མགོ་ལོག་དམེ་ཚང་སྡེ་བས་ཤེས་རིག་སློབ་གླིང་ལ་རོགས་སྐྱོར་བླ་མེད་བྱས་ཡོད།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 21 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »མགོ་ལོག་དམེ་ཚང་སྡེ་བས་ཤེས་རིག་སློབ་གླིང་ལ་རོགས་སྐྱོར་བླ་མེད་
མགོ་ལོག་དམེ་ཚང་སྡེ་བས་ཤེས་རིག་སློབ་གླིང་ལ་རོགས་སྐྱོར་བླ་མེད་བྱས་ཡོད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2017-12-20ལྟ་ཀློག (4018)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


      སྤྱི་ལོ་༢༠༡༧ལོའི་སྤྱི་ཟླ་༡༢པའི་ཚེས་༢༠ཉིན་འདིར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གསར་བཞེངས་གནང་མཁན་གྱི་འགན་འཛིན་པ་མགོ་ལོག་དམེ་ཚང་སྡེ་བའི་ཏང་གཙོ་ཡུ་ཐོ།  སྡེ་གཙོ་རྒན་པ་མཚོ་སྐྱེས་རྡོ་རྗེ་སོགས་རུ་ཁག་སོ་སོའི་རུ་དཔོན་དང་ཆོས་དཔོན་སོགས་མི་མང་གི་འཐུས་ཚབ་ལྷག་བསམ་ཅན་བརྒྱད་ཅུ་ལྷག་སློབ་གླིང་དུ་ཕེབས་ནས་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གི་ཐོག་འོག་བར་གསུམ་དུ་གཟིགས་སྐོར་ལེགས་པར་གྲུབ་རྗེས་འབྲོག་པ་མང་ཚོགས་ཚོས་ང་ཚོའི་རེ་འབྲས་དོན་དུ་སྨིན་འདུག་ཅེས་ཚང་མ་དགའ་བ་འབུམ་གྱིས་ཁེངས་ཡོད།


       དེ་ནས་ཉིས་ཐོག་གི་གསོ་རིག་སློབ་གཉེར་ཁང་དུ་ཚོགས་འདུ་འཚོགས་ཏེ་དགེ་རྒན་ཀརྨ་ལམ་བཟང་གིས་༢༠༡༥ལོ་ནས་ད་ལྟའི་བར་གྱི་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་འཛུགས་སྐྲུན་བྱས་པའི་སྐོར་གྱི་བྱ་བའི་བརྒྱུད་རིམ་ཆ་ཚང་ཞིག་ཁོང་ཚོར་སྙན་སྒྲོན་བྱས་པས་འབྲོག་པ་མང་ཚོགས་རྣམས་བྱ་བ་འདི་ལ་ཡིད་ཚིམ་པ་བྱུང་ཡོད་ཟེར།


      དེ་ནས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་དང་སྐབས་གཉིས་པའི་གསོ་རིག་མཐར་ཕྱིན་སློབ་མ་འཇིགས་མེད་རྡོ་རྗེ་ལགས་ནས་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་འཛུགས་སྐྲུན་གྱི་འགྲོ་སོང་གི་ཕྱོགས་ནས་རྩིས་ཐོ་སོགས་ཞིབ་ཚགས་ཀྱིས་སྙན་གསན་ཕུལ་བར་སྦྱིན་བདག་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱས་ཡོད།

སྤྱིའི་འགྲོ་སོང་སྐོར།  འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གི་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་916.77*1600=1466832+70000གཏིང་གཞིའི་སྒོར་ཁྲི་བདུན་བསྣན་དུས་=1536832དེའི་སྟེང་སྒོ་བྱང་རིན་སྒོར་20333བསྣན་དུས་=1557165དེ་སྤྱིའི་བསྡོམས་གྲངས་ལས་འཕྲི་ན1628339-1557165=71174ལྷག་སྒོར་འདི་སྨན་རྩིས་ཁང་ལ་ཕུལ་བ་རེད།


ཚོགས་ཐོག་ཏུ་དམེ་ཚང་སྡེ་བས་སྨན་རྩིས་གླིང་དངོས་སུ་སློབ་གྲྭར་ཕུལ་བའི་རྟེན་འབྲེལ་གྱི་ལྡེ་མིག་ཕུལ་བའི་མཛད་སྒོ་སྤེལ།


     མཐར་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོས་འདིར་ཕེབས་པའི་མང་ཚོགས་དང་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཞུས་ཤིང་རླབས་ཆེན་གྱི་བྱ་བ་འདིའི་རིགས་ལ་ཆེ་བསྟོད་དང་རྗེས་སུ་ཡི་རང་བྱེད་ཆོག་པའི་གསུང་བཤད་ཡིད་འཁུལ་བ་མང་བོ་གནང་སྟེ་མཛད་སྒོ་ཡོངས་སུ་མཇུག་བསྡུས།

      མདོར་ན་དགེ་རྒན་ཀརྨ་ལམ་བཟང་དང་ཁོང་གི་སློབ་གྲོགས་འཇིགས་མེད་རྡོ་རྗེ་གཉིས་ཀྱིས་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གསར་བཞེངས་ཀྱི་འགན་ཡོངས་སུ་བླངས་ཏེ་སྨན་རྩིས་གླིང་འདི་ཉིད་འཛུགས་སྐྲུན་བྱས་པ་ཡིན་ལ། མགོ་ལོག་དམེ་ཚང་སྡེ་བའི་འབྲོག་པ་མང་ཚོགས་སྦྱིན་བདག་ཡིན་པས་འདིར་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་བཀའ་དྲིན་ཆེ་ཞུས་པ་ཡིན།


ཉིས་ཐོག་གི་གསོ་རིག་སློབ་གཉེར་ཁང་དུ་ཚོགས་འདུ་འཚོགས་བཞིན་པ།


དམེ་ཚང་གི་སྦྱིན་བདག་སོགས་དང་མཉམ་པར།


དམེ་ཚང་གི་འབྲོག་པ་མང་ཚོགས་ཀྱི་བཀའ་དྲིན་མཚོན་པའི་རྡོ་རིང་།


རྡོ་རིང་གི་ངོས་སུ་སྦྱིན་བདག་རྣམས་ཀྱིས་ཕུལ་བའི་སྒོར་གྲངས་དང་མིང་སོགས་གསལ་བོར་བྲིས་ཡོད།


སྨན་རྩིས་གླིང་གིས་དམེ་ཚང་སྡེ་བའི་འབྲོག་པ་མང་ཚོགས་ཀྱི་མཛད་རྗེས་རྡོ་རིང་དུ་བཀོད་པར་གཟིགས་ཞིབ་གནང་བཞིན་པ།


འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གཙོ་གཉེར་གནང་མཁན་གྱི་དགེ་རྒན་ཀརྨ་ལམ་བཟང་དང་འཇིགས་མེད་རྡོ་རྗེ།


གཤམ་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་འཇིགས་མེད་སྨན་རྩིས་འགྲོ་ཕན་གླིང་གསར་བཞེངས་གནང་མཁན་གྱི་དམེ་ཚང་སྡེ་བའི་རུ་ཁག་དང་བོ་ནས་བརྒྱད་པའི་བར་གྱི་ཁྱིམ་གྲངས་སོ་སོའི་མཚན་ཐོ་སོགས་ཆ་ཚང་བཀོད་ཡོད།

རུ་ཆུང་དང་བོ།

རུ་ཆུང་གཉིས་པ།

རུ་ཆུང་གསུམ་པ།


རུ་ཆུང་བཞི་བ།


རུ་ཆུང་ལྔ་བ།


རུ་ཆུང་དྲུག་པ།


རུ་ཆུང་བདུན་པ།


རུ་ཆུང་བརྒྱད་པ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63v9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  མགོ་ལོག་དམེ་ཚང་སྡེ་བས་ཤེས་རིག་སློབ་གླིང་ལ་རོགས་སྐྱོར་བླ་མེད་བྱས་ཡོད།   སྤེལ་མཁན།: རིགས་ཞེན་པ་ནས་་་ སྤེལ་དུས:2017/12/2
སྤྱིར་བཏང་གི་འབྲོག་མི་རྐྱང་བ་དག་ལ་འདི་འདྲའི་རིགས་ཞེན་གྱི་ལ་རྒྱའི་དཔང་མཐོ་ལ་བྱམས་སེམས་ཀྱི་བརྩེ་བའི་གཏིང་ཟབ་པ། ཐུགས་རྒྱ་ཡི་དྲན་པའི་ཁོལ་ཡང་བ་ལ་ཕྲན་གྱིས་ནམ་ཡང་རྗེས་སུ་ཡི་རང་དང་གུས་འདུད་ཞུ་བ་ཡིན།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5865574
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号