རྨ་ཆུའི་དབལ་བན་རྨོངས་སེལ་ཟབ་སྦྱོང་མཇུག་བསྡུས་པའི་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 18 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »རྨ་ཆུའི་དབལ་བན་རྨོངས་སེལ་ཟབ་སྦྱོང་མཇུག་བསྡུས་པའི་གསར་འགྱུར།
རྨ་ཆུའི་དབལ་བན་རྨོངས་སེལ་ཟབ་སྦྱོང་མཇུག་བསྡུས་པའི་གསར་འགྱུར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-01-27ལྟ་ཀློག (5045)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༈ རྨོངས་སེལ་མཐུན་ཚོགས་ཀྱིས་སྒྲུབ་བཞིན་པའི་ཟབ་སྦྱོང་འཛིན་གྲྭ་
           འཚོགས་ཐེངས་བཅུ་གསུམ་པ་བདེ་ལེགས་ངང་མཇུག་གྲོལ་བ།


     ང་ཚོ་རྨོངས་སེལ་མཐུན་ཚོགས་ཀྱི་བསམ་འདུན་ནི་དམངས་ཚོགས་ལ་ཁ་ཕྱོགས་ཤིང་ལག་ལེན་དམངས་ཚོགས་ལ་ཞུགས་པའི་གོ་རིམ་ཁྲོད་ནས་གྲུབ་འབྲས་ཀྱང་ལོ་རེ་བཞིན་གང་ལ་གང་འཚམ་ཞིག་འབྱུང་བཞིན་ཡོད་པ་ནི་ང་ཚོ་ཚང་མ་ཧ་ཅང་དགའ་འོས་པ་ཞིག་རེད།

     ཉིས་སྟོང་དྲུག་ནས་འགོ་བརྩམས་ཏེ་ཀྱག་ཀྱོག་གི་ལམ་ག་མང་ཙམ་ཞིག་བརྒྱུད་ནས་ལམ་ལ་ཆས་ཤིང་གོམ་ཁ་མདུན་དུ་སྤོས་ཏེ་མཚམས་མ་བཞག་པ་ནི་ང་ཚོར་མཚོན་ན་གཟི་བརྗིད་དང་ཕ་ཡུལ་ལ་མཚོན་ན་བྱས་རྗེས་ཤིག་གི་དོད་དུ་བརྩིས་ཆོག་སྙམ།


     དང་བླངས་མི་སྣ་འགའ་ཞིག་གིས་དཔལ་འབྱོར་དང་ཐབས་ལམ་སོགས་རང་སྟེང་ནས་བསྐྲུན་ཏེ་ཡུལ་གྱི་དམངས་ཚོགས་ལ་ཁ་ཕྱོགས་ནས་ཡིག་རྨོངས་སེལ་བའི་བྱ་བ་དམིགས་སུ་བཟུང་ཞིང་དམངས་ལ་ཕན་པའི་བྱ་བ་བསྒྲུབས་ནས་ལོ་ངོ་བཅུ་གསུམ་འགོར་སོང་།

     བྱ་བ་འདི་འདྲ་སྒྲུབ་པ་ལ་ཕྱི་ནང་གཉིས་ཐད་ནས་བར་ཆད་མང་ཙམ་ཡོད་ཀྱང་བདེན་པ་བདེན་དྲང་གི་ལམ་ག་ཞིག་འགྲིམ་པའི་གྲུབ་འབྲས་ལ་བལྟས་ནས་བཤད་ན་ཧ་ཅང་ལེགས་པའི་ལམ་ཞིག་ཟིན་ཡོད་པས་དེ་ནི་རྨོངས་སེལ་མཐུན་ཚོགས་ཀྱི་སྤྱི་ཕན་རྣམ་དག་ཡིན་པ་མཚོན་བྱེད་དུ་ངོས་བཟུང་ན་ག་ལ་མི་ཆོག


     ད་སྐབས་རང་སྡེ་བའི་དཔོན་པོ་དང་ལས་སྣེ་བ་རྣམས་ཀྱིས་རྒྱབ་སྐྱོར་དང་ཐུགས་སེམས་མཉམ་བསྐྱོད་ཡོད་པས་ང་ཚོ་རྨོངས་སེལ་མཐུན་ཚོགས་ལ་སྤོབས་སེམས་དང་རེ་བ་སྔར་ལས་ལྷག་པ་ཞིག་ཡོད་རྐྱེན་ང་ཚོས་མཉམ་དུ་བརྩོན་པ་གནོངས་དང་ཕ་ཡུལ་ལ་དཔལ་ཡོན་འཛུགས་བསྐྲུན་བྱ་ཞེས་པའི་ཆོད་སེམས་བསྟན་ཡོད།

༡༠༡༨  ༡  ༢༦   ཉིན་སོ་ལྟ་བས།

རྨོངས་སེལ་མཐུན་ཚོགས་ངོ་སྤྲོད་མདོར་བསྡུས།

ས་གནས།

ཀན་ལྷོ་ཁུལ་རྨ་ཆུ་རྫོང་དབལ་བན་ཡུལ་ཚོ།
གཙོ་སྒྲུབ་མི་སྣ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བརྒྱད་པའི་མཐར་ཕྱིན་སློབ་མ་སྔ་འགྱུར་བ་བློ་བཟང་དོན་གྲུབ། སྐབས་བཅོ་ལྔའི་མཐར་ཕྱིན་སློབ་མ་བློ་བཟང་རྣམ་རྒྱལ། སྐབས་བཅུ་དྲུག་པའི་མཐར་ཕྱིན་སློབ་མ་པདྨ་རྒྱ་མཚོ།
སྐབས་བཅུ་དགུ་བའི་མཐར་ཕྱིན་སློབ་མ་སྐལ་བཟང་བསོད་ནམས་དང་། ས་གནས་སློབ་ཆེན་པའི་སྡེ་ཁག་གི་མི་སྣ་བཅས་སོ། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྨ་ཆུའི་དབལ་བན་རྨོངས་སེལ་ཟབ་སྦྱོང་མཇུག་བསྡུས་པའི་གསར་འགྱུར།   སྤེལ་མཁན།: འཇམ་དབྱངས་སྦྱིན་པ། སྤེལ་དུས:2018/1/27
ནོར་བུའི་སློབ་གླིང་གི་དགེ་ལས་ཡོངས་ལ་ཡི་རིང་ཞུ། ལྷག་དོན་སློབ་ཐོན་སློབ་མ་ཚོས་འདི་ལྟར་རང་གི་ཕ་ཡུལ་གྱི་ས་གནས་མངས་ཚོགས་ལ་ཤེས་ཡོན་གྱི་གོ་རྟོགས་སྤེལ་བ་ཧ་ཅང་ལེགས། དེ་ནི་ཁ་ཡོད་ལག་ཡོད་ཀྱི་བྱ་བ་སྒྲུབ་སྟངས་ཤིག་ཡིན་པས་འབྱུང་འགྱུར་གྲུབ་འབྲས་ཆེན་པོ་ཡོད་མེད་ལ་ཐེ་ཚོམ་ཟ་དགོས་མེད་པ་ཞིག་རེད། དེ་བས་ངས་ཁོང་ཅག་ལ་ཁ་མིན་དོན་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྐུ་བདེ་ཐུགས་དྭངས་ཡོང་བའི་སྨོན་འདུན་ཡང་ཡང་ཞུའོ།། བཀྲ་ཤིས་ཤིང་དོན་འགྲུབ་པར་གྱུར་ཅིག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23495736
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།