ཟི་ལིང་བོད་མིའི་ཁྲོམ་གྱི་སྐབས་གཉིས་པའི་ལོ་སར་སྤྲོ་ཚོགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ཟི་ལིང་བོད་མིའི་ཁྲོམ་གྱི་སྐབས་གཉིས་པའི་ལོ་སར་སྤྲོ་ཚོགས།
ཟི་ལིང་བོད་མིའི་ཁྲོམ་གྱི་སྐབས་གཉིས་པའི་ལོ་སར་སྤྲོ་ཚོགས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-03-05ལྟ་ཀློག (7699)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

ཟི་ལིང་བོད་མིའི་ཁྲོམ་གྱི་སྐབས་གཉིས་པའི་ལོ་སར་སྤྲོ་ཚོགས།

      2018 ལོའི་སྤྱི་ཟླ་3པའི་ཚེས་4ཉིན་བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཟི་ལིང་བོད་མིའི་ཁྲོམ་གྱི་རྒྱུན་ལས་འགན་འཛིན་པ་རྣམས་ཀྱིས་ཆེད་ཞུས་ལྟར་ཟི་ལིང་བོད་མིའི་ཁྲོམ་གྱི་སྐབས་གཉིས་པའི་ལོ་སར་སྤྲོ་ཚོགས་སྟེང་དུ་ཕེབས་ཏེ་ཚོང་བ་རྣམས་ལ་ཚོང་ལས་མཉམ་འབྲེལ་དང་།   ཚོང་ཚོགས་མཉམ་འབྲེལ་གྱི་གལ་ཆེན་རང་བཞིན་དང་། བོད་མིའི་ཁྲོམ་ཕན་ཚུན་བར་གྱི་མཐུན་སྒྲིལ་དང་ཚོང་བ་ནང་ཁུལ་གྱི་མཐུན་སྒྲིལ།   ཐོན་རྫས་ཀྱི་སྤུས་ཚད་དང་ཞབས་ཞུའི་རྣམ་འགྱུར་གྱི་གལ་ཆེན་རང་བཞིན་སྐོར་གྱི་གསུང་བཤད་གནང་བར་མ་ཟད།   མི་འགྱང་བར་བོད་པའི་ཚོང་བ་རྣམས་ཀྱིས་ལག་རྡང་མཉམ་དུ་སྦྲེལ་ཏེ་བྱ་བ་རྒྱ་ཆེན་སྒྲུབ་ཐུབ་པའི་སྨོན་འདུན་ཞུས་པར་དེར་ཞུགས་ཚོགས་མི་ཡོངས་ཀྱི་དགའ་བསུ་བླ་མེད་གནང་བ་དང་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས།   མཐར་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་ལ་སྐུ་གསུང་ཐུགས་རྟེན་གྱི་ལེགས་སྐྱེས་གནང་བ་དང་།   ཚོང་དཔོན་དཔའ་བྷོ་སོགས་ལ་གཟི་བརྗིད་དཔང་ཡིག་སོགས་ཀྱི་ལེགས་སྐྱེས་གནང་སྟེ་ལོ་སར་སྤྲོ་ཚོགས་བདེ་བླག་ངང་མཇུག་བསྡུས།

དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་ལ་ཚོང་བ་རྣམས་ཀྱིས་ཕེབས་བསུ་གནང་བཞིན་པ།

དགེ་རྒན་མཆོག་གིས་ལོ་སར་སྤྲོ་ཚོགས་དང་འབྲེལ་བའི་གསུང་བཤད་གནང་བ།

དགེ་རྒན་མཆོག་གིས་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གི་གསུང་བཤད་དང་འབྲེལ་ཏེ་ཚོང་བ་རྣམས་ལ་བསླབ་བྱ་གནང་བ།

དུས་རྒྱུན་བོད་ཆས་གྱོན་པའི་ཚོང་བ་རྣམས་ལ་བྱ་དགའ་གནང་བ།

ཁབ་རྐུད་བོད་ལྭ་མཐུན་གཉེར་ཁང་གི་འགན་འཛིན་པ་ཚེ་རིང་དོན་འགྲུབ་ལགས་ཀྱིས་དུས་རྒྱུན་བོད་ཆས་གྱོན་པའི་ཚོང་བ་རྣམས་ལ་བྱ་དགའ་གནང་སྟེ་སྐུལ་འདེད་བྱས་པ།

བོད་ཀྱི་གྱོན་ཆས་ལ་དོ་སྣང་བྱེད་མཁན་གྱི་ཚོང་བ་རྣམས་ལ་ལྷ་དར་འཐེན་ཏེ་སྐུལ་འདེད་བྱས་པ།

ཞིང་གྲོང་གི་མི་སེར་གྲོང་ཁྱེར་དུ་སོང་ནས་དཀའ་ངལ་མྱངས་པར་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྱི་མི་སྣར་བྱ་དགའ་གནང་བ།

བོད་མིའི་ཁྲོམ་གྱི་རྒྱུན་ལས་མི་སྣ་གསར་བ་བསྐོ་བཞག་བྱས་ཏེ་ལྷ་དར་འཐེན་པ།

ཁབ་རྐུད་བོད་ལྭ་མཐུན་གཉེར་ཁང་གི་འགན་འཛིན་པ་ཚེ་རིང་དོན་འགྲུབ་ལགས་བསྐྱར་དུ་བོད་མིའི་ཁྲོམ་གྱི་རྒྱུན་ལས་འགོ་བར་བདམས་པ།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ།  སྨྲ་ཁམས་མཁའ་འགྲོ་རྒྱལ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། oler བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཟི་ལིང་བོད་མིའི་ཁྲོམ་གྱི་སྐབས་གཉིས་པའི་ལོ་སར་སྤྲོ་ཚོགས།   སྤེལ་མཁན།: ཆོས་ཀྱི་མྱུ་གུ སྤེལ་དུས:2018/3/5
འཇིགས་པ་མ་ལུས་ཤེས་རབ་བློ་ཡིས་སེལ།། མེད་པ་ཐམས་ཅད་དུས་ཀྱི་ཡོ་ལང་རྫོགས།། རྒྱལ་བའི་གོ་འཕང་འགྲོ་བའི་དོན་དུ་བྱས།། མཚན་གྱི་བ་དན་མི་ཡུལ་ཟས་སུ་གནང་།།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23500418
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།