འབའ་རྫོང་དུ་གངས་ལྗོངས་གཅེས་ནོར་འབྲི་མོའི་འོ་ཕྱེ་ཕྱིར་འཚོང་བྱ་འགུལ་སྤེལ་བ།
༢༠༡༨ལོའི་སྤྱི་ཟླ་༣ཚེས༤ཉིན་འབའ་རྫོང་ཐོན་མིའི་སློབ་ཚོགས་ཀྱིས་གངས་ལྗོངས་གཅེས་ནོར་བཟོ་གྲྭས་ལས་སྣོན་བྱས་པའི་འབྲི་མོའི་འོ་ཕྱེ་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་རྣམས་ལ་དགེ་མཚན་ངོ་སྤྲོད་དང་། དོགས་གནས་གསལ་བཤད། བསམ་ཚུལ་བསྡུ་ལེན་བཅས་འབའ་རྫོང་ཚོང་རྭར་དངོས་སུ་ཕྱིར་འཚོང་བྱེད་འགོ་བརྩམས་ཤིང་། འབའ་རྫོང་རོང་འབྲོག་མི་དམངས་འཚང་ཁ་ཤིག་ཤིག་ངང་ཚོང་ར་ཅན་དུ་འགྱུར་བཞིན་པའི་བོད་རང་གིས་ལས་སྣོན་བྱས་པའི་ཐོན་རྫས་དག་མ་འདི་དང་འདི་ལྟ་བུ་མང་བོ་ཞིག་འབྱུང་ཐོབ་པར་ཡིད་སྨོན་དང་རེ་བའི་རྣམ་པ་བསྟན་ནས་དགའ་བསུ་བྱས་པར་མ་ཟད། འབའ་རྫོང་དགོས་འདོད་ཀུན་འབྱུང་ཚོང་ཁང་དང་། ལྷ་མོ་ཚོང་རྭ། རྫོང་རི་གཡང་འཁྱིལ་ཚོང་ཁང་། ཀུན་བཟང་འདོད་འཇོ་ཟས་རིགས་ཚོང་ཁང་སོགས་ནས་གཏན་འཇགས་ཀྱིས་གངས་ལྗོངས་འབྲི་མོའི་འོ་ཕྱེ་ཕྱིར་འཚོང་བྱེད་པར་གཏན་འཁེལ་བྱས།
གངས་ལྗོངས་གཅེས་ནོར་འོ་ཕྱེ་ཕྱིར་འཚོང་བྱེད་བཞིན་པ།
འབའ་རྫོང་རོང་འབྲོག་མང་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་ངང་འོ་ཕྱེ་རྒྱུས་ལོན་དང་སིལ་ཉོ་བྱེད་བཞིན་པ།
ཕྱིར་འཚོང་བྱ་འགུལ་ཡུལ་ངོས།
ས་གནས། འབའ་རྫོང་།
འབྲེལ་གཏུགས་བྱ་ཡུལ།འབའ་རྫོང་ཐོན་མིའི་སློབ་ཚོགས།
འབྲེལ་གཏུགས་ཨང་གྲངས། 131 3914 1999 15709755232 18194780222
|