ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་དང་མཇལ་འཕྲད་གནང་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་དང་མཇལ་འཕྲད་གནང་བ།
ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་དང་མཇལ་འཕྲད་གནང་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-04-27ལྟ་ཀློག (188)རྩོམ་ཁུངས: གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།པར་འདེབ།


ཟླ་4ཚེས་26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་དང་མཇལ་འཕྲད་གནང་བ་རེད།

ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་རེད། ལོ་ངོ་45ཡི་རིང་། ཀྲུང་གོ་དང་ཨ་རིའི་འབྲེལ་བར་དཀའ་ཁག་དང་རྙོག་འཛིང་ཆེན་པོ་འཕྲད་ཡོད་ཅིང་། དེས་ང་ཚོར་གལ་ཆེའི་བློ་སྒོ་མི་ཉུང་བ་ཞིག་ཕྱེ་བ་སྟེ། རྒྱལ་ཁབ་གཉིས་པོ་རོགས་ཟླར་འགྱུར་དགོས་པ་ལས་འགྲན་ཡ་བྱེད་མི་རུང་བ་དང་། ཕན་ཚུན་གྲུབ་འབྲས་ཐོབ་རྒྱུར་རོགས་རམ་བྱེད་དགོས་པ་ལས་ཕན་ཚུན་གནོད་འཚེ་གཏོང་མི་རུང་བ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་དགོས་པ་ལས་འགྲན་རྩོད་ངན་པ་བྱེད་མི་རུང་བ། གཏམ་ལ་ལག་ལེན་ཡོད་ཅིང་ལག་ལེན་ལ་འབྲས་བུ་ཡོད་པ་བྱེད་དགོས་པ་ལས་ཁ་བཤད་དང་ལག་ལེན་མི་མཐུན་པ་བྱེད་མི་རུང་བ་བཅས་ཡིན། ང་རང་ནས་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་ཆེན་པོ་གསུམ་བཏོན་པ་ནི་འདས་ཟིན་པའི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་ལ་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པའི་མཛུབ་སྟོན་ཞིག་ཀྱང་ཡིན་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། གཟའ་འཁོར་གསུམ་གྱི་གོང་དུ། ང་རང་ནས་ཙུང་ཐུང་པའེ་ཏེང་དང་ཁ་པར་ཐོག་ནས་ད་ལོ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་ལྷིང་ངང་འཕེལ་རྒྱས་གཏོང་རྒྱུའི་ཐད་ཀྱི་བསམ་གཞིག་སྐོར་གླེང་མོལ་བྱས་ཤིང་། ཕྱོགས་གཉིས་པོས་ཞི་བདེ་རྩ་ཆེར་འཛིན་པ་དང་བརྟན་ལྷིང་གཙོ་བོར་བྱེད་པ། ཡིད་ཆེས་རྩ་བར་འཛིན་པ་བཅས་བྱེད་དགོས་པ་བཏོན་ཡོད། ང་རང་ནས་ད་དུང“ཆེ་བ་འགྲུབ་ན་ཆུང་བ་མཉམ་དུ་འགྲུབ་ཐུབ”པའི་ནན་བཤད་བྱས་མྱོང་། དེང་གི་འཛམ་གླིང་ནི་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བའི་དུས་སུ་གནས་ཡོད་པས། འགྱུར་ལྡོག་དེར་ཁ་གཏད་ཇི་ལྟར་གཅོག་རྒྱུ་དེ་ནི་དུས་རབས་ཀྱི་དྲི་བ་དང་འཛམ་གླིང་གི་དྲི་བ་ཞིག་རེད། ང་རང་ནས་བརྒྱབ་པའི་ལན་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། དེ་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་དར་ཆ་ཞིག་ཏུ་གྱུར་ཡོད་ལ། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་དགའ་བསུ་ཡང་ཐོབ་ཡོད། སའི་གོ་ལའི་རྒྱ་ཁྱོན་འདི་ལས་མེད་ཅིང་། མིའི་རིགས་ལ་ཐུན་མོང་གི་འགྲན་སློང་མང་པོ་འཕྲད་ཡོད། ཀྲུང་གོ་བའི་ཁ་རྒྱུན་དུ་ཕྱར་བ་གྲུ་འདེགས་བྱེད་དགོས་ཞེས་བཤད་ཀྱི་ཡོད་ཅིང་། ངས་བལྟས་ན་ད་ལྟ་འཛམ་གླིང་ཡོངས་ནས་དེ་ལྟར་བྱེད་དགོས་ཀྱི་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་ནི་བདེ་སྡུག་མཉམ་མྱོང་དུ་གནས་ཤིང་། རྒྱལ་ཁབ་ཁག་གི་དབར་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་ཡོད་པས། ཚང་མས་མཉམ་རྒྱལ་དང་མང་རྒྱལ་མངོན་འགྱུར་ཡོང་ཆེད་ཐུན་མོང་གི་ངོས་འཛིན་ཆེ་ཤོས་གཅིག་ཏུ་བསྡུ་དགོས། འདི་ནི་ཀྲུང་གོས་འཛམ་གླིང་དང་ཀྲུང་ཨའི་འབྲེལ་བར་ལྟ་སྟངས་འཛིན་པའི་གཞི་འཛིན་ས་ཞིག་ཡིན། ངས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེན་པོར་རྒྱལ་ཁབ་ཆེན་པོའི་བཟོ་ལྟ་ཡོད་དགོས་པ་དང་རྒྱལ་ཁབ་ཆེན་པོའི་བློ་རྒྱ་དང་འགན་འཁྲི་འཁུར་སེམས་ཡོད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་དེའི་ཐད་མིག་དཔེ་བསྟན་ནས། འཛམ་གླིང་ཞི་བདེའི་ཆེད་འགན་འཁྲི་འཁུར་བ་དང་། རྒྱལ་ཁབ་ཁག་འཕེལ་རྒྱས་ཡོང་རྒྱུར་གོ་སྐབས་གཏོད་པ། གོ་ལ་ཧྲིལ་པོར་སྤྱི་པའི་ཐོན་རྫས་མཁོ་འདོན། འཛམ་གླིང་མཐུན་སྒྲིལ་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ང་རང་དང་ཙུང་ཐུང་པའེ་ཏེང་གིས་ཅིའུ་ཅིན་ཧྲན་དུ་ཐུག་འཕྲད་བྱེད་སྐབས། ཐུན་མོང་ཐོག་ཡང་དག་པའི་ངོས་འཛིན་ཐུབ་པ་བྱེད་པ་དང་། ཐུན་མོང་ཐོག་ཕྱོགས་འགལ་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་པ། ཐུན་མོང་ཐོག་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ། ཐུན་མོང་ཐོག་མི་ཆོས་རིག་གནས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཀ་རྟེན་ལྔ་བཏོན་ཡོད། འདི་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཐོག་ཁང་འདི་ལ་ཡོད་དགོས་པའི་གདུང་བཞི་ཀ་བརྒྱད་ཡིན། རྩ་དོན་ཆེན་པོ་གཏན་འཁེལ་བྱུང་ན་གནད་དོན་གཞན་དག་ཐག་གཅོད་བྱ་རྒྱུ་ནི་ལས་སླ་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་ལས་བྱེད་འདོད་ཡོད་མོད། འོན་ཀྱང་མཉམ་ལས་ནི་ཕྱོགས་གཉིས་ཀར་འདུན་པ་ཡོད་དགོས་པ་ཞིག་ཡིན། ང་ཚོ་འགྲན་རྩོད་ལ་མི་སྐྲག་མོད། འོན་ཀྱང་འགྲན་རྩོད་ནི་ཐུན་མོང་ཐོག་ཡར་ཐོན་ཡོང་བ་ཞིག་ཡིན་དགོས་པ་ལས་ཁྱོད་ཤི་ང་གསོན་གྱི་འགྲན་རྩོད་ཅིག་མ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མནའ་འབྲེལ་དུ་མི་ཞུགས་པ་མཐའ་འཁྱོངས་བྱ་རྒྱུ་དང་། ཨ་རི་ཕྱོགས་ཀྱིས་ཀྱང“ཚོགས་པ་ཆུང་གྲས”འཛུགས་རྒྱུ་མེད། ཕྱོགས་གཉིས་ཀར་རང་ཉིད་ཀྱི་གྲོགས་པོ་དང་རོགས་པ་ཡོད་ཆོག་པས། ཕ་རོལ་པོར་དམིགས་པ་དང་། ཕ་རོལ་པོར་ངོ་རྒོལ། ཕ་རོལ་པོར་གནོད་འཚེ་གཏོང་བ་བཅས་བྱེད་མི་ཉན། ཀྲུང་གོ་ཕྱོགས་ཀྱིས་རང་གིས་རང་ལ་ཡིད་ཆེས་ཆེ་ཞིང་སྒོ་དབྱེ་དང་དར་རྒྱས་གོང་འཕེལ་གྱི་ཨ་རི་ཞིག་མཐོང་འདོད་བྱེད་ཀྱི་ཡོད་ལ། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ལ་དྲང་ཕྱོགས་ཀྱི་ལྟ་སྟངས་འཛིན་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོར“ཉིན་བཞིན་མདུན་སྐྱོད་མ་བྱས་ན་ཉིན་བཞིན་ཉམས་རྒུད་དུ་འགྲོ་སྲིད”ཅེས་པའི་ཤོད་སྲོལ་ཡོད། ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བ་ཡང་དེ་ལྟ་བུ་རེད། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་དུ་འགྲོ་བའི་འཕེལ་ཕྱོགས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པས། ཕྱོགས་གཉིས་པོའི་ཚོགས་པས་མུ་མཐུད་འབད་བརྩོན་བྱས་ནས་ང་རང་དང་ཙུང་ཐུང་པའེ་ཏེང་དབར་བྱུང་བའི“ཅིའུ་ཅིན་ཧྲན་གྱི་འདོད་འདུན”དོན་འཁྱོལ་ཧུར་ཐག་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་དངོས་འབྲེལ་བརྟན་པོ་དང་ལེགས་པ། མདུན་ཕྱོགས་སུ་བསྐྱོད་ཐུབ་པ་བཅས་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།   

པུའུ་ལིན་ཁེན་གྱིས་དང་ཐོག་ཙུང་ཐུང་པའེ་ཏེང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་བ་དང་། ཁོང་གིས། ཙུང་ཐུང་པའེ་ཏེང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིའུ་ཅིན་ཧྲན་དུ་མཇལ་འཕྲད་གནང་ཚུན། ཕྱོགས་གཉིས་པོའི་རྒྱལ་ཁབ་ཀྱི་འགྲོ་འོང་དང་། དུག་འགོག མི་ཐབས་རིག་ནུས། མི་ཆོས་རིག་གནས་ཀྱི་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། དེང་གི་འཛམ་གླིང་ལ་རྙོག་འཛིང་ཆེ་བའི་འགྲན་སློང་མང་པོ་འཕྲད་ཡོད་པས། ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱས་ནས་ཁ་གཏད་གཅོག་དགོས། ཀྲུང་གོར་འཚམས་འདྲི་ཞུ་རིང་། ངས་ཀྲུང་གོར་ཡོད་པའི་ཨ་རིའི་ལས་རིགས་ཁག་གི་མི་སྣ་དང་འབྲེལ་གཏུག་བྱས་པ་ཚང་མས་ཨ་རི་དང་ཀྲུང་གོའི་འབྲེལ་བ་ལེགས་སུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་འདུག ཨ་རི་ཕྱོགས་ཀྱིས“འཇམ་འཐབ་གསར་པ”མི་འཚོལ་བ་དང་། ཀྲུང་གོའི་སྒྲིག་གཞིར་འགྱུར་ལྡོག་གཏོང་ཐབས་མི་བྱེད་ཅིང་། ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་མི་བྱེད་ལ། མནའ་གྲོགས་ཀྱི་འབྲེལ་བ་བརྒྱུད་ཀྲུང་གོར་ངོ་རྒོལ་ཡང་བྱེད་བསམ་པ་མེད། ཀྲུང་གོའི་དབར་གདོང་ཐུག་ཀྱང་ཐོན་འདོད་བྱེད་ཀྱི་མེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱེད་ཀྱི་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཅིའུ་ཅིན་ཧྲན་གྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ནན་ཏན་བྱས་ནས། མཉམ་ལས་དེ་བས་མང་བ་ཡོང་རེ་བྱེད་ཅིང་། གོ་ལོག་མི་ཐེབས་པ་དང་བརྡར་ཤ་གཅོད་ནོར་མི་ཤོར་བ་བྱེད་པ། འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཕྱོགས་འགལ་དོ་དམ་ཚོད་འཛིན་བཅས་བྱས་ཏེ། ཨ་རི་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད།

  ཞི་ཅིན་ཕིང་གིས་པུའུ་ལིན་ཁེན་ལ་ཙུང་ཐུང་པའེ་ཏེང་ལ་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞུས་ཡོད།

ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23645140
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།