༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་ལྔ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པ
༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་ལྔ་བ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-04-15ལྟ་ཀློག (147)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན།


བཛྲ་ཚུལ་ཁྲིམས་རྒྱ་མཚོ། (བླ་བྲང)

「 དཔྱད 」གླེང་བསླངས་པའི་གཏམ། ༡ལེའུ་དང་པོ། རྩོམ་འདི་འབྲི་བའི་ཀུན་སློང་།

「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་དང་པོ། ༢

「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་གཉིས་པ། ༣ 

「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་གསུམ་པ།  ༤


ལེའུ་གཉིས་པ། ནང་བསྟན་གྱི་ཁྱད་ཆོས་བསྟན་པ།

དང་པོ།

    འཇིག་རྟེན་གྱི་ཁམས་འདིར་ཆོས་ལུགས་དང་གྲུབ་མཐའ་གྲངས་མེད་པ་བྱུང་ཞིང་ཆོས་ལུགས་གཞན་དག་དང་ནང་ཆོས་གཉིས་བསྡུར་ན་མི་འདྲ་ས་མང་བོ་ཞིག་སུས་བལྟས་ཀྱང་གསལ་བར་མཐོང་ཐུབ་མོད། འོན་ཀྱང་གཞུང་ལུགས་རྒྱ་ཆེན་པོར་སྦྱངས་པའི་ངལ་བ་མ་བསྟེན་པར་གཞན་གྱིས་བཤད་པ་ཙམ་གྱི་རྗེས་སུ་འབྲང་སྟེ་ཆོས་ལུགས་གང་ཡོད་ཕྱོགས་གཅིག་ཏུ་བཟུང་ནས་སེམས་གཙོ་སྟོང་སྣང་ཡིན་ནོ་ཞེས་སྨྲ་བ་རྣམས་ཀྱི་ལོག་རྟོག་བསལ་བའི་ཕྱིར་ནང་བའི་ཆོས་ལུགས་ཆོས་ལུགས་གཞན་དག་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དོན་ཚན་བཅུའི་ནང་དུ་བསྡུས་ཏེ་བསྟན་པར་བྱའོ།།

    དང་པོ། སངས་རྒྱས་བསྟན་པའི་བདག་པོ་བཅོམ་ལྡན་འདས་ནི་དོན་གཉིས་མཐར་ཕྱིན་པའི་མི་ཡིན་གྱི། རྒྱུ་གང་ཡང་མ་བསྒྲུབ་བའི་འཇིག་རྟེན་བྱེད་པ་པོའི་ལྷ་མིན་ནོ།།

    ནང་བ་སངས་རྒྱས་པ་ལས་གཞན་པའི་ཆོས་ལུགས་ཕལ་ཆེ་བར་རང་རང་གི་བསྟན་པའི་གཙོ་བོ་དེ་ཉིད་གདོང་མ་ནས་སྣོད་བཅུད་ཀྱིས་བསྡུས་པའི་འཇིག་རྟེན་ལས་འདས་པ། རྒྱུ་ལས་མ་བྱུང་བ། ཐམས་ཅད་བྱེད་པ་པོའི་རྒྱུ་གཅིག་བུར་འདོད་ཅིང་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་དང་དབུལ་ཕྱུག བཙན་གཉོམ་དང་སྐྱེ་འཆི་སོགས་ཀྱང་ལྷས་གནང་བས། ལྷ་དེ་ནི་ཀུན་ཐུབ་ཅེས་བྱ་བ་རྡོ་ལ་རག་ན་རྡོ་གསེར་དུ་བསྒྱུར་ནུས་ཤིང༌། རླུང་འགུག་ཆར་འབེབས་ལ་དབང་འབྱོར་བ། སུས་དད་པ་བྱས་ན་ལྷ་ཡུལ་དུ་འདྲེན། གང་ཐེ་ཚོམ་ཟོས་ན་དམྱལ་བར་འཕེན་ནུས་པ། སྣོད་བཅུད་ཀྱི་བཀོད་པ་མཐའ་དག་ལྷའི་བློའི་གཡོ་བ་ལས་གྲུབ་ལ། ལྷས་གང་གསུང་གནས་ལུགས་ཡིན་པས་ཐེ་ཚོམ་དང་རྟོག་དཔྱོད་བྱེད་མི་རུང་བར་དད་པ་ཁོ་ནས་འཇུག་དགོས་པར་འདོད་དོ།།

    ནང་བ་སངས་རྒྱས་པས་ནི་ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ་ཞེས་གསུངས་པ་ལྟར་སེམས་ཅན་རང་རང་གི་བདེ་སྡུག་དང་རང་རང་གི་ལོངས་སྤྱད་བྱར་གྱུར་བའི་སྣོད་བཅུད་ཀྱི་བཀོད་པ་སོགས་རང་གིས་བསགས་པའི་ལས་ལྟར་སྐྱེས་པ་ལས་དེ་ལ་དབང་བྱེད་པའི་ལྷ་རྒྱུ་གང་ཡང་མེད་ཀྱང་ཁོ་རང་ཐམས་ཅད་ཀྱི་རྒྱུར་གྱུར་བ་ཞིག་ཡོད་པར་གཏན་མི་འདོད་ཅིང་། སངས་རྒྱས་ཀྱང་དེ་ལྟ་བུའི་རྒྱུ་མིན་ལ། རྒྱུ་ཅི་ཡང་མ་བསྒྲུབ་པར་གདོད་མ་ནས་སངས་རྒྱས་སུ་གྲུབ་པར་ཡང་མི་འདོད་དེ། དཔེར་ན་སྟོན་པ་ཐུབ་པའི་དབང་བོ་འདི་ལྟ་བུ་ལ་མཚོན་ན་མ་དག་པའི་གནས་སྐབས་སུ་རྒྱལ་པོ་དང་བློན་པོ། སྐྱེས་པ་དང་བུད་མེད། ཕྱུག་པོ་དང་དབུལ་བོ། ཐ་ན་ཁྱི་དང་ཕག་གི་སྐྱེ་བ་ཡང་གྲངས་མེད་པ་ལེན་མྱོང་ལ། དེ་ནས་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་གྱུར་བའི་ཚེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་སྦྱིན་སོགས་ཕར་ཕྱིན་གྱི་ཉམས་ལེན་ལ་ཀུན་ནས་འབད། མཐར་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མཆོག་གི་གོ་འཕང་མངོན་དུ་གྱུར་བ་ཡིན་པའི་ཕྱིར་ཏེ། འབྲུག་པ་ཀུན་ལེགས་ཀྱིས་ལྷ་སའི་ཇོ་བོ་ལ་མཇལ་སྐབས། དང་བོར་ཁྱོད་དང་འུ་གཉིས་མཉམ། ། བར་དུ་ཁྱོད་ནི་བརྩོན་འགྲུས་ཆེ། ། ཐ་མར་ཁྱོད་ཉིད་རྫོགས་སངས་རྒྱས། ། ད་ནི་ཁྱོད་ལ་ཕྱག་འཚལ་ལོ། ། ཞེས་གསུང་པར་གྲགས་པ་དོན་གྱི་སྙིང་བོ་དྲིལ་བའི་རྡོ་རྗེ་ཚིག་ཡིན་པའི་ཕྱིར་རོ།།

    སངས་རྒྱས་བཅོམ་ལྡན་འདས་ནི་གཞན་གྱི་འདོད་པའི་ཀུན་ཐུབ་ཀྱང་མིན་ལ་བདེ་སྡུག་གི་བགོ་སྐལ་སྟེར་བ་པོ་ཡང་མིན། རང་རང་གི་སྐྱིད་སྡུག་རང་གིས་བྱས་པ་ལས་སུ་གང་གིས་སྟེར་ཐུབ་པ་ཞིག་མིན་ཏེ། མདོ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། ། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། ། ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། ། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། ། ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར། སྐུ་ཞབས་ལིའང་ཆི་ཁྲའོ་梁启超)ཡི་ཤེས་ཡོན་གྱི་བྲོ་བ་ (学问的趣味) ཞེས་པའི་རྩོམ་དུ་ཡང་། ཉི་ཟེར་ཇི་ལྟར་དྲོ་ཡང་། རང་གིས་བསྲོས་པས་དྲོ་ཡི། གཞན་གྱིས་ཚབ་ཏུ་བསྲོ་མི་བཏུབ་པོ་ཞེས་གསུངས་པའི་དཔེ་ཡང་སྔ་མའི་སྒྲུབ་བྱེད་དུ་སོང་པའི་ཕྱིར་རོ།། སངས་རྒྱས་བཅོམ་ལྡན་འདས་ནི་རང་སྟོན་པ་ཡིན་པ་རྒྱུ་མཚན་དུ་བྱས་ནས་རྗེས་འཇུག་རྣམས་ལ་བཙན་གྱིས་བཀའ་དང་དུ་ལེན་པར་འཇུག་པ་མི་མཛད་ལ་བརྟག་ཅིང་དཔྱད་དེ་བདེན་པར་མཐོང་བ་ན་ཞུགས་དགོས་པར་གསུངས་ཏེ། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟགས་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། ། ཞེས་དང་རྗེ་བདག་ཉིད་ཆེན་པོས་ཀྱང་། མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་བོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་ཞེས་གསུངས་པས་འདི་ལྟ་བ་ཉིད་ཀྱི་ཁྱད་ཆོས་ཡིན་པའི་ཕྱིར་རོ།།

མུ་འགོད། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། he6k བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23571076
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།