། སོག་པོ་ཆོས་རྒྱ་མཚོ། བྲག་དཀར་པདྨ། ཚེ་གཟུངས། པིར་རྒྱལ་འཇིགས་མེད་སོགས་ཀྱི་རི་མོའི་བརྩམས་ཆོས་མང་བོ་ཞིག་ས་གནས་གཉིས་སུ་འགྲེམས་སྟོན་བྱས་པར་མ་ཟད། མ་འོངས་པར་བོད་ཀྱི་ལྷ་རིས་པ་དང་རི་མོ་བ། པར་ལེན་པ། ཡིག་མཁན་པ་དག་གི་བརྩམ་ཆོས་འགྲེམ་སྟོན་དང་དྲིལ་བསྒྲགས་བྱ་ཆེད་ཀྲུང་གོའི་བྱང་ཕྱོགས་ཀྱི་ཆེས་ཆེ་བའི་ཚོང་རའི་ས་ཁུལ་དུ་ཡོད་པའི་ཐེན་ཅིན་གུང་རིན་མ་དངུལ་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་ལ་མཉམ་འབྲེལ་གྱི་གན་རྒྱ་བཞག་པ་སོགས་ཐེངས་འདིའི་བྱ་བཞག་མཐའ་དག་བདེ་བླག་ངང་མཇུག་བསྡུས་པ་ཡིན།
འདི་ནི་མེ་མོང་རྩོམ་སྒྲིག་ཁང་གིས་ལྷ་རིས་པ་གྲགས་ཅན་དང་རི་མོ་བ་གྲགས་ཅན་དག་གི་བརྩམས་ཆོས་དྲིལ་བསྒྲགས་བྱས་པ་དང་། གསར་སྐྱེས་རི་མོ་བ་དང་ལྷ་རིས་པ། ཡིག་མཁན། པར་ལེན་པ་བཅས་ལ་འབོད་སྐུལ་གྱི་ཚུལ་དུ་ཐེངས་འདིའི་འགྲེམས་སྟོན་ལ་དངོས་སུ་ཞུགས་ཟིན་པའི་བརྩམས་ཆོས་སྐོར་ཞིག་ཆེད་བཀོད་བྱས་ཡོད།
ཐེན་ཅིན་གྲོང་ཁྱེར་མའེ་ཅང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས།
རི་མོ་བ། འོད་དགའ།
རི་མོ་བ། རྡོ་རྗེ་ཚེ་རིང་།
རི་མོ་བ། བསོད་ནམས་རྒྱ་མཚོ།
རི་མོ་བ། ཤེས་རབ་བཟང་བོ།
རི་མོ་བ། འོད་དགའ།
རི་མོ་བ། ཤེས་རབ་བཟང་བོ།
རི་མོ་བ། སོག་པོ་ཆོས་རྒྱ་མཚོ།
རི་མོ་བ། ཡོན་ཏན།
རི་མོ་བ། ཁ་ཀྱཱའི་ཀུ་ལ་ཡག
རི་མོ་བ། པིར་རྒྱལ་འཇིགས་མེད།
རི་མོ་བ། འབྲོག་སྲས།
རི་མོ་བ། འོད་དགའ།
རི་མོ་བ། གཡུལ་རྒྱལ།
རི་མོ་བ། བྲག་དཀར་པདྨ།
རི་མོ་བ། ཚེ་གཟུངས།
རི་མོ་བ། ཀུན་འཚོ།
རི་མོ་བ། ཁ་ཀྱཱའི་ཀུ་ལ་ཡག
རི་མོ་བ། གཡུལ་རྒྱལ།
རི་མོ་བ། ཁ་ཀྱཱའི་ཀུ་ལ་ཡག
རི་མོ་བ།
མེ་ལོང་རྩོམ་སྒྲིག་པ། བན་ཤུལ་འཇམ་དབྱངས། རོང་ཚང་ཀླུ་རྒྱལ།
ཐེན་ཅིན་རྒྱལ་སྤྱིའི་འགྲེམས་སྟོན་ལེགས་པར་གྲུབ་རྗེས་རྩོམ་སྒྲིག་པ་ཟུང་ཕྱིར་ཕ་ཡུལ་ལོག་པ།
མེ་ལོང་རྩོམ་སྒྲིག་པའི་ཁ་གཡང་གཙང་མ།
|