དགའ་ཡ་ཁོར་སྲུང་ལྷ་དར་ཚོང་གསར་ཁྲོམ་བསྒྲགས་ཚོགས་འདུ་གཟབ་རྒྱས་ངང་ཟི་ལིང་དུ་འཚོགས་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »དགའ་ཡ་ཁོར་སྲུང་ལྷ་དར་ཚོང་གསར་ཁྲོམ་བསྒྲགས་ཚོགས་འདུ་གཟབ་རྒྱས་ང
དགའ་ཡ་ཁོར་སྲུང་ལྷ་དར་ཚོང་གསར་ཁྲོམ་བསྒྲགས་ཚོགས་འདུ་གཟབ་རྒྱས་ངང་ཟི་ལིང་དུ་འཚོགས་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2018-01-17ལྟ་ཀློག (4133)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

    

དགའ་ཡ་ཁོར་སྲུང་ལྷ་དར་ཚོང་གསར་ཁྲོམ་བསྒྲགས་ཚོགས་འདུ་གཟབ་རྒྱས་ངང་ཟི་ལིང་དུ་འཚོགས་པ། 

     2018ལོའི་ཟླ1པོའི་ཚེས17ཉིན་གྱི་སྔ་དྲོར་།  གནའ་མཁར་ཟི་ལིང་གི་མཚོ་བོད་ལྕགས་ལམ་མགྲོན་ཁང་ཆེན་མོ་རུ་གངས་ལྗོངས་དགའ་ཡ་བཟོ་གྲྭས་ཁོར་ཡུག་སྲུང་སྐྱོབ་ལ་ཆེད་དུ་དམིགས་ཏེ་གསར་སྐྲུན་བྱས་པའི་དགའ་ཡ་ཁོར་སྲུང་ལྷ་དར་དང་སྲུང་བལ་བོད་ལྭ་གཉིས་ཀྱི་ཚོང་གསར་ཁྲོམ་བསྒྲགས་ཚོགས་འདུ་གཟབ་རྒྱས་ངང་འཚོགས།

   ཐེངས་འདིའི་ཚོགས་འདུའི་སྟེང་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་དང་ཆེད་ཞུས་མི་སྣ། སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་དང་མིང་དུ་གྲགས་པའི་བོད་ཁུལ་གྱི་དཔལ་འབྱོར་རིག་པ་ཆེད་མཁས་པ་ཚེ་རིང་རྡོ་རྗེ། དམངས་གཉེར་ཁེ་ལས་པ་ཆེན་མོ་བློ་བརྩོན་འགྲུས། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་སོགས་ཆེད་ཞུས་མི་སྣ་དང་།           
   གསར་འགྱུར་ལས་རིགས་ཀྱི་སྡེ་ཁག་ཀྲུང་གོ་གསར་འགྱུར་ཁང་།ཀྲུང་དབྱང་བོད་སྐད་རྒྱང་སྒྲོག་ཁང་།ཀྲུང་གོ་རྒྱས་འཕྲིན་ཁང་།ཀྲུང་གོ་བོད་ཀྱི་དྲ་བ།གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བ།  མཚོ་སྔོན་བརྙན་འཕྲིན་ཁང་། མཚོ་སྔོན་གསར་འགྱུར་དྲ་བ། མཚོ་ནུབ་གྲོང་ཁྱེར་ཚགས་པར། མཚོ་སྔོན་ཁྲིམས་ལུགས་ཚགས་པར།མཚོ་སྔོན་བོད་སྐད་རྒྱང་སྒྲོག་ཁང་།མཚོ་སྔོན་ཚན་རིག་ཚགས་པར་བཅས་གསར་འགྱུར་ལས་གཉེར་བ།  ཕྱོགས་སོ་སོ་ནས་ཕེབས་པའི་ཁེ་ལས་པ་དང་ཚོང་ལས་པ། དགའ་ཡ་ལྷ་དར་ཚབ་ཚོང་འཐུས་མི་སོགས་ལྷན་འཛོམས་བྱུང་ཡོད ། 
  གངས་ལྗོངས་དགའ་ཡ་བཟོ་གྲྭའི་སྤྱིའི་འགོ་བ། དགའ་ཡ་ཁོར་སྲུང་ལྷ་དར་དང་དགའ་ཡ་སྲུང་བལ་བོད་ལྭ་གཉིས་ལས་གཉེར་གསར་བཏོད་མཁན་དཔའ་ལུང་བ་ཤེས་རབ་རྒྱ་མཚོས་གསུང་རྒྱུར། དགའ་ཡ་ལྷ་དར་གྱི་རྒྱབ་ལྗོངས་སུ་མི་རིགས་ཤིག་གི་དེད་དཔོན་གྱི་མཛད་འཕྲིན་རླབས་པོ་ཆེ་དང་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བ་དམ་ཟབ་ཡོད། ད་དུང་མི་རིགས་ཤིག་གི་སློབ་གསོ་དང་འབྲེལ་བའང་ཡོད། 
  གཅིག ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ་མཆོག་གིས་ལོ་རབས་བརྒྱད་ཅུ་བའི་སྐབས་སུ་བོད་ཀྱི་ཁ་བཏགས་སྲིད་ན་མངོན་པར་བཀྲ་བ་ཞིག་ལིན་ཆིན་བཟོ་གྲྭ་དང་མཉམ་འབྲེལ་གྱིས་གསར་བཏོད་བགྱིས། ཁོང་རིན་པོ་ཆེ་དགོངས་པ་གཞན་དུ་གཏད་པ་ནས་རིམ་གྱིས་ཁ་བཏགས་དེ་རྒྱུད་འཛིན་དང་དར་སྤེལ་བྱེད་མ་ཐུབ་པར་མ་ཟད། ཁ་བཏགས་རིགས་སུ་ཚོན་སྣ་ལྔའི་གྲུབ་པའི་དར་ཚོན་རང་བཞིན་ཅན་དུ་བསྒྱུར་ཏེ་སྤུས་ཇེ་ངན་དང་རྟགས་ཇེ་ཐུར་གཏོང་མཁན་གྱི་ཚོང་ལས་དང་བཟོ་ལས་རབ་དང་རིམ་པར་བརྒྱུད་དེ་ད་ལ་ཐུག་རག་བར་ཐོན་པ་དེ་རེད། དེའི་ཕྱིར། རྒྱུ་སྤུས་བཟང་བ། ཁྱད་ཆོས་ཡོད་པ། ཁོར་ཡུག་ལ་གནོད་པ་མེད་པ་དེ་སླར་གསོའི་དོན་དུ་འདི་ལྟ་བུའི་དགའ་ཡ་ལྷ་དར་ཞིག་བཟོ་བསྐྲུན་བྱེད་པ་དེའོ། ། 
   གཉིས། འཛམ་གླིང་ཤར་ནུབ་ཀུན་ལ་ཆེས་མཁོ་བ་ནི་ཕྱི་བརྟན་པ་སྣོད་ཀྱི་འཇིག་རྟེན་དང་ནང་གཡོ་བ་བཅུད་ཀྱི་སེམས་ཅན་བར་དུ་བདེ་སྐྱིད་དང་འཆམ་མཐུན་དེ་རེད། དེ་བཞིན་དུ་ཁོར་ཡུག་བདེ་འཇགས་ཡོང་ཕྱིར་ཁོར་ཡུག་སྲུང་སྐྱོབ་ཡོང་དགོས་པ་ནི་དུས་རབས་ཉེར་གཅིག་པའི་མིའི་འགན་འཁྲི་དང་བསམ་བློ་ཡིན་ལ། དུས་རབས་ཉེར་གཅིག་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་ཆར་མཐུན་པའི་ཁོར་ཡུག་མཛེས་ལྗོངས་ཅན་དུ་གཏོང་བའི་ཡིག་ཆ་དང་ཧ་ཅང་མཐུན་པའི་འོག་ནས། ཁོར་ཡུག་ལ་སླད་སྐྱོན་དང་སྦགས་བཙོག་རབ་དང་རིམ་པ་མང་བོ་ཞིག་སླད་སྐྱོན་ཅན་གྱི་ཁ་བཏགས་དང་འབྲེལ་བ་ཧ་ཅང་ཆེ་བར་དམིགས་ཏེ་དེ་དག་གི་གནོད་པ་འགོག་སྲུང་ཕྱིར་དུ་དགའ་ཡ་བཟོ་གྲྭའི་འགོ་བ་དཔའ་ལུང་བ་ཤེས་རབ་རྒྱ་མཚོས་ཡང་ཡང་བསམ་གཞིགས་དང་ཞིབ་དཔྱོད་བགྱིས་ཏེ་ཁོར་ཡུག་ལ་མཐུན་པའི་ལྷ་དར་གསར་བཟོ་བྱས་པ་དང་། རྒྱུ་སྤུས་སྲིང་བལ་དང་དར་སྐུད་ཟུང་འབྲེལ་བྱས་ཏེ་བཟོས་པ་ཞིག་ཀྱང་ཡིན་པར་མ་ཟད། འབྱུང་བ་རླུང་ལ་ལྷ་དར་དེ་འཐིམ་ན་སྦགས་བཙོག་མེད་ལ། འབྱུང་ལ་ཆུ་ལ་འཐིམ་ན་རུལ་སླད་མེད། འབྱུང་བ་མེ་ལ་འཐིམ་ན་ཐལ་བ་མེད་ལ། འབྱུང་བ་ས་ལ་འཐིམ་ན་སྲ་གཟུགས་མེད་པའི་ལྷ་དར་ཞིག་ཏུ་སེམས། 
    གསུམ། མི་རིགས་ཤིག་ལ་ཆེས་དཀའ་ངལ་ཞིག་ཡོད་པ་ནི་མི་རིགས་ཀྱི་སློབ་གསོ་དང་མི་རིགས་ཀྱི་འབྱོར་བ་གཉིས་དོ་མཉམ་འགྲོས་མཉམ་ཡོང་བཞིན་མེད་པ་དེ་རེད། ས་གནས་རང་སྐྱོང་གི་རྩ་བའི་ཆེད་དུ་ས་གནས་ཀྱི་སློབ་གསོ་དར་སྤེལ་བྱེད་ཆེད་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭ་བཙུགས་ནས་ད་ལྟའི་བར་མི་ལོ་བཅུ་གཉིས་ཙམ་དུ་སོང་ལ། མི་ལོ་བཅུ་གཉིས་ཀྱི་སློབ་གྲྭ་འདིའི་ལས་དབང་དང་འགྱུར་ལྡོག་ནི་ལྷ་དར་འདིའི་རྒྱབ་ལྗོངས་དང་འབྲེལ་བ་ཆེ་ཤོས་ཡོད་པས་དགའ་ཡ་ལྷ་དར་ནི་མི་རིགས་ས་གནས་སློབ་གསོའི་ཚེ་སྲོག་དང་འབྲེལ་བ་དམ་པོར་ཡོད་ཅེས་བཤད། 

   སློབ་གསོ་བ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་དང་དཔལ་འབྱོར་ཆེད་མཁས་པ་ཚེ་རིང་རྡོ་རྗེ། རེ་བ་རྟགས་ཅན་གྱི་ཚོང་བདག་འཇམ་དབྱངས་པ་སངས་སོགས་ཀྱིས་ཚོགས་ཐོག་ནས་གཏམ་བཤད་གྱ་ནོམ་པ་གནང་།  ཕྱི་དྲོར།  ལྷ་སའི་ཚབ་འཚོང་བ་ཀླུ་རྒྱལ་འབུམ།   མཚོ་བྱང་གི་ཚབ་འཚོང་བ་ཀླུ་རིས་རྒྱལ།   མཚོ་བྱང་གི་ཚབ་འཚོང་བ་ཀླུ་རྒྱལ།  མཚོ་ལྷོའི་ཚབ་འཚོང་བ་བླ་མ་ཚེ་རིང་།  མགོ་ལོག་གི་ཚབ་འཚོང་བ་རྡོ་རྗེ།  མགོ་ལོག་གི་ཚབ་འཚོང་བ་བཀྲ་ཤིས་དོན་གྲུབ། ཀན་ལྷོའི་ཚབ་འཚོང་བ་བཀྲ་ཤིས་དོན་གྲུབ།   མཚོ་ཤར་གྱི་ཚབ་འཚོང་བ་མགོན་པོ་བསོད་ནམས།  རྨ་ལྷོའི་ཚབ་འཚོང་བ་བསོད་ནམས་བཅས་ཀྱིས་ཚོང་ལས་མཉམ་འབྲེལ་ཐད་ནས་གན་རྒྱ་བཞག་ནས་ད་རེབ་ཀྱི་ཚོགས་འདུ་རེ་ཞིག་མཇུག་སྒྲིལ་ཏོ། །  


རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་གསུང་བཤད་གནང་བཞིན་པ།


དགའ་ཡ་ལྷ་དར་ཐོན་རྫས་ཀྱི་གསར་གཏོད་པ་དཔའ་ལུང་བ་ཤེས་རབ་རྒྱ་མཚོས་གཏམ་བཤད་གནང་བཞིན་པ། 


ས་གནས་སོ་སོའི་ཕྱིར་འཚོང་བ་དག་གིས་དག་ེརྒན་རྒན་རྣམས་དང་ལྷན་དུ་བསྐྱོན་པའི་མཉམ་པར། 


ཚོགས་རའི་ཡུལ་ངོས།


སྐུ་མགྲོན་རྣམས་ཀྱི་མཉམ་པར་དྲན་རྟེན།

གསར་འགོད་པ།  རྒྱ་འདུ་སངས་རྒྱས། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། kh9n བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23496199
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།