རླབས་ཆེ་བའི་དབྱིན་ཇིའི་ཚན་རིག་པ་སུ་ཁྲེ་ཧྥོན•ཝེའོ་ལེམ་•ཧོའོ་ཁན་སྐུ་གྲོངས་པར་མྱ་ངན་ཞུ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »རླབས་ཆེ་བའི་དབྱིན་ཇིའི་ཚན་རིག་པ་སུ་ཁྲེ་ཧྥོན•ཝེའོ་ལེམ་•ཧོའོ་ཁ
རླབས་ཆེ་བའི་དབྱིན་ཇིའི་ཚན་རིག་པ་སུ་ཁྲེ་ཧྥོན•ཝེའོ་ལེམ་•ཧོའོ་ཁན་སྐུ་གྲོངས་པར་མྱ་ངན་ཞུ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-03-14ལྟ་ཀློག (4806)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

       དབྱིན་ཡུལ། ལོན་ཊོན། སྤྱི་ལོ་2018ཟླ་3ཚེས་14ཉིན།  དབྱིན་ཇིའི་དངོས་ཁམས་རིག་པའི་ལྟ་གྲུབ་སྨྲ་བའི་ཚན་རིག་པ་ཁྲེ་ཧྥོན•ཝེའོ་ལེམ་•ཧོའོ་ཁན་ནི་ད་ལྟའི་དུས་རབས་ཀྱི་ཆེས་རླབས་ཆེ་བའི་དངོས་ལུགས་རིག་པ་བ་དང་དུས་རབས་ཉེར་གཅིག་པའི་འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་མཚན་སྙན་པ་ཞིག་ཡིན།    ཕྱི་གླིང་(BBC)གི་གསར་འགྱུར་ཁང་ལས་ཁྱབ་བསྒྲགས་བྱས་པ་ལྟར་ན་ཁོང་གི་ཁྱིམ་མི་དག་གིས་ཁོང་ཉིད་འདས་ཟིན་པ་ཁྱབ་སྒྲགས་བྱས་པ་ཙམ་ལས་གནས་ཚུལ་གསལ་པོ་ཞིག་ད་དུང་བསྒྲགས་མེད་ལ།     ཁྱོན་དགུང་གྲངས་དོན་དྲུག་ལ་བཞུགས་པར་བཤད།

       ཁོང་གིས་ཨེན་སུ་ཐན་གྱི་ལྟོས་བཅས་རིག་པ་དང་མཱ་ཁེ་སུ•་ཕུ་ལན་ཁིའི་རྡུལ་ཕྲན་རིག་པ་སོགས་ཉི་མའི་ནག་ཐིག་དང་འཇིག་རྟེན་ཁམས་ཆེན་མོ་ལ་ཞིབ་འཇུག་མཛད་ནས་མིའི་རིགས་ཀྱི་ལོ་རྒྱུས་སུ་གྲུབ་འབྲས་ཆེན་པོ་བླངས་པར་མ་ཟད།
 ཁོང་ནི་དེང་དུས་དངོས་ཁམས་ཚན་རིག་གི་གྲུབ་དོན་འཕེལ་རྒྱས་གཏོང་མཁན་གྱི་མཁན་པོ་ལྟ་བུ་ཡིན་ཞིང་།  བུ་ག་ནག་པོའི་ཞིབ་འཇུག་ཐད་བྱས་རྗེས་རླབས་ཆེན་འཇོག་མཁན་ཞིག་རེད།

དེ་བཞིན་ཁོང་གི་དཔེ་དེབ་གྲགས་ཅན་ཐོག་མ་<<དུས་ཚོད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག/A Brief History of Time/时间简史>>ཞེས་པ་དེ་ཉིད་ཁོ་ནས་གོ་ལའི་ཁྱོན་ལ་སྙན་གྲགས་ཀྱིས་ཁྱབ་པར་བྱས་ཡོད།

     དེ་ཡང་འདས་པའི་ལོ་ངོ་20ནང་རྒྱལ་སྤྱིའི་ཁྲོམ་རར་དཔེ་དེབ་དེ་ཉིད་ཁྱོན་ས་ཡ་20ལྷག་བཙོང་ཟིན་པ་དང་།  སྐད་ཡིག་མི་འདྲ་བ་40ལྷག་གི་ནང་དུ་བསྒྱུར་ཡོད་པ་རེད། དཔེ་དེབ་དེ་ཉིད་ད་དུང་ཡང་རྒྱལ་སྤྱིའི་དཔར་སྐྲུན་ཁྲོམ་རའི་ནང་གི་ཆེས་བྲིན་རྒྱུག་ཆེ་བའི་དཔེ་དེབ་རྩེ་ཕུད་ཅིག་ཆགས་ཀྱི་ཡོད།

     མཇུག་མཐར་ཁོང་གིས་༢༠༡༧ལོའི་ཆེས་སྐད་གྲགས་ཆེ་བའི་གློག་བརྙན་<<འཚོ་བའི་འབར་འགད་ཆེན་པོ>>ལས་གསུངས་པའི་སྐད་ཆ་ཞིག་གིས་མཇུག་བསྡུ་བར་བྱ་སྟེ། ཁོ་ན་རེ། “གལ་ཏེ་ཁྱོད་ཉིད་མི་ལོ་བཞི་བཅུའི་རིང་རྐུབ་སྟེགས་ཤིག་གི་སྟེང་དུ་ལུས་སོང་བ་ཡིན་ན་འཚོ་གནས་ལ་ཡི་ཐང་ཆད་ངེས། ང་ཡང་ཡི་ཐང་ཆད་སོང་། ད་ང་འགྲོ་རན་སོང་།”བཅས་གསུངས།


གསར་འགོད་པ།  རྒྱལ་ཚང་ཀརྨ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། b80e བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23567018
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།