༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་དྲུག་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པ
༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་དྲུག་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-04-15ལྟ་ཀློག (79)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན།


བཛྲ་ཚུལ་ཁྲིམས་རྒྱ་མཚོ། (བླ་བྲང)

དཔྱད 」གླེང་བསླངས་པའི་གཏམ། ༡

ལེའུ་དང་པོ། རྩོམ་འདི་འབྲི་བའི་ཀུན་སློང་།

「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་དང་པོ། ༢

「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་གཉིས་པ། 

 「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་གསུམ་པ།  ༤

ལེའུ་གཉིས་པ། ནང་བསྟན་གྱི་ཁྱད་ཆོས་བསྟན་པ།

「 དཔྱད 」ནང་བསྟན་གྱི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ༥



ལེའུ་གཉིས་པ། ནང་བསྟན་གྱི་ཁྱད་ཆོས་བསྟན་པ།

༢ - ༣

གཉིས་པ། སངས་རྒྱས་བཅོམ་ལྡན་འདས་ནི་ངེས་དོན་གྱི་འདྲ་མཉམ་སྨྲ་བ་ཞིག་ཡིན།

    འདྲ་མཉམ་ཞེས་པའི་ཐ་སྙད་འདི་ད་ལྟ་ཀུན་གྱི་ཁ་ན་རླུང་ལྟར་གྲགས་ཀྱང་དེ་དག་གིས་བཤད་པའི་འདྲ་མཉམ་ནི་རྒྱ་ཆུང་ཞིང་ཉི་ཚེ་བ་དང་ཕྱོགས་རིས་པ་ཙམ་དུ་ཟད་དེ། དེའི་འདྲ་མཉམ་གྱི་ཁྱབ་ཁོངས་ནི་ཆབ་སྲིད་གོ་གནས་ཀྱི་འདྲ་མཉམ་དང་། དཔལ་འབྱོར་གནས་བབ་ཀྱི་འདྲ་མཉམ། སློབ་གསོའི་གོ་སྐབས་དང་ཕོ་མོའི་ཁེ་དབང་གི་འདྲ་མཉམ་ཙམ་ལས་གཞན་མེད་ཅིང་། དེ་དག་ཀྱང་ཡོངས་སུ་མ་རྫོགས་པ་དང་མཐར་ཐུག་པ་མ་ཡིན་པ་ཁ་ཞེ་མི་མཚུངས་པ་ཁོ་ནར་གནས་པའི་ཕྱིར། སྤྱིར་མི་རྣམས་ལ་ངོ་བོའི་སྣང་ཚོད་ཀྱི་སྒོ་ནས་འདྲ་མཉམ་བྱེད་ཐབས་མེད་ཅིང་མི་འདྲ་ས་ཤིན་ཏུ་མང་སྟེ། ཁྱིམ་རྒྱུད་ཀྱི་ཆ་ནས་བཤད་ན་དབུལ་ཕྱུག་མི་མཉམ། བྱད་གཟུགས་ཀྱི་ཆ་ནས་ཡག་བཙོག་མི་མཉམ། སྤྱོད་པ་དང་གཤིས་ཀའི་ཆ་ནས་མཁྲེགས་མཉེན་མི་མཉམ། བློ་རིག་གི་ཆ་ནས་མྱུར་བུལ་དང་ཆེ་ཆུང་མི་མཉམ། རང་བཞིན་གྱི་ཆ་ནས་བཙན་གཉོམ་མི་མཚུངས་པའི་ཕྱིར་རོ།།

    འོ་ན་ནང་བ་བས་བཤད་པའི་འདྲ་མཉམ་ཡང་ཕྱོགས་རིས་པ་དང་མཐར་ཐུག་པ་མིན་པ་མཚུངས་པར་འགྱུར་ཏེ། བྱད་བཞིན་དང་ཀུན་སྤྱོད། བློ་རིག་དང་རང་བཞིན་སོགས་ལ་ནང་བས་བལྟས་ཀྱང་ཁྱད་པར་ཡོད་པའི་ཕྱིར་རོ་ཞེ་ན་སྐྱོན་མེད་དེ། ཀུན་རྫོབ་འཁྲུལ་བའི་སྣང་ངོར་གནས་སྐབས་ངོ་བོའི་ཁྱད་པར་ཙམ་སྣང་ན་ཡང་། མཐར་ཐུག་རང་བཞིན་གྱི་ཆོས་ཉིད་དམ་གནས་ལུགས་དེར་ཐམས་ཅད་འདྲ་མཉམ་ཡིན་པའི་ཕྱིར་ན་ཕྱོགས་རིས་ཙམ་དང་ཉི་ཚེ་ཙམ་མིན་ལ་རྒྱ་ཆེ་སྟེ། མི་དང་མི། སངས་རྒྱས་དང་སངས་རྒྱས་འདྲ་མཉམ་ཡིན་པར་མ་ཟད། མི་དང་སངས་རྒྱས། མི་དང་སྲོག་ཆགས། མི་དང་ལྷ། རྒྱུ་དང་འབྲས་བུ། ཡུལ་དང་ཡུལ་ཅན་སོགས་ཐམས་ཅད་ཀྱང་ཆོས་ཉིད་ཀྱི་སྟེང་ནས་འདྲ་མཉམ་ཡིན་པར་གསུངས་པའི་ཕྱིར།།

    ད་དུང་སོམས་དང་གཟུར་གནས་ཀྱི་གྲོགས་པོ་རྣམ་པ་ལགས། ལོ་རྒྱུས་ཀྱི་སྟེང་དུ་གསར་བརྗེས་དང་འདྲ་མཉམ་སྨྲ་བའི་མི་སྣ་རླབས་ཆེ་བ་མི་ཉུང་བ་ཞིག་བྱུང་ཡོད་ལ་བྱས་རྗེས་ཀྱང་ཤིན་ཏུ་ཆེ་མོད། ཡིན་ནའང་ཕལ་ཆེ་བ་ནི་རང་ཉིད་གྲལ་རིམ་དམའ་བ་ནས་མཐོ་བར་གཏོང་ཐབས་ཀྱི་འདྲ་མཉམ་འོང་བར་འབད་བརྩོན་བྱས་པ་ལས། ༧སྟོན་པ་མཉམ་མེད་ཟས་གཙང་གི་སྲས་པོ་བཞིན་དུ་རང་ཉིད་རྒྱལ་རིགས་ཀྱི་གྲལ་རིམ་ལ་གནས་པ་ཞིག་དམངས་རིགས་སོགས་དང་འདྲ་མཉམ་དུ་སྨྲ་བ་ཞིག་ཤིན་ཏུ་དཀོན་པའི་ཕྱིར་ན་སངས་རྒྱས་བཅོམ་ལྡན་འདས་ནི་ངེས་དོན་གྱི་འདྲ་མཉམ་སྨྲ་བའོ་ཞེས་བཤད་པ་ནི་རྒྱུ་མཚན་ལྡན་པ་ལས་ཕྱོགས་ལྷུང་གི་གཏམ་གྱ་ཚོམ་དུ་སྨྲས་པ་མ་ཡིན་ནོ།།

གསུམ་པ། སྟོན་པ་ཐུབ་དབང་རིན་པོ་ཆེ་ནི་ཐུན་མོང་བའི་དབང་དུ་བྱས་ན་འཁྲུངས་པ་ནས་མཁས་པར་གྲུབ་པ་ཞིག་མིན་ནོ།།

    དེ་ཡང་རང་ཅག་གི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། དུག་གསུམ་གྱིས་བར་མེད་དུ་གཙེ་བའི་འགྲོ་བ་མ་རིག་པས་བློ་མིག་ལྡོངས་པ་རྣམས་ཀྱི་མགོན་དང་བསྐྱབ་ཏུ་གྱུར་བ་མཉམ་མེད་ཤཱཀྱའི་རྒྱལ་བོ་འདི་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བའི་ཚུལ་ལ་ཐེག་པ་ཆེན་པོ་ལྟར་ཐུན་མོང་མ་ཡིན་པ་དང་། ཉན་ཐོས་སྡེ་བ་རྣམས་ཀྱི་འདོད་པ་ལྟར་ཐུན་མོང་བའི་དབང་དུ་བྱས་པའི་སངས་རྒྱ་ཚུལ་གཉིས་ལས། དང་བོ་ནི་སྒྲིབ་པའི་བག་ཆགས་ཤིན་ཏུ་བརྟན་པའི་ལས་དང་བོ་བ་རྣམས་ཀྱིས་གོ་དཀའ་བས་རེ་ཞིག་གཉིས་པ་ལྟར་ཐུན་མོང་བའི་དབང་དུ་བྱས་ན། སྟོན་པ་ཤཱཀྱ་ཐུབ་པ་འདི་ཉིད་འཁྲུངས་ཙམ་ནས་ཅི་ཡང་མ་བསླེབ་པར་མཁས་པར་གྱུར་ཟིན་པ་ཞིག་མིན་པར་རང་ཅག་ཕལ་བ་རྣམས་དང་མཚུངས་པར་རིགས་རུས་ཡབ་ཡུམ་འཁྲུངས་ཡུལ། སློབ་པ་ཉམས་ལེན་སོགས་བརྒྱུད་པའི་རིམ་པ་དང་ལྡན་པས་སངས་རྒྱས་པ་ཡིན་ཏེ། སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པར་འཕགས་ཡུལ་བྱང་ཕྱོགས། ད་ལྟ་བལ་ཡུལ་གྱི་མངའ་ཁོངས་སུ་གཏོགས་པ་གནའ་དུས་གྲོང་ཁྱེར་སེར་སྐྱ་ཞེས་པའི་ཡུལ་དུ། ཡབ་རྒྱལ་བོ་ཟས་གཙང་དང་ཡུམ་སྒྱུ་འཕྲུལ་ལྷ་མཛེས་མ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་མཚན་ལ་རྒྱལ་སྲས་དོན་ཀུན་གྲུབ་པ་ཞེས་གསོལ། ཡི་གེ་དང་སྐད་རིགས། སྒྱུ་རྩལ་དང་རྒྱལ་ཐབས་སོགས་ལ་སྦྱང་བས་ཀུན་གྱི་འགྲན་ཟླ་དང་བྲལ། ས་འཚོ་མ་དང་གྲགས་འཛིན་མ་སོགས་བཙུན་མོ་འཁོར་དང་བཅས་འཆི་མེད་ལྷ་ཡི་དཔལ་ལ་འཁུ་བའི་སྲིད་འབྱོར་སྦྲང་རྩིའི་བཅུད་ལ་རོལ་ཞིང་བཞུགས་སྐབས། སྲིད་པའི་བདེ་ནི་ཡིད་ཆེས་བའི་གནས་སུ་མི་རུང་ཞིང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ནི་ངེས་པར་འབྱུང་བའི་ཆོས་ཅན་དུ་གཟིགས་ཏེ་འཁོར་བའི་རྒྱ་མཚོ་ལས་གྲོལ་བའི་ལམ་ཕྱིན་ཅི་མ་ལོག་པ་ཞིག་འཚོལ་བའི་ཕྱིར་ཕྱི་རོལ་བའི་སྟོན་པ་དེ་དུས་འཇིག་རྟེན་ན་མཁས་པར་གྲགས་པ་དུ་མ་ལ་དྲིས་ཀྱང་དེ་དག་གིས་བཤད་པ་དེ་ཐམས་ཅད་ཕྱོགས་རེ་ཙམ་དང་མ་རྫོགས་པ་ཕྱིན་ཅི་ལོག་པ་འབའ་ཞིག་ཡིན་པས་གྲོལ་བ་ཐོབ་མི་ཐུབ་པར་དགོངས་ནས་ལོ་དྲུག་ཏུ་དཀའ་སྤྱད་དྲག་པོས་ཡང་དག་པའི་རིག་པ་སྒོམ་སྟེ་མཐར་བྱང་ཆུབ་ཤིང་དྲུང་དུ་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྩེད་ནས་ཕྱུངས། བདུད་བཞི་བཅོམ། ཡང་དག་པའི་མཐའ་མངོན་དུ་བྱས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པས། དེ་ནས་སངས་རྒྱས་དཀོན་མཆོག་བྱུང་ཞིང་། དེས་རང་ཉིད་གང་ནས་བྱོན་པའི་ལམ་ཕྱིན་ཅི་མ་ལོག་པར་གདུལ་བྱའི་ཁམས་དང་མོས་པ་བཞིན་གསུངས་པའི་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་ནི་ཆོས་དཀོན་མཆོག་དང་སངས་རྒྱས་ཀྱི་བསྟན་པ་ཞེས་པ་བྱུང་ལ། དེ་ཚུལ་བཞིན་ཉམས་སུ་བླངས་པས་འཕགས་པའི་ལམ་མངོན་དུ་གྱུར་བ་མང་དུ་བྱུང་བ་ནི་དགེ་འདུན་དཀོན་མཆོག་ཡིན་པས་དཀོན་མཆོག་གསུམ་ཞེས་པ་འདི་འཇིག་རྟེན་དུ་བྱུང་བ་ལགས་སོ།། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ge6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23570670
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།