གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར་ཕྱོགས་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» གངས་ལྗོངས་གཅེས་ནོར། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར་ཕྱོགས་བསྡུས།
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར་ཕྱོགས་བསྡུས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-03-14ལྟ་ཀློག (8248)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར་ཕྱོགས་བསྡུས།

    ཉེ་བའི་ལོ་འགའི་ནང་སློབ་གླིང་འདིའི་སློབ་མ་ལ་ཁུལ་ཡོངས་ཀྱི་སྐད་གཉིས་རྒྱུགས་འབྲས་ཁྲོད་ཨང་དང་བོའི་བྱ་དགའ་བསྟུད་མར་ཐོབ་མྱོང་བར་མ་ཟད། འབྲིང་རྒྱུགས་སྟེང་ནས་ཀྱང་སློབ་གླིང་འདི་ལ་ཁུལ་ཡོངས་ཀྱི་ཨང་གཉིས་པ་དང་གསུམ་པའི་བྱ་དགའ་དུ་མ་ཐོབ་མྱོང་། ལྷག་པར་ 2017 ལོའི་འབྲིང་རྒྱུགས་ཁྲོད་ཁུལ་ཡོངས་ཀྱི་བྱ་དགའ་ཨང་དང་བོ་ཐོབ་སྟེ་གོང་རིམ་སྲིད་གཞུང་གིས་དམངས་སྒོར་ཁྲི་ལྔ་སྐྱེས་སུ་བཏེགས། འདི་ནི་ཉིས་སྟོང་བཅུ་བཞི་ཚུན་ཆད་ནས་དུས་ད་ལྟའི་བར་དུ་མགོ་ལོག་ཁུལ་གྱི་འབྲིང་རྒྱུགས་ཁྲོད་བྱ་དགའ་ཨང་དང་བོ་བླངས་པ་ཆེས་ཐོག་མ་དེ་ཡིན། རེད་དེ་བྱས་འབྲས་འདི་ནི་གཞན་ལ་ཐོབ་མ་མྱོང་བའི་རིན་ཐང་ཁྱད་པར་བ་ཞིག་དང་། གླེང་ན་ཐམས་ཅད་ཀྱིས་ཡི་རང་བྱེད་པའི་ལག་རྗེས་ཆེན་པོ་ཞིག་ཏུ་བགྲང་བ་མ་ཡིན་མོད། ཐོག་མར་སྒེར་བཙུགས་སློབ་གྲྭ་ཞིག་གི་མིང་ཐོག་ནས་ལམ་ལ་ཆས་ཤིང་ལོ་ངོ་བཅུ་ལྷག་གི་ལོ་རྒྱུས་ལས་མེད་པའི་དགེ་སློབ་དྲུག་བརྒྱ་ལྷག་གི་ཚོགས་པ་འདི་ལ་མཚོན་ན་འཕེལ་རྒྱས་ཀྱི་རྟགས་མཚན་དང་། ཡར་རྒྱས་ཀྱི་འབྲས་བུར་བརྩི་མི་ཆོག་པ་ག་ལ་ཡོད། དེ་ལ་ཕྱོགས་གཞན་ཞིག་ནས་བསམ་ན་སློབ་དཔོན་དམ་པ་གང་གིས་ཉིས་སྟོང་ལྔ་ལོར་སློབ་གླིང་འདི་ཉིད་གསར་དུ་ཚུགས་པ་ནས་ད་ལྟའི་བར་དུ་ཁོང་ཉིད་སློབ་གླིང་འདིར་ཕེབས་པའི་དུས་ནམ་ཡིན་ཡང་། གནའ་བོའི་སྲོལ་རྒྱུན་སློབ་གསོ་དང་མི་རིགས་སློབ་གསོ་སྲོག་ཏུ་བྱས་ཏེ། དེ་ལ་དེང་རབས་ཚན་རིག་སློབ་གསོ་གྲོགས་སུ་སྦྲོན་དགོས་ཞེས་ཡང་དག་པའི་ལམ་སྟོན་མཛད་པ་དེ་ནི་མི་རིགས་སློབ་གསོའི་རྩ་གནད་དུ་སོང་གཤིས། ལྟོས་འཇོག་གིས་བཤད་ན་གཞན་གང་བས་ཀྱང་འཕེལ་རྒྱས་ཀྱི་འགྲོས་མགྱོགས་པ་ཡིན་ཨང་སྙམ་པ་ནི་རང་གི་རྟོག་ངོར་ཤར་བ་ཙམ་མོ།།  

༢༠༡༨  ལོའི་སྤྱི་ཟླ་ ༣  པའི་ཚེས་ ༡༣ ཉིན།

སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་གིས་བྱ་དགའ་ལེན་བཞིན་པའི་རྣམ་པ།


གཟི་བརྗིད་བྱ་དགའ།


དམངས་སྒོར་ཁྲི་ལྔའི་ལེགས་སྐྱེས།


༄༅།། བྱམས་བརྩེ་གཞན་ཕན་ཚོགས་པའི་སྐབས་ཉི་ཤུ་བའི་རོགས་སྐྱོར་བྱ་འགུལ་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནས་སྤེལ་བ།

    བྱམས་བརྩེ་གཞན་ཕན་ཚོགས་པ་ནི་ལྷག་བསམ་རྣམ་དག་གིས་རྨང་བཏིང་བའི་ཚོགས་པ་ཞིག་ཡིན་ལ་ཐེངས་འདིར་སྐབས་ཉི་ཤུ་བའི་རོགས་སྐྱོར་བྱ་འགུལ་ངེད་སློབ་གླིང་ནས་སྤེལ་བ་ཡིན། སྤྱིར་བྱམས་དང་བརྩེ་བ་ནི་ཆེས་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བྱམས་དང་བརྩེ་བ་ཡོད་པས་ད་གཟོད་བོད་བརྒྱུད་ནང་བསྟན་གྱི་ཞི་བདེའི་ལྟ་དགོངས་ཆེན་པོ་ལ་འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་གདེངས་འཇོག་མི་དམན་པ་ཐོབ་ཀྱིན་ཡོད་པ་དེ་ལྟ་བུ་རེད། བྱམས་བརྩེའི་སྙིང་སྟོབས་འཛིན་སྐྱོང་སྤེལ་གསུམ་གྱིས་གྲུབ་པའི་ཚོགས་པ་འདིས་སྤྱི་ཚོགས་སྟེང་གི་ཉམ་ང་ཉག་ཕྲའི་གནས་སུ་ལྷུང་བའི་དབུལ་ཁྱིམ་དང་། ཉམ་ཐག་པའི་ནད་པ། དཀའ་ཁག་ཅན་གྱི་སློབ་མ། སློབ་གྲྭ་དང་སློབ་གསོའི་ཕྱོགས་ལ་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་བྱེད་ཀྱིན་པ་མིག་མཐོང་ལག་ཟིན་ཡིན། ད་ཐེངས་ཀྱང་སྐབས་ཉི་ཤུ་བའི་རོགས་སྐྱོར་བྱ་འགུལ་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གླིང་ནས་སྤེལ་ཞིང་ཡུལ་ཐག་རིང་བའི་སློབ་མ་དང་ཁྱིམ་ཚང་གི་ཆ་རྐྱེན་སོགས་ཞན་པའི་སློབ་མ་དགུ་བཅུ་ལྷག་ལ་སྤུས་ལེགས་བར་ཚངས་སྟོད་ལྭ་རེ་གནང་བར་མ་ཟད། ཉིས་སྟོང་དགུ་ལོར་ཡང་ཚོགས་པ་འདིའི་བྱ་འགུལ་སྐབས་ལྔ་བ་སློབ་གླིང་འདིར་སྤེལ་ཏེ་དམངས་སྒོར་མང་བོས་རོགས་སྐྱོར་བྱས། སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཚོགས་པའི་འཐུས་ཚབ་པ་ཚོར་བཀའ་དྲིན་ཞུས་ཤིང་སློབ་མ་ཚོ་དང་ཚོགས་པའི་འཐུས་ཚབ་པ་ཚོ་དང་མཉམ་པར་སོགས་བསྐྱོན། ཞར་དུ་ངས་ཀྱང་ཁྱེད་ཚོགས་པའི་རླུང་རྟ་སྔར་ལས་དར་ཞིང་བདེ་སྐྱིད་ལ་ཉི་འོད་འཕྲོ་བ་དང་། ང་ཚོའི་སློབ་གསོ་དང་རིག་གནས་ཀྱི་ཆར་ཆུ་སྔར་ལས་འབབ་པའི་ཡིད་ཆེས་ཀྱི་སྨོན་ལམ་ཡང་ཡང་འདེབས།

༢༠༡༨  ལོའི་སྤྱི་ཟླ་ ༣  པའི་ཚེས་ ༡༢ ཉིན།

སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་གིས་ཚོགས་པའི་འཐུས་ཚབ་པ་དག་སློབ་མ་ཚོར་ངོ་སྤྲོད་བྱེད་བཞིན་པ།


ཚོགས་མི་དག་གིས་བར་ཚངས་སྟོད་ལྭ་གནང་བཞིན་པའི་ཡུལ་དངོས།

རོགས་སྐྱོར་བྱས་པའི་སློབ་མ་དག་དང་ཚོགས་མི་ཚོའི་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ་དང་གསར་འགོད་པ། པད་དཀར་འབངས་དང་དཀར་མོ་ཡེ་ཤེས་གཉིས་ཀྱིས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། a70d བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་གསར་འགྱུར་ཕྱོགས་བསྡུས།   སྤེལ་མཁན།: ངག་དབང་ སྤེལ་དུས:2018/3/15
དཔེ་ཡག་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23531678
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།