མཚོ་སྔོན་ཚོང་ལས་ཡར་སྐུལ་ཚོགས་པའི་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »མཚོ་སྔོན་ཚོང་ལས་ཡར་སྐུལ་ཚོགས་པའི་གསར་འགྱུར།
མཚོ་སྔོན་ཚོང་ལས་ཡར་སྐུལ་ཚོགས་པའི་གསར་འགྱུར།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-03-12ལྟ་ཀློག (3474)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 མཚོ་སྔོན་ཚོང་ལས་ཡར་སྐུལ་ཚོགས་པའི་གསར་འགྱུར། 

 2018ལོའི་མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་རིམ་པའི་ལོ་སར་འདུ་འཛོམས་དང་ལོ་གཅིག་གི་ཚོང་ཚོགས་ཀྱི་བྱ་བའི་གྲོས་འཆར་ཚོགས་འདུ་གནའ་མཁར་ཟི་ལིང་གི་ནས་འབྲུ་སྔོན་མོ་བོད་ཟས་ཁང་ནས་བདེ་བླག་ངང་འཚོགས།སྔ་དྲོར་ད་ལོ་གསར་འདེམས་བྱུང་བའི་དྲུང་ཡིག་ཆེན་མོ་པད་མ་བསྟན་འཛིན་ལགས་ཀྱིས་ཚོགས་འདུ་ལ་འགོ་འཛིན་དང་དྲུང་ཡིག་ཁང་གི་བྱ་བའི་གནས་ཚུལ།ད་ལོའི་འཆར་གཞི་སོགས་ཚོགས་ཐོག་ཏུ་སྙན་ཞུ་ཞུས། ཚོགས་གཙོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་ལོ་གསུམ་རིང་གི་ཚོང་ཚོགས་ཀྱི་བྱ་བའི་གནས་ཚུལ་ངོ་སྤྲོད་དང་ཚོང་ལས་ཚོགས་པའི་མ་འོངས་པའི་ཁ་ཕྱོགས་དང་འཕེལ་རྒྱས་གཏོང་བའི་ཐད་ལ་གཏམ་བཤད་གལ་ཆེན་གནང།ཚོགས་གཙོ་གཞོན་པ་ཚེ་དབང་རྡོ་རྗེ་ཡིས་ཟི་ལིང་གྲོང་ཁྱེར་གྱི་མཁར་ནུབ་ས་ཁུལ་སྐོར་ཞིག་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྐོར་ནས་གཏམ་བཤད་གནང་།ལྟ་སྐུལ་ཀྲུའུ་ཞི་སྒྲོལ་མ་སྐྱབས་ཀྱིས་ཚོང་ཚོགས་ཀྱི་སྒྲིག་ཡིག་དང་ཚོགས་པ་དོ་དམ་ཐད་ནས་གཏམ་བཤད་གནང་བ་དང་ཚོགས་གཙོ་གཞོན་པ་གཞན་དག་གིས་ཀྱང་རང་རང་གི་ལྟ་ཚུལ་བརྗོད་པ་དང་ལོ་གཅིག་གི་ཚོང་ཚོགས་ཀྱི་བྱ་བའི་གྲོས་གཞི་ཐད་ལ་གླེང་མོལ་བྱས།ཕྱི་དྲོ་མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་དག་ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་དུ་ཚོགས་གཙོ་སྐོར་ཞིག་གིས་ལས་སྒྲུབ་བྱས་ཡོད་པའི་ཁེ་ལས་ཁག་ལ་གཟིགས་ཞིབ་ཏུ་ཕེབས་པ་དང་ཞོར་དུ་ཞིན་ཧ་ལེན་(新华联)གྱི་ཚོང་ར་སྐོར་ཅིག་ལ་རྒྱུས་ལོན་བྱས་ཏེ་མ་འོངས་པར་བོད་ཀྱི་ཚོང་ར་ཇི་ལྟར་འཛུགས་པ་དང་ཁྲོམ་རའི་དགོས་མཁོ་གང་དུ་ཡོད་པ།ཁྱད་ཆོས་ཀྱི་འབུར་ཐོན་ཇི་ལྟར་མངོན་པར་བྱེད་པའི་ཐད་ལ་གྲོས་བསྡུར་དང་གླེང་མོལ་བྱས་ཏེ2018ལོའི་མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་རིམ་པའི་སྐབས་དང་པོའི་ཚོགས་འདུ་རྒྱལ་ཁའི་ངང་མཇུག་རྫོགས།

ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་རྣམས་ཀྱི་འདུ་འཛོམས་ཡུལ་ངོས། 

ཚོགས་གཙོ་རྣམ་པས་གསུང་གླེང་གནང་བཞིན་པ།  

ཁ་ེལས་ཁག་ལ་གཟིགས་སྐོར་གནང་བཞིན་པ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 52t8 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23494234
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།