ཉིན་གཅིག་གི་མཛད་རྣམ་ཕྱོགས་བསྡུས་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »ཉིན་གཅིག་གི་མཛད་རྣམ་ཕྱོགས་བསྡུས་གསར་འགྱུར།
ཉིན་གཅིག་གི་མཛད་རྣམ་ཕྱོགས་བསྡུས་གསར་འགྱུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2018-02-28ལྟ་ཀློག (6044)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་རྣམ་གསུམ་གྱི་ཉིན་གཅིག་གི་མཛད་རྣམ་ཕྱོགས་བསྡུས།

     2018.ལོའི་སྤྱི་ཚེས་26ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་ཆུ་དམར་ལེབ་རྫོང་<དུང་གི་སྒྲ་དབྱངས་ཕ་སྐད་ཚན་ཆུང་>གིས་གདན་ཞུ་ལྟར་ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོའི་ཕ་སྐད་འགྲན་བསྡུར་སྟེང་ཕེབས་ནས་ཁོ་ཚོས་བཏོན་དྲི་མང་བོ་ལ་ལན་གནང་བར་མ་ཟད།  ཚོགས་ཞུགས་སེར་སྐྱ་མང་ཚོགས་ལ་བཀའ་སློབ་ལམ་སྟོན་གྱི་བསླབ་བྱ་མང་དུ་གནང་བ་དང་།  ཞོར་དུ་ཁྲི་འདུ་རྫོང་ཟིལ་དཀར་དགོན་ཤེས་རིག་དར་རྒྱས་གླིང་དུ་ཕེབས་ནས་སློབ་གྲྭའི་སློབ་ཁང་དང་དཔེ་མཛོད་ཁང་བཅས་ལ་ཞིབ་མཇལ་བྱས། ཕྱིར་ལམ་རྫ་སྟོད་གྲོང་རྡལ་གྱི་འགྱོད་བཤགས་ཚོགས་པའི་མཉམ་སྒྲུབ་ཚོང་ཁང་ལ་སོང་ནས་ཚོགས་མི་རྣམས་དང་ལྷན་དུ་མ་འོངས་པའི་ཁ་ཕྱོགས་ཐད་ལ་བགྲོ་གླེང་གང་མང་བྱས།

ཕེབས་བསུ་གནང་བ།

ཆུ་དམར་ལེབ་རྫོང་འབའ་དགོན་ཡུལ་ཚོའི་ཕ་སྐད་འགྲན་བསྡུར་སྟེང་ཕེབས་པ།

སེར་སྐྱ་མང་ཚོགས་ལ་བཀའ་སློབ་ལམ་སྟོན་གནང་བ།

ཚོགས་རའི་ཡུལ་དངོས་གཉིས་པ།


སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་རང་གི་སློབ་མར་ལམ་སྟོན་བསླབ་བྱ་གནང་བ།

    སྤྱི་ལོ་2018ལོའི་སྤྱི་ཟླ་2པའི་ཚེས་26ཉིན་མཚོ་སྔོན་དང་ཀན་སུའུ། མགོ་ལོག ཡུལ་ཤུལ་སོགས་སུ་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ལྔ་བའི་མཐར་ཕྱིན་སློབ་མ་རྣམས་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་འཛོམས་ནས་དགེ་རྒན་བཀའ་དྲིན་ཅན་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་ལོ་སར་ལེགས་སྐྱེས་ཕུལ་ཏེ་དངོས་སུ་མཇལ་ཁ་ཞུས་པ་དང་།  འཛིན་གྲྭ་ཐུན་མོང་གིས་ཆེད་ཞུས་ལྟར་མཐར་ཕྱིན་སློབ་མའི་གནས་ཚུལ།  ཐོན་མིའི་སློབ་ཚོགས་ཀྱི་ལས་རིམ། འཛིན་གྲྭ་ཐུན་མོང་གི་ལས་དོན་སོགས་སྙན་གསེང་ཞུས་པར་ཐུགས་དགྱེས་པའི་ངང་བཀའ་སློབ་ལམ་སྟོན་མང་དུ་གནང་བར་མ་ཟད།  ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་སློབ་མ་རེ་རེའི་གནས་ཚུལ་ཞིབ་འདྲི་བྱས་ཤིང་།  ཁོ་རང་ཚོའི་ལས་དོན་དང་འབྲེལ་བའི་སྒོ་ནས་ལས་འབྲས་བརྩི་སྲུང་བྱས་ཏེ་ཁྲིམས་མཐུན་གྱི་ཚོང་ལས་གཉེར་སྟངས་དང་མི་རིགས་ལ་ཞབས་འདེགས་ཞུ་སྟངས་སོགས་ཀྱི་བཀའ་སློབ་ལམ་སྟོན་ཡིད་ཚིམས་པ་གནང་།

དགེ་སློབ་ལྷན་འཛོམས་བྱུང་བ།

མཆོད་མཇལ་དུ་འགྲོ་བཞིན་པ།

བླ་བྲང་དགོན་པར་མཆོད་མཇལ་དུ་ཕྱིན་པ།

མཆོད་མཇལ་དུ་འགྲོ་བ།

སློབ་དཔོན་མཆོག་གིས་བཀའ་སློབ་གནང་བ།

ལྷན་འཛོམས་ཀྱི་སྤྲོ་སྣང་།


སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཟུང་ཆུ་རྫོང་དུ་ཕེབས་པ།

     2018.2.26ཉིན་རྔ་བ་ཁུལ་ཟུང་ཆུ་རྫོང་གི་རི་བོ་དགེ་ལུགས་པའི་གདན་ས། སེར་པོ་དགོན་དགའ་ལྡན་ཆོས་འཁོར་གླིང་གི་གཙོས་ལྷ་སྡེ་ཚོ་ཆེན་བཞི་བཅུ་ལྷག་གིས་གདན་འདྲེན་ཞུས་པ་བཞིན། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཆེད་ཕེབས་གནང་སྟེ་སེར་སྐྱ་ཆིག་ཁྲི་ཡས་མས་ཤིག་ལ་སྤྱི་ཕན་སློབ་གསོ་ཞེས་པའི་བརྗོད་གཞིའི་སྟེང་ནས་བསླབ་སྟོན་ཟབ་རྒྱས་དང་། འཇམ་དབྱངས་གང་བློ་མ་སོགས་ཀྱི་བཤད་ལུང་གནང་བར་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཆོས་ལུགས་ཅུའུ། ས་གནས་སྲིད་གཞུང་བཅས་ཀྱི་འགོ་ཁྲིད་རྣམས་ཀྱིས་ཁོང་ལ་བཀའ་དྲིན་ཞུས།

སེར་སྐྱ་མང་ཚོགས་ལ་བཀའ་སློབ་གནང་བ།

ཚོགས་རའི་ཡུལ་དངོས་སུ་གསུང་བཤད་ལ་ཉན་བཞིན་པ།

དད་ལྡན་སེར་སྐྱ་མང་ཚོགས་དང་ལྷན་དུ་བསྐྱོན་པའི་མཉམ་པར།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531574
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།