དཔའ་རིས་འབྲི་གུང་དགོན་དུ་བསྐྱོད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། » དཔའ་རིས་འབྲི་གུང་དགོན་དུ་བསྐྱོད་པ།
དཔའ་རིས་འབྲི་གུང་དགོན་དུ་བསྐྱོད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-02-21ལྟ་ཀློག (5375)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

  དཔའ་རིས་འབྲི་གུང་དགོན་དུ་བསྐྱོད་པ། 

   ༢༠༡༨ལོའི་ཧོར་ཟླ་དང་བོའི་ཚེས་གཅིག་ཉིན་ལོ་གསར་བའི་རྟེན་འབྲེལ་ཀུན་གྱི་ཐོག་མ་དང་བསྟུན་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་པ་སྔ་མོ་ནས་ཡར་ལངས་ཏེ་དཔའ་རིས་རྫོང་ནས་བྱང་ཤར་མཚམས་སུ་བསྐྱོད་ན་སྤྱི་ལེ་བདུན་ཅུ་ལྷག་གི་མཚམས་ན་ཡོད་པའི་འབྲི་གུང་དགོན་དགའ་ལྡན་ལེགས་བཤད་གླིང་དུ་སོང་ནས་མཆོད་མཇལ་དང་རྒྱུས་ལོན་བྱས་པ་ཡིན།  དགོན་འདིའི་ལོ་རྒྱུས་ཧ་ཅང་ཞིབ་གསལ་ཤེས་འདོད་ཆེ་ཡང་ད་ལྟ་དགུང་ལོ་བཅུ་བཞི་ཙམ་ལས་སོན་མེད་པའི་འབྲི་གུང་གྲུབ་ཆེན་ཚང་སྐུ་ཕྲེང་བཅུ་བཞི་བ་བསམ་གཏན་རྒྱ་མཚོ་ཚང་དང་གྲྭ་བ་གཉིས་ལས་མི་བཞུགས་ཤིང་།   སྤྲུལ་སྐུ་ན་ཆུང་ཞིང་གཞན་གྲྭ་བ་གཉིས་ལ་ལོ་རྒྱུས་དྲིས་ཀྱང་གསལ་བོ་ཞིག་ཞུ་རྒྱུ་མི་འདུག་པས་དགོན་པའི་ལོ་རྒྱུས་ཀྱི་དེབ་འདྲ་འུ་ཡོད་ཅེས་དྲིས་པས་རྒྱ་ཡིག་གིས་བྲིས་པའི་དཔའ་རིས་དགོན་པ་སྤྱིའི་ལོ་རྒྱུས་ཕྱོགས་བསྡུས་ཀྱི་དེབ་ཅིག་ཁྱེར་ཡོང་ནས་དཔེ་ཆ་འདི་གཅིག་པུ་ལས་མེད་པས་བལྟས་ཚར་རྗེས་ཕྱིར་སྟེར་དགོས་གསུང་བྱུང་བས་དེའི་ནང་དུ་འབྲི་གུང་དགོན་པའི་ལོ་རྒྱུས་བསྡུས་ཙམ་བཞུགས་པ་དེ་ལ་རགས་ཙམ་བལྟས་རྗེས་པར་འགའ་བཏབ་པ་ཡིན། སྤྱིར་དགོན་འདི་ནི་དཔའ་རིས་རྫོང་གི་ཁོངས་གཏོགས་ཀྱི་དགོན་པ་སྔ་ཤོས་ཀྱི་གྲས་ཡིན་པ་དང་།  དགོན་པ་འདི་ཧ་ཅང་རྒྱས་ཆེ་བའི་སྐབས་ན་གྲྭ་བ་བརྒྱ་ཕྲག་འགའ་ཡོད་པར་བཤད། དེ་ཡང་དགོན་འདི་ཐོག་མར་བཀའ་རྒྱུད་པའི་གྲྭ་བ་བཟང་བོ་རྒྱལ་མཚན་ཞུ་བ་ཞིག་དེང་གི་ཧོར་གྲོང་རྫོང་གི་ཁོངས་གཏོགས་སུ་གནས་པའི་དགོན་ལུང་དགོན་པའི་བྱང་ངོས་རོང་བོ་ཟེར་བའི་ས་ཆ་རུ་ཕེབས་ཏེ་ཁོང་གིས་གནས་དེར་ལྷ་ཁང་འགའ་རེ་བཞེངས་ནས་བཞུགས་ཤིང་། ལྔ་བ་རིན་པོ་ཆེ་རྒྱ་ནག་ལ་ཕེབས་དུས་ཁོང་གིས་ཕེབས་བསུ་གཟབ་རྒྱས་གནང་བའི་ལོ་རྒྱུས་ཡོད་འདུག  ཕྱིས་སུ་རྒྱ་དམག་གིས་དགོན་གཞིས་འདི་མེ་ལ་བསྲེགས་ནས་རྩ་མེད་བྱས་པར་མ་ཟད། ནང་སོ་བཟང་བོ་རྒྱལ་མཚན་ཁོང་ཡང་དམར་གསོད་བཏང་བས་གཞི་སྲུང་བཟང་བོ་རིན་ཆེན་ཟེར་བ་བྲོས་ནས་ཇག་རུང་སྨད་དུ་སླེབས་ཤིང་།  ཁོང་གིས་དགའ་ལྡན་ལེགས་བཤད་གླིང་འདི་ཉིད་དེང་གི་ཏོང་ཐ་ཐིན་(东大滩)ཟེར་བའི་ཡུལ་ཚོ་དང་ཐག་མི་རིང་བའི་སར་ད་བར་དགོན་རྙིང་ལུང་(旧寺沟)དུ་འབོད་པའི་ཡུལ་དུ་ཐོག་མར་ཕྱག་འདེབས་མཛད་ནས་འབྲི་གོང་གྲུབ་ཆེན་སྐུ་ཕྲེང་་བཅུ་བཞི་ཡིས་ད་ལྟའི་བར་དུ་བསྐྱངས་བར་སྣང་།  རིག་གསར་སྐབས་དགོན་འདི་རྩ་གཏོར་དུ་བཏང་བས་ད་ལྟ་སྔོན་གྱི་དགོན་ཤུལ་དུ་གྲོང་བས་ཁྱབ་ཡོད་ཅིང་།  ཆོས་སྒོ་ཕྱེས་རྗེས་ཨ་ལོད་མཁན་པོ་ཚང་དང་གྲུབ་ཆེན་བློ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་གཉིས་ཀྱིས་གཙོར་བྱས་ནས་སྔོན་གྱི་དགོན་ཤུལ་དང་ཐག་མི་རིང་བའི་ལུང་བ་ཞིག་གི་སྐེད་ཙམ་ལ་ཡང་བསྐྱར་ཕྱག་འདེབས་གནང་ནས་བསྐྱངས་ཡོད་འདུག   དགོན་འདིའི་ལོ་རྒྱུས་ཧ་ཅང་བསྡུས་པ་ཞིག་མདོ་སྨད་ཆོས་འབྱུང་ནང་དུ་བྱུང་ཡོད་ཅིང་།  དེར་འབྲི་གོང་དགོན་དགའ་ལྡན་ལེགས་བཤད་གླིང་ནི་སྔོན་འབྲི་གོང་གི་འབུལ་སྡུད་པ་ཞིག་གི་གཞི་དགོན་ལུང་ནུབ་ངོས་རོང་བོ་ཟེར་བའི་ས་ཆར་ཆགས་པ་ནང་སོ་བཟང་བོ་རྒྱལ་མཚན་གྱི་གཞིས་རྒྱ་དམག་གིས་བཅོམ་ཚེ་གཞི་སྲུང་བཟང་བོ་རིན་ཆེན་བྲོས་ནས་ཇག་རུང་སྨད་དུ་འོངས་པ་དེས་བཏབ། ད་ལྟ་ཆོས་སྐྱོང་ཨ་ཕྱི་མ་བསྟེན། ཞེས་འབྱུང་། སྔོན་དགོན་པ་འདིའི་ལྷ་སྡེ་དག་ནི་བོད་སྡེ་ཤ་སྟག་ཡིན་པར་སྣང་ཡང་། ད་ནི་ཡོད་ཚད་གཞན་དུ་འགྱུར་ནས་རྒན་པ་འགའ་རེས་གོ་ལ་མི་གོ་བའི་བོད་སྐད་ལྡབ་ལྡིབ་རེ་བཤད་ཤེས་པ་ཙམ་ལས་ལྷག་མེད་ཀྱང་།  དགོན་པ་འདིས་ནི་ད་དུང་ས་མཐའ་འདི་ན་ལོ་རྒྱུས་ཀྱི་བདེན་དཔང་ཙམ་ཁུར་ནས་སྐད་རིགས་སྣ་ཚོགས་ཀྱི་སུན་སྣང་འོག་ན་སྐྱོ་ལྷང་ངེར་བཞུགས་ཡོད་དོ།། 

 འབྲི་གུང་དགོན་དགའ་ལྡན་ལེགས་བཤད་གླིང་།

 དེང་སྐབས་བཞུགས་བཞིན་པའི་འབྲི་གུང་གྲུབ་ཆེན་ཚང་སྐུ་ཕྲེང་བཅུ་བཞི་བ་བསམ་གཏན་རྒྱ་མཚོ།

 གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་པ་དགོན་པར་འབྱོར་བ།  

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528089
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།