གྱེས་ཁའི་ལེགས་སྐྱེས། ལྡོང་ཡོན་ཏན་རྒྱ་མཚོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 3 ཚེས 27 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »གྱེས་ཁའི་ལེགས་སྐྱེས། ལྡོང་ཡོན་ཏན་རྒྱ་མཚོ།
གྱེས་ཁའི་ལེགས་སྐྱེས། ལྡོང་ཡོན་ཏན་རྒྱ་མཚོ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-07-06ལྟ་ཀློག (889)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 གྱེས་ཁའི་ལེགས་སྐྱེས། 


ལས་དང་སྨོན་པས་མཚམས་སྦྱར་བའི། །
དད་དམ་གཙང་མས་ཉེར་བཅིངས་པའི། །
བརྩོན་ལྡན་སློབ་བུ་བརྒྱ་དང་བཅུ། །
སློབ་མཐར་ཕྱིན་ལ་སྤྲོ་བ་འཕེལ། །

མ་བཅོས་གཙང་མའི་དད་གུས་དག །
བསམ་ན་མིག་ཆུའི་ཕྲེང་ཐག་འཐོར། །
ཡུལ་ཕྱོགས་གང་དུ་ཆས་གྱུར་ཀྱང་། །
ཚེ་རིང་ནད་མེད་བསམ་དོན་འགྲུབ། །

ན་དང་རྒ་བས་རབ་གཙེས་པའི། །
དགེ་སྦྱོང་དབུ་དཀར་ཤུལ་དུ་ལུས། །
དགེ་སློབ་མཛའ་བརྩེ་དྲན་བཞིན་དུ། །
གཅིག་བུར་ཏིང་འཛིན་བསྟེན་པར་བྱ། །

ཕྱི་ཡི་རླུང་དང་མེ་བཙན་པས། །
ད་སྐབས་ས་ཐན་ཆུ་མང་བས། །
ཤེས་རིག་ནོར་བུའི་དགའ་ཚལ་ཆེ། །
ཇི་འདྲར་འགྱུར་སྙམ་སེམས་པ་འཕྱོ། །

སྤྱི་མཐུན་ལས་ཀྱི་མཐའ་དཀར་ན། །
དཀར་ཕྱོགས་སྐྱོང་བར་མཐུ་བཙན་ན། །
འཕྲལ་ཡུན་གདོན་བགེགས་མྱུར་ཞི་སྟེ། །
ཆོས་རིག་སློབ་གསོ་དར་བར་རེ། །

སྔོན་བྱོན་མེས་པོའི་རེ་བཞག་དང་། །
དེང་གི་དྲན་དབང་བསམ་བློའི་གཟི། །
དགེ་སློབ་དད་དམ་གཙང་མའི་མཐུས། །
བོད་རིག་དགེ་མཚན་དགོང་ལས་མཐོ།  །

ཡ་རབས་ཡོན་ཏན་ཟླ་བཞིན་འཕེལ། །
མི་གཤིས་བཟང་བོ་གསེར་དང་མཚུངས། །
ཕྱི་ཐག་རིང་བའི་བུ་སློབ་ཀུན། །
བདེ་དགའི་དཔལ་གྱིས་འཚོ་གྱུར་ཅིག །

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བདུན་པའི་མཐར་ཕྱིན་སློབ་བུ་བརྒྱ་དང་བཅུ་ཙམ་སློབ་མཐར་ཕྱིན་ཁའི་མཇུག་མཐའི་སློབ་ཁྲིད་སྐབས་དགེ་མིང་འཛིན་པ་ལྡོང་ཡོན་ཏན་རྒྱ་མཚོས་བྲིས།  
          ༢༠༢༤.༧.༤ཉིན།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 31s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
25141472
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།