མི་ལོ12ཀྱི་ཡུན་ལ་གསེར་ཉ་རི་མོ་འབྲི་མཁན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། » མི་ལོ12ཀྱི་ཡུན་ལ་གསེར་ཉ་རི་མོ་འབྲི་མཁན།
མི་ལོ12ཀྱི་ཡུན་ལ་གསེར་ཉ་རི་མོ་འབྲི་མཁན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-03-21ལྟ་ཀློག (6915)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

      མི་ལོ12ཀྱི་ཡུན་ལ་གསེར་ཉ་རི་མོ་འབྲི་མཁན།


          ཧྲིན་ཁོ་ལུང་ཅེ་ནི་སྤྱི་ལོ1973ལོར་ཉི་ཧོང་ཨེ་ཏྲི་རྫོང་དུ་སྐྱེས་ཤིང1995ལོར་ཨེ་ཏྲི་རྫོང་སྒྱུ་རྩལ་སློབ་ཆེན་གྱི་མཛེས་རྩལ་སྡེ་ཁག་གི་ཇུས་འགོད་ཆེད་ལས་སྡེ་ཚན་ནས་སློབ་མཐར་ཕྱིན། 1999ལོར་བྱ་བ་ནས་ཕྱིར་བུད་དེ་རི་མོའི་པར་གཞི་བཟོ་བའི་ལས་ལ་ཞུགས། 2000ལོའི་དཀའ་སྡུག་གི་དུས་རིམ་ནང་། རང་ཉིད་ཀྱིས་ལོ་ངོ7རིང་གསེར་ཉ་གསོ་བའི་དོན་ཞིག་གིས་རྐྱེན་གྱིས་ཡང་བསྐྱར་སེམས་ཤུགས་འཕེལ་བར་བྱས་པས་རང་གིས་རང་ལ”གསེར་ཉས་བསྐྱབས་པ”ཞེས་པའི་པུར་མིང་བཏགས། 2002ལོར་སྣོད་ཆས་སུ་ཤིང་ཚིལ་སྤྱད་དེ་གསེར་ཉའི་དཔེ་རིས་འབྲི་བའི་ལག་རྩལ་འཆར་འགོད་བྱས་པ་དང་བརྩམས་ཆོས་བསྟུད་མར་སྤེལ། དེ་རྗེས་ཉ་མོ་ཆུ་ལ་གནས་པའི་ད་ལྟའི་རི་མོའི་འབྲི་ཐབས་ལས་བརྒལ་ཏེ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་རོལ་མྱོང་བྱེད་ཐུབ་པར་བྱས་པ་རེད།
   ཉ་མོ་ནི་ཉ་མོ་མིན་ལ། རི་མོའང་རིམོ་མ་ཡིན་པར་དེ་ནི་རྟག་བརྟན་གྱི་ཚེ་སྲོག་ཅིག་གོ།།

    ཚངས་ཐིག་ལ་རྨིད་གཅིག་ཙམ་ཡོད་པའི་ཤིང་ཟོམ་འདིའི་ནང་གི་ཉ་མོ་ཆུང་ཆུང་འདི་དག་ནི་དེ་འདྲའི་བག་ཕེབས་པ་ལ་ཨང་། ཟངས་ཐོམ་གྱིས་དཀྲུགས་ཀྱང་ཆུ་རིས་གང་ཡང་མེད་པར་སྣང་།


ཉ་མོ་འདི་དག་ངོ་མ་རེད་དམ། ཡང་བསྐྱར་ཞིབ་ཏུ་གཟིགས་དང་།

དོན་ངོ་མར་མིག་ཟུང་གིས་རང་ཉིད་བསླུས་འདུག་ཨང་། ཉ་མོ་དམར་ཆུང་འདི་དག་ཚང་མ་ཤིང་ཚིལ་རིམ་པ་རེ་རེའི་འོག་ཏུ“དམ་ལ་བཏགས་འདུག”པ་དང་། དེ་དག་ཚང་མ་རི་མོར་འབྲི་མཁན་གྱི་མིང་ལ་ཧྲིན་ཁོ་ལུང་ཅེ་ཟེར།

ཉ་མོ”རི་མོར་འབྲི་བ”ནི་རང་སེམས་རྣལ་དུ་ཕབ་པར་ཆེས་ཚོད་བགམ་བྱེད་པ་ཞིག་ཡིན་ལ། སྣོད་ཆས་གྲུ་བཞིའི་ནང་དུ་ཤིང་ཚིལ་རིམ་པ་ཞིག་བླུགས་ཏེ་སྐམ་ཐག་ཆོད་རྗེས། གཞི་ནས་བློ་རྩེ་གཅིག་ཏུ་བསྒྲིམས་ཏེ་ཉ་མོའི་ལྟོ་གཤོག་འབྲི་བ་ཡིན།

དེ་ནས་ཡང་བསྐྱར་ཤིང་ཚིལ་རིམ་པ་ཞིག་སྣོན་པ།

དལ་བུར་གཡོ་འགུལ་བཏང་ནས་ཤིང་ཚིལ་གྱིས་ཉ་གཤོག་ཆ་སྙོམས་པོར་བསྣུབས་པར་བྱེད་དགོས།

ཚོས་གཞིའི་ཁ་དོག་མ་ནོར་བར་བསྡེབས་རྗེས།

ད་གཟོད་གཞི་ནས་གསེར་ཉའི་གཟུགས་པོ་ཡོངས་བྲིས་ཆོག


ངོ་མཚར་བའི་སྐད་ཅིག་མ་འདིར། ཤིང་ཚིལ་རིམ་པ་རེ་རེའི་རྗེས་སུ་ཤིང་སྒྲོམ་དུ་ག་ལེར་གསོན་ཉམས་ལྡན་པའི་གསེར་ཉ་ཞིག་མངོན་སུམ་དུ་མིག་ལམ་ལ་སྣང་འོང་།

ཤིང་ཚིལ་རིམ་པ་ཞིག
ཚོས་གཞི་རིམ་པ་ཞིག

ཡང་དང་བསྐྱར་དུ་གཅིག་མཚུངས་ཀྱི་རིམ་པ་འདི་བརྒྱུད་དེ་ཉིན་འགའི་རྗེས་སུ།


མིག་གི་དབང་བོ་ཀུན་ནས་འཁྲུལ་བར་བྱེད་པའི་མཛེས་ཤིང་ཡིད་དུ་འོང་བའི་གསེར་ཉ་ཞིག་མངོན་འོངས་པ་དང་དེའི་མིང་ལ”རྨི་ལམ་དམར་བོ”ཟེར།

     ལོ་ངོ500གོང་དུ།   ཀྲུང་གོ་ཚོང་བས་གསེར་ཉ་ཏ་པན་གྲུ་ཁར་དབོར་འདྲེན་བྱས་པ་དང་ལྷའི་བཟོ་བོའི་པིར་ལས་ཐོན་པ་ལྟ་བུའི་མཛེས་སྡུག་གི་ཉ་མོ་འདི་དག་ཧ་ལམ་ཁམ་བུའི་མེ་ཏོག་དང་འདྲ་བར། ཉ་མོའི་མཛེས་སྡུག་གིས་ཉི་ཧོང་བ་དག་གི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱས། དེ་རྗེས་ཁོང་ཚོ་ཉི་ཧོང་གི་ཁྱད་ཆོས་ལྡན་པའི་ཧྥུ་ཧྲི་རི་མོ་དང་ཉི་ཧོང་གི་སྲོལ་རྒྱུན་གྱོན་གོས་སྟེང་། གཞན་མཆོད་འབུལ་མཛད་སྒོའི་དར་དཔྱངས་ངོས་སོགས་སུ་གསེར་ཉ་བྲིས་ཡོད། ཧྲིན་ཁོ་ལུང་ཅེ་ལ་མཚོན་ན་གསེར་ཉ་ནི་ཚེ་སྲོག་ལ་འོད་སྣང་སྦྱིན་མཁན་ཞིག་ཡིན་ཏེ། མཚར་སྡུག་རྣམ་པར་ཕྱུག་པའི་ཉ་མོ་དེ་དག་ལ་བརྟེན་ནས་ཁོ་རང་གི་མི་ཚེ་ལ་རྦད་དེ་འཕོ་འགྱུར་བྱུང་བ་རེད།

      ཁོ་རང་སྒྱུ་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་ལོ་ངོ་མང་བོ་ཞིག་ལ་མཐུན་གཉེར་ཁང་ཞིག་ནས་ཉི་མ་འཁྱོལ་ཐབས་བྱས་ནའང་སྒྱུ་རྩལ་བ་ངོ་མ་ཞིག་ལ་འགྱུར་མ་ཐུབ་པ་དང་། སྒྱུ་རྩལ་བརྩམས་ཆོས་ལ་གཞན་གྱིས་གདེང་འཇོག་དང་དོ་སྣང་གང་ཡང་མེད་པས། ཁོས་ཡང་སྙིང་ཅི་ཞིག་སྒྲུབ་དགོས་པའང་མི་ཤེས་པར་གྱུར། ལས་ཀ་དེ་དོར་རྗེས་ཁོའི་མདུན་ལམ་ལ་འོད་སྣང་མེད་པར་མག་མོག་ཏུ་གྱུར་བ་དང་རང་ཁྱིམ་དུ་ཡིད་མུག་པོར་མི་སྡོད་ག་མེད་བྱུང་། སྒེའུ་ཁུང་བརྒྱུད་འོངས་པའི་ཉི་འོད་ཕྲ་མོ་དེ་ལ་བལྟ་བཞིན་རེ་ཐག་ཆད་པའི་དབུགས་རིང་དལ་གྱིས་ཤོར་བ་དང་།    ཡང་ཁོ་རང་གིས་སྒེའུ་ཁུང་འགྲམ་དུ་བཞག་པའི་ཉ་གསོ་ཤེལ་སྣོད་ནང་གི་གསེར་ཉ་དེ་མཐོང་ཚེ་སྣོད་ཆས་སུ་ཉའི་གཅིན་སྐྱག་དང་མི་གཙང་ཟས་ལྷག་གི་ལྗན་ལྗིན་གྱིས་ཁེངས་ཡོད་པས་ཉིན་བཞི་ལྔ་ཞིག་ལ་ཆུ་བརྗེ་མེད་པ་དྲན། མ་གཞི་དེ་ནི་ལོ་བདུན་གྱི་ཡར་སྔོན་ཞིག་ལ་ཚོང་ཁྲོམ་ནས་ཉོས་པའི་སྐོར་ཡང་བསྐྱར་དྲན་པ་ནི། ཉིན་དེར་ཉི་མ་འཁྱོལ་ཐབས་ཆེད་གསེར་ཉ་དེ་ཉོས་པ་ཡིན་མོད་ཀྱི། ད་བར་དུ་གསོན་ཐུབ་པ་ནི་ངོ་མ་བསམ་ཡུལ་ལས་འདས། དུས་རྒྱུན་ཆུ་བརྗེ་བའི་དོན་དེ་བརྗེད་འགྲོ་བ་དང་སྐབས་རེར་ཟས་སྦྱིན་པའི་དོན་དེའང་བརྗེད་འགྲོ་ནའང་ཉ་དེ་ཆེན་པོར་ཆགས་ཡོད།
    ཁོས་ཉ་གསོ་ཤེལ་སྣོད་ནང་གི་ཆུ་དེ་གཙང་མར་བརྗེ་བའི་ཚེ་ལོ་ངོ་དུ་མའི་སྔོན་གྱི་ཁོ་རང་གཉིས་ཀྱི་ཐོག་མའི་མཇལ་འཛོམས་ཀྱི་དུས་དང་འདྲ་བར་དེ་མ་ཐག་ཉ་མོས་ཚེ་སྲོག་གི་འོད་སྣང་མཐོང་ནས་འཁྱུག་རྩལ་ལ་རོལ་བྱུང་།

       གསེར་ཉས་མཚམས་དང་མཚམས་སུ་ཁ་ནང་ནས་ལྦུ་བ་རེ་སྐྱུགས་འོངས་པ་ནི་ཉིན་འགར་དབྱང་དབུགས་གསར་བ་མ་རྔུབ་པས་ཡིན་ནམ། སྐབས་དེར་ཧྲིན་ཁོ་ལུང་ཅེས་ཉ་མོའི་མིག་འབྲས་ཡ་གཅིག་མིག་སྤྲིན་རིམ་པ་མཐུག་པོ་ཞིག་གིས་བསྒྲིབས་ཏེ་ཞར་ཟིན་པ་མཐོང་བྱུང་། ཡིན་ནའང་ཉ་མོ་འདི་མི་གཙང་བའི་ཆུ་རྙོག་དེ་ལས་མ་ཤི་བར་མ་ཟད། རང་གི་ཚེ་སྲོག་ལ་ཡིད་ཆེས་དང་རེ་བས་བརྟས་ཏེ་འབད་པ་ཆེན་པོས་འཚོ་བཞིན་ཡོད་པ་རེད།
ཁོས་མ་གཞི་རང་ཉིད་ལ་ལོ་ངོ་མང་བོའི་རིང་ནམ་ཡང་འཚོ་བ་རྣལ་མ་ཞིག་མེད་པ་རྟོགས་ཤིང་། དེ་ཡང་ལས་ཀ་མ་རེག་པའི་རྐྱེན་ངན་ཕྲན་ཚེགས་དེའི་དབང་གིས་སྒྱུ་རྩལ་གྱི་ལམ་བུ་དེ་ཧ་ལམ་དོར་ཟིན་པ་དང་རང་ཉིད་ལ་དགོས་འདོད་པའི་འཚོ་བའང་འདོར་ལ་ཉེ།

       ཁོས་བཤད་དོན། ཉ་མོའི་མཛེས་སྡུག་ནམ་ཡང་སེམས་སུ་འཁོར་ཡོང་བ་དང་དེས་ཁོ་ལ་ཚེ་སྲོག་གི་མཛེས་སྡུག་གསར་བ་ཞིག་གནང་བ་རེད། མི་ཚང་མའི་སེམས་སུ་ཧྲིན་ཁོ་ལུང་ཅེའི་ཤིང་ཚིལ་གསེར་ཉའི་སྒྱུ་རྩལ་གྱི་ཚོར་འདུ་ནི་དུས་ཐུང་ཞིག་གི་ནང་བྱུང་བར་འདོད་ཀྱིན་ཡོད་མོད། འོན་ཀྱང་དོན་ངོ་མར་དེ་འདྲ་ཞིག་མིན། ཁོས་རྩིག་ལྡེབས་དང་རས་ཀྱི་ངོས་སུ་ལོ་ངོ་གཉིས་ཏག་ཏག་རིང་གྲིབ་གཟུགས་ལའང་དང་དོད་བྱས་ཏེ་རི་མོ་བྲིས་པ་ཧ་ཅང་མཛེས་ནའང་། ངོས་མཉམ་ནི་ངོས་མཉམ་ལས་མ་འདས་པས་གསེར་ཉའི་ངོས་དང་ཟུར་གྱི་བསླངས་གཟུགས་ཀྱི་མཛེས་པ་ཧ་ལམ་འབྲི་ཐབས་བྲལ།

      སྤྱི་ལོ2002ལ་སླེབས་རག་བར་དུ། ཁོ་རང་བཟོ་གྲྭ་ཆུང་ཆུང་ཞིག་ནས་རྫས་འགྱུར་དང་འབྲེལ་ཡོད་ཀྱི་བྱ་བར་ཞུགས་པའི་ཉམས་མྱོང་གིས་དེ་མ་ཐག་ཁོ་ལ་བློ་སྒོ་འབྱེད་པ་ནི། ཤིང་ཚིལ་བཀོལ་སྤྱོད་བྱས་ཏེ་རི་མོ་བྲིས་ཆོག་པ་དེ་རེད། ཤིང་ཚིལ་ནི་རིམ་པ་དང་རིམ་པས་རི་མོར་བྲིས་ཆོག་ལ་ཡང་རིམ་པ་དང་རིམ་པར་ལྟེབ་བརྩེགས་བྱས་ཀྱང་ཆོག་པས་བསླངས་གཟུགས་ཀྱི་རི་མོའི་ཚོར་འདུ་ཡོང་ཐུབ་པའང་གདོན་མི་ཟ།

དབྱར་གཞུང་དེར་འདི་ལྟར་བྲིས་པའི་ཉ་མོ་རེ་རེ་ནི་ཁོ་རང་གི་སེམས་སུ་གསལ་ལ་མི་གསལ་བའི་མཛེས་སྡུག་ཅིག་ཡིན་པ་དང་དེ་ནི་སྐད་ཆས་ནམ་ཡང་བརྗོད་ཐབས་བྲལ། ཡིན་ནའང་དེ་ཉིད་དུས་ཚོད་དང་རྒྱུན་འཁྱོངས་ཀྱི་སྒོ་ནས་རི་མོར་བྲིས་ཡོད།

     ཉ་མོ་ཞིག་འབྲི་བར་མ་མཐའ་ཡང་ཤིང་ཚིལ་རིམ་པ་བཞི་ལྔ་ཙམ་དགོས་པ་དང་ཤིང་ཚིལ་རིམ་པ་ཞིག་སྐམ་པ་ལ་དུས་ཚོད་རིང་བོ་ཞིག་དགོས་ཏེ། ཤིང་ཚིལ་རིམ་པ་ཞིག་སྐམ་ཐག་ཆོད་པར་མ་མཐའང་ཉི་མ་གཉིས་དགོས། ཡིན་ནའང་ཁོ་རང་གིས་ནམ་ཡང་དུས་ཚོད་འདི་དག་ལ་ངང་སྒུག་བྱས་པ་རེད།

ཉ་མོ་རེ་རི་མོར་བྲིས་ཚར་རྗེས་ལེགས་འགྲུབ་ཐེངས་ཤིག་བྱུང་བ་དང་འདྲ་བ་དང་། ཉམས་མྱོང་ཇི་ཙམ་བསགས་པ་མང་ན་དེ་ཙམ་གྱིས་བརྩོན་སེམས་ལྡན་ཞིང་། ཧྲིན་ཁོ་ལུང་ཅེ་ནི་བྱིས་པ་དག་སྒྱུ་འཕྲུལ་གྱི་རྩེད་འཇོ་ལ་གཡེང་བ་དང་འདྲ་བར་ཤིང་ཚིལ་གྱི་རི་མོ་འདིས་ཀུན་ནས་བཟི་བར་བྱས།


གསེར་ཉ་གཅིག་ཤིང་ཚིལ་གྱིས་རི་མོར་བྲིས་པ་ཙམ་གྱིས་ཡིད་མ་ཚིམ་པར་ཁོས་ཉ་མོ་ཁྱུ་ཞིག་གིས་འཁྱུག་རྩལ་ངོམ་པའི་རི་མོ་བྲིས་པ་དང་། ནམ་དཀྱིལ་མཚན་གུང་མང་བོ་ཞིག་ལ། ཧྲིན་ཁོ་ལུང་ཅེས་ད་དུང་སྔར་བཞིན་ལས་ཤག་ཏུ་གློག་འོད་ངོགས་སུ་མགོ་བོ་སྒུར་ནས་རི་མོའི་བརྩམས་ཆོས་རྩོམ་པར་འབད་ཀྱིན་ཡོད།

སྐབས་རེར་ལེབ་དང་ལན་རེར་ཟུར་གྱིས་རི་མོའི་བསླངས་གཟུགས་འབུར་དུ་ཐོན་མིན་ལ་བལྟ་བཞིན་ཡོད།

ཚོན་མདོག་མི་འདྲ་བའི་ཉ་ཁྲབ་དག་ནི་ཕན་ཚུན་སྦྲེལ་ནས་བྱུང་བ་རེད།

ཡང་བསྐྱར་རི་མོ་རིམ་པ་ཞིག་བྲིས།

ཆུ་རིས་འབུར་དུ་དོད་སླད་སྐབས་རེར་དམིགས་བསལ་ཐུན་མོང་མ་ཡིན་པའི་བྲིས་རྩལ་འདོན་དགོས།

       ཤིང་སྒྲོམ་དུ་ཉ་མོའི་ཁྱུ་ཚོགས་དང་ཆུ་མིག་དྭངས་མོ། མཚོ་རྩྭ་དང་ཉ་རྒྱ་ཡོད་པ་ནི་ཧྲིན་ཁོ་ལུང་ཅེས་མི་རྣམས་སྒྱུ་རྩལ་གྱིས་མྱོས་པར་བྱེད་པའི་རྫིང་བུ་ཡིན་ལ་ཡོད་ཚད་ཤིང་ཚིལ་གྱིས་བྲིས་པ་རེད། རང་ལོ52ཡིན་པའི་སིང་ག་ཕོར་གྱི་སྒྱུ་རྩལ་བKeng Lyeནས་ཉི་ཧོང་གི་སྒྱུ་རྩལ་བ་འདིའི་གསར་གཏོད་བྱས་པའི་ཐུན་མོང་མ་ཡིན་པའི་བརྩམས་ཆོས་སྤྱད་དེ་ཤིང་ཚིལ་གྱི་རི་མོ་འདི་དག་གསར་འབྲི་བྱས་པ་རེད། ཁོས་བཤད་དོན། རང་ཉིད་ཀྱིས་གསར་དུ་བྲིས་པའི་སྒྱུ་རྩལ་ཚོར་འདུ་ཡོད་ཚད་རང་བྱུང་ཁམས་ལས་བྱུང་བ་ཡིན། རི་མོ་འབྲི་བྱེད་ཀྱི་ཤིང་ཚིལ་གྱི་གྲུབ་ཆ་གཙོ་བོ་ནི་ག་སིན་སྐྱུར(丙烯酸)ཤིང་ཚིལ་དང་གདུབ་དབྱང(环氧)ཤིང་ཚིལ་གཉིས་ཡིན་ཟེར།

        Keng Lyeབཤད་དོན། ལོ་ངོ4གོང་རོལ། ཁོའི་གྲོགས་པོ་ཞིག་གིས་ཁོ་རང་ལ་ཧྲིན་ཁོ་ལུང་ཅེའི་བརྩམས་ཆོས་ངོ་སྤྲོད་བྱས་པ་དེས་ཁོ་རང་གི་ཤིང་ཚིལ་རི་མོ་གསར་འབྲི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པའི་བློ་སྒོ་ཕྱེས་ཡོད་ཟེར། ཡང་ཁོས་བསྟན་དོན། དུས་རྒྱུན་དྲྭ་གྲོགས་མང་བོ་ཞིག་གིས་ཁོ་རང་གི་བརྩམས་ཆོས་ལ་བལྟས་རྗེས་ཁོས་སྲོག་ཆགས་ལ་མནར་གཅོད་གཏོང་བཞིན་འདུག་ཅེས་སྐྱོན་བརྗོད་ཚ་ནན་བྱེད་པ་ནི་ངོ་མ་དགོད་བྲོ་ལ་ངུ་སྐྱེན་པ་ཞིག་གོ།།

ལོ་ངོ་བཅུ་གཉིས་ཡུན་ལ་གསེར་ཉ་རི་མོར་བྲིས་པ་ནི་ཧྲིན་ཁོ་ལུང་ཅེ་ལ་མཚོན་ན་པར་རིས་ཙམ་ཞིག་མ་ཡིན་པར་དེ་ནི་སྙན་ངག་ཅིག་ཏུའང་ཀུན་ནས་མཚུངས། ཉི་མ་རེ་རེ་བཞིན་རང་གི་ལས་ཤག་ནས་ཁོ་རང་བྱ་བར་བརྩོན་བཞིན་ཡོད་ལ། རྒྱབ་ཀྱི་གསེར་ཉ་དེས་ནི་སྔར་བཞིན་འཁྱུག་རྩལ་ངོམ་པ་དང་མཚམས་རེར་བསྡད་ཡོད་ཚེ་ཁོ་རང་ཁ་ཕར་བའི་སྐད་ཅིག་མ་དེར་ཁོ་རང་གི་མིག་ཞགས་དང་ཉ་མོའི་མིག་མདངས་གཉིས་གཅིག་ཏུ་འཁྱུད་སོང་།




ཉ་ཡི་དྲན་ཤེས་ནི་སྐར་ཆ་བདུན་གྱི་ཡུན་ཙམ་ཡིན་ནའང་འཁྱུག་འགྲོས་འདིས་ཧྲིན་ཁོར་སེམས་ཤུགས་ཐེངས་ག་ཚོད་སྤྲད་ཡོད་དམ། དོན་འདི་ཉ་མོས་ཅི་ཡང་མི་ཤེས་མོད། འོན་ཀྱང་ཁོ་བོས་མི་ཚེའི་འདུན་མ་རྙེད་ཟིན་ཏོ།།

གསར་འགྱུར་མཁོ་སྤྲོད་པ་དང་ཡིག་སྒྱུར་བ།  གསར་འགོད་པ། གསེར་ལག་འཇམ་དབྱངས་ཚུལ་ཁྲིམས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23527879
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།