རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། ལྡོམ་པོ་སྐྱིད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 1 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། ལྡོམ་པོ་སྐྱ
རྩྭ་ཐང་བུ་མོའི་ལྷུག་རྩོམ་ཆེད་བཀོད། རྩོམ་འབྲི་བ། ལྡོམ་པོ་སྐྱིད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-04-03ལྟ་ཀློག (424)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

སྔོན་ཆད་ཀྱི་མ་ཡུམ་སློབ་གྲྭ་དང་ད་ལྟའི་མིག་མདུན་གྱི་མ་ཡུམ་སློབ་གྲྭ 

ལྡོམ་པོ་སྐྱིད།   གླིང་དཀར་ནེའུ་ཆུང་འཛིན་གྲྭ

ཕ་ཡུལ།  མགོ་ལོག་རྨ་ཆེན།


       དེ་ཡང་ཕྱི་ལོ༢༠༡༤ལོའི་སྟོན་ཟླ་རྗེས་མར་ང་རང་སློབ་གྲྭ་འདིར་ཡོང་བ་ཡིན། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནི་ངའི་མི་ཚེའི་ཁྲོད་ཀྱི་ཕུགས་བསམ་གྱི་མྱོང་བ་གླེང་སའི་སྐས་རིམ་དང་པོ་དེ་ཡིན། ལོ་འགའི་སྔོན་ལ་སློབ་གྲྭ་འདི་ཧ་ཅང་དབེན་འཇགས་དང་ལྷིང་འཇགས་ཀྱི་གནས་ཤིག་ཡིན། ང་རང་འདིར་ཐོན་མ་ཐག་ཏུ་ཡུལ་ལྗོངས་འདིའི་གང་ས་གང་དུ་རྩྭ་ལྗང་གིས་ཁེབས་ཡོད་ལ། དེང་སང་གི་འདི་ལྟ་བུའི་བརྗིད་ཉམས་ལྡན་པའི་བཟོ་སྐྲུན་གཅིག་ཀྱང་མཐོང་རྒྱུ་མེད། ཡིན་ནའང་། ང་རང་སྔར་ལས་ལྷག་པར་སློབ་གྲྭ་འདིར་ཧ་ཅང་དགའ། རྒྱུ་མཚན་ནི། སློབ་གྲྭ་འདིའི་ཕྱིའི་ཁོར་ཡུག་ཧ་ཅང་ལེགས་པར་མ་ཟད་འདིར་མ་བགྲོས་རང་འདུས་ཀྱི་དགེ་སློབ་གཉིས་འཛོམས་ཡོད། འདི་ལྟ་བུའི་ལྷིང་འཇགས་དང་དབེན་འཇགས་ཀྱི་ཁོར་ཡུག་ཅིག་ནས་སློབ་གྲོགས་གང་མང་གིས་རེ་བའི་རྒྱལ་ཁ་བླངས།

       ང་རང་སློབ་གྲྭ་འདིར་མ་ཡོང་སྔོན་ལ་ངའི་སེམས་ལ་སློབ་གྲྭ་འདི་ནི་ཅི་འདྲའི་ཟང་ཟིང་ལང་ལོང་གི་ཁྲོད་དུ་གནས་པའི་གྲོང་ཁྱེར་ཞིག་ཏུ་གནས་པ་མིན་ནམ་སྙམ། ང་རང་སློབ་གྲྭ་འདིར་ཡོང་ནས་ད་གཟོད་འདི་འདྲའི་ལྷིང་འཇགས་དང་དབེན་འཇགས་ཀྱི་གནས་ཤིག་ཡིན་པ་ཤེས། སྔོན་ཆད་སློབ་གྲྭ་འདིའི་ཆ་རྐྱེན་ཧ་ཅང་ཞན་པ་དང་ཐ་ན་སློབ་མ་ཚོ་འདུག་སའི་ཁང་པ་བཟང་པོ་ཞིག་ཀྱང་མེད། ཨ་ཅེ་ཚོས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་གུར་ཕུབ་ནས་བསྡད་ཡོད། དེའི་རྣམ་པ་དེར་བལྟས་ན་སློབ་གྲྭ་འདིའི་ཆ་རྐྱེན་ཧ་ཅང་ཞན་པ་ཤེས་ཐུབ། དེ་དུས་ཟ་མ་ལེན་སྐབས་སུ་བ་མ་ཁྱེར་ཏེ་ལེན་དུ་འགྲོ་དགོས། ཟ་མ་ཟ་སའི་ཁང་པ་ཞེས་པ་ཞིག་ཀྱང་གཏན་ཁེལ་བྱས་མེད། སྔོན་ཆད་ད་སྐབས་ཀྱི་འདི་ལྟ་བུའི་དྲོད་རླངས་དང་ཆུ་སྐོལ་ས། འདི་ལྟ་བུའི་གློག་གི་ཡོ་བྱད་གཅིག་ཀྱང་མཐོང་རྒྱུ་མེད། དེའི་རྐྱེན་གྱིས་ང་ཚོས་འབྲོག་པའི་ཐབ་ཀ་བཀོལ་སྤྱོད་བྱས་པ་ཡིན། འཛིན་གྲྭའི་ནང་ནས་མེ་སྒོང་བརྒྱབ་ནས་བསྡད་དུས་རང་རང་ཁྱིམ་ན་ཡོད་པའི་ཚོར་བ་ཞིག་སྟེར།

         ད་སྐབས་ཀྱི་དཔེ་མཛོད་ཁང་འདི་ནི་ང་ཚོའི་སྔོན་ཆད་ཀྱི་ཟ་ཁང་ཡིན། དེ་དུས་དེང་སང་གི་འདི་ལྟ་བུའི་མདུན་ཅོག་དང་རྐུབ་སྟེགས་མེད་ནའང་ང་ཚོས་ཟ་མ་བླངས་ནས་ས་ལ་བསྡད་དེ་ཟ་མ་ཟོས་པ་ཡིན། ད་དུང་དཔེ་མཛོད་ཁང་གི་གཡོན་ཕྱོགས་སུ་ཐང་ཆེན་ཞིག་ཡོད་པ་དེ་ནི་ལུས་རྩལ་ཐང་ལྟ་བུ་ཡིན། དེ་ན་ལུས་རྩལ་སྦྱང་སའི་ལྕགས་ཤིག་ཡོད། ང་ཚོས་ནམ་རྒྱུན་དེ་རུ་དཔྱངས་ལ་བཏང་སྟེ་ཡར་མཆོང་མར་མཆོང་བྱས་ནས་རྩེ་བ་ཡིན། ད་དུང་དེ་ན་ལག་རྩལ་སྤོ་ལོ་རྒྱག་ས་ཞིག་ཀྱང་ཡོད། དགེ་རྒན་རྣམ་པར་ཁོམ་པ་ཡོད་དུས་དེར་ཡོང་ནས་ལག་རྩལ་རྩེ་བ་ཡིན། ང་ཚོས་ཀྱང་དེ་ལ་ལད་ཟློས་བྱས་ནས་དེ་དུས་ལྒང་ལི་མེད་ནའང་རྡོ་དང་ཞྭ་མོ། ལག་ཤུབས་སོགས་ནང་དུ་འཕངས་ནས་བརྩེས་པ་ཡིན། སྔོན་ཆད་ང་ཚོ་བོད་ཡིག་སྦྱང་རྒྱུར་དགའ་བ་དང་བོད་ཡིག་སྦྱང་བར་སྤྲོ་སྣང་བླ་ལྷག་ཡོད། ཁ་སྐོར་ནི་ང་ཚོའི་སློབ་གྲྭའི་ཁྱད་ཆོས་དམིགས་བསལ་ཅན་དེ་ཡིན། སྔོན་ཆད་ཀྱི་སློབ་མ་རྣམས་དེ་ལ་རིགས་ལམ་ཡོད་པ་དང་རྣམ་རིག་བསྒྲིམས་པ་ཡིན། ད་དུང་སྐད་ཆ་བཤད་ན་ཕ་སྐད་གཙང་མ་བཤད་པ་དང་སྦྲགས་སྐད་བཤད་ན་ཤ་གཅུ་རྒྱག་པ་སོགས་བྱེད། ད་ལྟ་སྔོན་ཆད་ཀྱི་དོན་དག་འདི་དག་ཡིད་ལ་དྲན་ན་ངོ་མ་བརྗེད་ཐབས་བྲལ་བའི་ལོ་རྒྱུས་རིང་མོ་ཞིག་རེད།

      ཡིན་ནའང་། ཁ་སང་དེ་རིང་གི་སྐབས་འདིར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཡོད་ཚད་འགྱུར་བཞིན་ཡོད། ང་ཚོའི་སློབ་གྲྭའང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འགྱུར་བཞིན་ཡོད། བཟང་ཕྱོགས་ནས་བཤད་ན་ང་ཚོའི་འཛུགས་སྐྲུན་དང་ཆ་རྐྱེན་སྔར་ལས་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད། འོན་ཀྱང་། སློབ་རའི་ནང་གི་སློབ་མ་དག་གི་བྱ་སྤྱོད་དང་ཀུན་སྤྱོད་འགྱུར་ནས་ཆེ་བཀུར་ཆུང་བྱམས་མེད་པ་ཞིག་ཏུ་གྱུར་འདུག་སྙམ། སྐབས་ལན་རེར་རང་ཉིད་ཀྱི་ཕ་སྐད་བརྗོད་པར་ཡང་ངོ་ཚ་བ་དང་དོགས་མི་བདེ་བ་སོགས་ཀྱི་སྣང་ཚུལ་མཐོང་མི་སྤྲོ་བ་ག་གེ་མོར་ཕྲད་རྒྱུ་འདུག ཐ་ན་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་ཆུང་ཆུང་ཚོས་བོད་ཡིག་ལ་མཐོང་ཆུང་བྱས་ནས་བོད་ཡིག་དམའ་སར་བཞག་ནས་རྒྱ་ཡིག་རྒྱ་སྐད་བཤད། ཕྱི་མི་ཡིས་ང་ཚོར་བསྟོད་ས་ནི་བོད་ཡིག་བོད་སྐད་ཐད་ཡིན། ཡིན་ནའང་། སློབ་གྲྭའི་རྒྱ་སྒོའི་ཕྱི་ལ་བུད་པ་ནས་རྒྱ་སྐད་བཤད་ནས་ཁྱིམ་བདག་ཚོས་འདི་བུ་མོའི་སློབ་གྲྭ་མ་རེད་ཟེར་བའི་སྐད་ཆའང་གོ་རྒྱུ་དང་ཚོར་རྒྱུ་འདུག ཁྱོད་ཀྱིས་རྒྱ་ཡིག་རྒྱ་སྐད་མ་སྦྱང་ཟེར་བ་གཏན་ནས་མ་རེད། ཡིན་ཡང་། ཁྱོད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭར་ཡོང་དོན་ཅི་ཡིན་ཞེས་པའི་དྲི་བ་དེར་བསམ་གཞིགས་ཤིག་ཐོངས་དང་། ད་དུང་རང་སློབ་གྲྭའི་ཁྱད་ཆོས་དམིགས་བསལ་ཅན་ཁ་སྐོར་རྩོད་སྐབས་བློ་གཅིག་སེམས་གཅིག་གིས་མི་རྩོད་པ་དང་དེ་ལ་རིགས་ལམ་མེད་པ་དང་རྣམ་རིག་མི་བསྒྲིམ་པ། ཁ་བརྡ་ཉ་ཉོག་གིས་དུས་ཚོད་འགྲོ་ཐབས་བྱེད་ཀྱིན་འདུག དེ་ཚོ་མཐོང་ཚེ་ངས་རང་གི་སྔོན་ཆད་ཀྱི་མ་ཡུམ་སློབ་གྲྭ་དེ་ཡིད་ལ་ངང་ངམ་ཤུགས་ཀྱིས་དྲན།

གསལ་བཤད།  རྩྭ་ཐང་བུ་མོའི་ལྷུག་རྩོམ་འགྲན་སྡུར་སྐབས་༡༢པའི་ཁྲོད་ཨང་བཞི་པ་ཐོབ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23564899
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།