རྔ་རྫོང་བོད་བཙན་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་འོས་སྦྱོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »རྔ་རྫོང་བོད་བཙན་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་འོས་སྦྱོར
རྔ་རྫོང་བོད་བཙན་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་འོས་སྦྱོར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-03-05ལྟ་ཀློག (7513)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྔ་བ་རྫོང་བོད་བཙན་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་།

       རྔ་བ་རྫོང་བོད་བཙན་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་ནི་སྤྱི་ལོ༢༠༡༦ལོར་གསར་དུ་ལམ་ལ་ཆས་པའི་ཚོང་ལས་ཀྱི་སྡེ་ཁག་གསར་བ་ཞིག་ཡིན་ཞིང་།  ཁྲིམས་མཐུན་གྱི་ཐོ་འགོད་དང་ཚད་ལྡན་གྱི་ཆོག་མཆན་ཐོབ་ཡོད་ཁར། བོད་ཀྱི་ཚོང་ལས་དཔལ་འབྱོར་དང་རིག་གནས་སློབ་གསོ་ལ་ཕྱག་རྗེས་བླ་ན་མཐོ་བའི་སྐྱེས་ཆེན་སྐོར་ཞིག་ལ་ཆེད་བཅར་གྱིས་བཀའ་འདྲི་ཞུས་ཤིང་།  ཁོང་ཅག་གི་བློ་འདོན་དང་ཐུགས་བཀོད་མི་ཉུང་བ་གཞིར་བཟུང་ཞིང་སྤྱི་ཚོགས་དང་དུས་རབས་ཀྱི་དགོས་མཁོར་ཆེད་དུ་དམིགས་ནས་བོད་རང་གི་ཁྱད་ཆོས་མ་བོར་བའི་ཐོན་རྫས་གང་མང་ཞིག་ཐོན་སྐྱེད་བྱེད་ཀྱིན་ཡོད།


སློབ་དཔོན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན་གྱི་མདུན་དུ་ཆེད་བཅར་བཀའ་འདྲི་ཞུས་པ།


སློབ་དཔོན་རིན་པོ་ཆེ་ལྡོང་ཡོན་ཏན་རྒྱ་མཚོའི་མདུན་དུ་ཆེད་བཅར་བཀའ་འདྲི་ཞུས་པ།


མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་མདུན་དུ་ཆེད་བཅར་བཀའ་འདྲི་ཞུས་པ།

ཁེ་ལས་འདི་གསར་འཛུགས་བྱེད་པའི་མི་སྣ་དག

      ཚེ་དབང་རྒྱལ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅོ་བརྒྱད་པའི་མཐར་ཕྱིན་སློབ་མ་ཡིན་ཁོས་སྣེ་ཁྲིད་དེ།  གཞན་ཁོངས་མི་པ་བྷེ་དང་དགེ་འདུན་སྐྱབས།  དཔལ་སྟོབས། དབང་ཕྱུག རྒྱལ་མཚན་སོགས་སློབ་གྲྭར་འགྲིམ་པའི་སྐལ་བ་མ་བྱུང་བའི་གྲོང་མི་དཀྱུས་མ་རེ་ཡིན་ཡང་།  མི་ཚེའི་ཁ་ཕྱོགས་དང་བསམ་བློའི་འཁོར་ཕྱོགས་གཅིག་ཏུ་བགྲོས་ཏེ་ལག་རྩལ་གསར་བར་སློབ་སྦྱོང་དང་ཐོན་རྫས་གསར་སྤེལ་ལ་ཤུགས་སྣོན་པ་བཅས་རང་གི་ལམ་ཁ་ཁེ་ལས་ལ་ཕྱོགས་པར་དགའ་བའི་བོད་ཕྲུག་སྐོར་ཞིག་ཡིན།

ཚོང་གཉེར་རྣམས་གྲངས།

༡ འབྲི་དེབ་ཀྱི་སྐོར།

      འབྲི་དེབ་ཀྱི་སྐོར་ལ་སྤྱིས་བཀོལ་བཞིན་པའི་བོད་རྒྱ་དབྱིན་རྩིས་ཀྱི་འབྲི་དེབ་དང་ཟིན་བྲིས་སྣ་ཚོགས་དང་ཡིག་གཟུགས་འབྲི་དེབ་སོགས་ཡོད་ལ།   ཇུས་འགོད་ཀྱི་ཕྱོགས་ནས་བོད་རང་གི་ཁྱད་ཆོས་མ་བོར་ཞིང་སྤུས་ཀ་དང་རིན་གོང་གང་གི་ཆ་ནས་ཀྱང་ཁྲོམ་རའི་རིན་གོང་དང་ཧ་ཅང་འཚམ།

༢ འབྲི་སྨྱུག་གི་སྐོར།

  སྨྱུ་གུའི་སྐོར་ནས་སྣུམ་སྨྱུག་དང་ལྕགས་སྨྱུག ཞ་སྨྱུག་སོགས་ཡོད་ཅིང་།  ཁྱད་ཆོས་དང་རིན་གོང་གོང་ལྟར་ཡིན།

༣ ཇུས་འགོད་ཀྱི་སྐོར།

    འདི་ལ་དཔེ་ཆའི་རྒྱབ་ཤོག་ཇུས་འགོད་དང་། མགྲོན་ཤོག་ཇུས་འགོད།  མིང་བྱང་ཇུས་འགོད།  བརྡ་ཁྱབ་སོགས་འཚོ་བའི་མཁོ་ཆས་གང་མང་འདུ།  

  ༤ དཔེ་སྒྲིག་གི་སྐོར།

    དཔེ་སྒྲིག་གི་སྐོར་ལ་མགོ་ཚེམས་དང་བོད་ཀྱི་སྲོལ་རྒྱུན་སྣ་རིང་གཉིས་གཙོས་ལག་དེབ་སོགས་ཡོད། 

༥ དཔར་སྐྲུན་གྱི་སྐོར།

    དཔར་སྐྲུན་གྱི་སྐོར་ནས་འགྱིག་སྦྱོར(胶装)དང་འཛེར་སྦྱོར(订装)གཉིས་ཡོད་ཅིང་། སྣ་རིང་སྣ་ཐུང་།  དཔེ་ཆ་ཆེ་ཆུང་སྣ་ཚོགས་སོགས་དེབ་ཀྱི་རིགས་སུ་གཏོགས་པ་ཡོད་ཚད་འདུ། 

 ༦ ཡིག་གཟུགས་ཆེད་མཁོའི་སྐོར།

   འདི་ལ་བོད་ཀྱི་ཡིག་མཁན་དུ་མའི་ཐུགས་བཀོད་ལྟར་ཤོག་བུའི་རིགས་སྣ་ཚོགས་ཡོད་ལ། སྣག་ཚ་བཀྲམ་མི་ཐུབ་པའི་ཤོག་བུ་བཙོས་མའི(熟宣)རིགས་དང་བཀྲམ་སླ་བའི་རིས་ལྡན་ཤོག་བུ་སོགས་དང་ཕྱིང་གདན། པིར་སྨྱུག སྣག་ཚ། སྣག་བུམ། སྣག་ཀོང་། སྨྱུག་གདན། ཤོག་གནོན། མཐའ་ལྡན་འབྲི་ཤོག སྨྱུག་སྣོད་སོགས་ཡོད།

༧ཞབས་ཞུའི་སྐོར།

     ངེད་སྤྱི་གཉེར་ཁང་གི་ཐོན་རྫས་གང་ཡིན་ཡང་འཚོང་ལུགས་ལ་སྡེབ་ཚོང་དང་སིལ་ཚོང་རིགས་གཉིས་དང་།  ཉོ་ལུགས་ལ་སྒོ་བསྟེན་ཁང་བརྒྱུད་ནས་ཉོ་བ་དང་དྲྭ་ལམ་བརྒྱུད་ནས་ཉོ་བ་གཉིས་ཡོད་ཅིང་།  ཐག་རིང་གི་ཚོང་མགྲོན་གྱིས་ཉོ་ཚད་ངེས་ཅན་ལོངས་ན་སྐུར་གླའི་ཕྱེད་ཀ་ངེད་མཐུན་གཉེར་ཁང་གིས་འཕུད་རྒྱུ་དང་། རྫོང་ནང་ཁུལ(རྔ་བ་རྫོང)ནས་ཚད་ངེས་ཅན་ལོངས་པའི་ཚོང་རྫས་གང་འདོད་ཀྱི་ས་གནས་སུ་བསྐྱལ་ཆོག   དེ་མིན་རང་གི་དགོས་མཁོ་ལྟར་ཇུས་འགོད་དང་སྤུས་ཀ་སོགས་བདམས་ནས་ལས་བཅོལ(定制)བྱས་ཀྱང་ཆོག


ཐོག་མའི་ཁང་བ་མཛེས་སྤྲས་ཀྱི་རྣམ་པ།


དབུ་བརྙེས་པའི་རྟེན་འབྲེལ་ལེགས་སྐྱེས།


འཛད་སྤྱོད་པའི་དགོས་མཁོ་སྐོང་བའི་ཚོང་ཁང་།


སློབ་ཆས་སོགས་སྣ་འདུས་པའི་ཚོང་ཁང་།


ཐུན་མིན་གྱི་འབྲི་དེབ་སྣ་ཚོགས།


འབྲི་སྨྱུག་སྣ་ཚོགས།


བོད་བཙན་རིག་གནས་ཀྱི་ཐོན་རྫས།


     བོད་བཙན་སྤྱི་གཉེར་ཁང་གིས་ཚོང་རའི་དགོས་མཁོ་དང་འཛད་སྤྱོད་པའི་འདོད་མོས་ལྟར་རིག་གནས་སློབ་ཆས་གང་མང་ཞིག་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་དང་བྱེད་མུས་སུ་ཡོད་ཅིང་། ལྷག་པར་དུ་བོད་ཀྱི་ཡིག་གཟུགས་རིག་གནས་ཉམས་པ་སླར་གསོ་དང་ཉམས་པ་གོང་འཕེལ་ཀྱི་ཕྱོགས་ལ་འབད་འབུངས་མི་དམན་པ་བྱས་ཏེ་བོད་ཀྱི་ཡིག་མཁན་རྣམས་ལ་བཀའ་འདྲི་དང་བསམ་ཚུལ་བརྗེ་རེས་གང་མང་བྱས་ཏེ་ཁོང་ཅག་ལ་མཁོ་བའི་ཡིག་ཆས་གང་མང་ཚོང་གཉེར་བྱེད་བཞིན་འདུག


ཀན་ལྷོའི་ཡིག་མཁན་མཐུན་ཚོགས་རྔ་བར་ཕེབས་པའི་ཡུལ་དངོས་ཤིག


ཉོ་ཚོང་འབྲེལ་ལམ།

སྒོ་བསྟེན་ཁང་གི་ས་གནས། རྔ་བ་རྫོང་སྲང་སྟོད་ཀྱི་ཆ་ཐང་ནུབ་ལམ།

ཚོང་འབྲེལ་ཁ་པར།17381300837

ཚོང་འབྲེལ་སྐད་འཕྲིན།17381300837


ཚོང་འབྲེལ་བཤེར་རིས།


སྤྱི་སྟེགས་བཤེར་རིས།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 85wb བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23505022
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།