​༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་གསུམ་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 21 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» ཆོས་ལུགས།» ནང་བསྟན་རིག་གཞུང་། »​༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་
​༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་གསུམ་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2024-04-01ལྟ་ཀློག (404)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན།


བཛྲ་ཚུལ་ཁྲིམས་རྒྱ་མཚོ། (བླ་བྲང)

གླེང་བསླངས་པའི་གཏམ།  

རྩོམ་འདི་འབྲི་བའི་ཀུན་སློང་དང་པོ། ༢

ལེའུ་དང་བོ། བདག་གིས་རྩོམ་འདི་འབྲི་བའི་ཀུན་སློང་།

གཉིས་པ།

 ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་དུས་རབས་འདིའི་མི་རྣམས་ལ་ཡང་དག་པའི་ལམ་ཕྱོགས་སྟོན་པ་བླ་མེད་དུ་སེམས། མཐོ་དཔོན་པོ་ནས་དམའ་སྤྲང་བོའི་བར་གྱི་སེམས་ཅན་ཐམས་ཅད་ཕྱིའི་ཆ་ལུགས་དང་རྣམ་འགྱུར་ཙམ་ལས་མཆོག་དམན་དང་དབུལ་ཕྱུག་བཙན་གཉོམ་ཙམ་སྣང་ཡང༌། ཇི་སྲིད་ལས་ཉོན་གྱི་འཆིང་བ་ལས་མ་གྲོལ་བ་དེ་སྲིད་དུ་སེམས་ཀྱི་ངོ་བོ་ལ་སྐྱོན་གྱིས་གོས་པ་ཀུན་ནས་མཚུངས་པས་དོན་དངོས་དང་མཐུན་པའི་བདེ་བ་ལ་ལོངས་སྤྱོད་པ་ཆེས་ཤིན་ཏུ་དཀའ་འོ།། གལ་ཏེ་ཕྱིའི་འབྱོར་བའི་ཆེ་ཆུང་ཙམ་ལ་མིའི་སྐྱིད་སྡུག་རྗེས་སུ་འགྲོ་ལྡོག་བྱེད་ན་དབང་ཕྱུག་འཛོམ་པའི་དཔོན་རིགས་ལ་སྙིང་གི་ནད་བྱུང་མི་རིགས་ལ། གྲོང་ཡུལ་ཉུལ་བའི་སྤྲང་བོ་ལ་དགའ་བའི་སེམས་འབྱུང་མི་རིགས་ཀྱང་དེ་ལྟར་འབྱུང་བ་མངོན་སུམ་དུ་སྣང་བའི་ཕྱིར་རོ།།

    གཏོལ་མེད་ཀྱི་སྐྱེ་བོ་མང་བོ་སྐབས་འགར་རང་སེམས་ལ་ཕྱིར་འདང་རེ་བརྒྱབ་དུས་གཏད་སོ་ཅི་ཡང་མེད་པ་ལན་ཙམ་དྲན་པས་ཡིད་འཇིགས་ཤིང་ཞུམ་སྟེ་སེལ་བྱེད་ཀྱི་ཐབས་ལ་རྨོངས་པས། འགའ་ཞིག་གིས་རང་སེམས་མྱོས་བྱེད་ཀྱི་ཆང་ལ་བག་མེད་དུ་སྤྱོད། ལ་ལ་ཤེས་རིག་སྦྲིད་བྱེད་ཀྱི་ཉལ་ཐ་ངོམས་མེད་དུ་རྔུབ། དེས་ཀྱང་སེལ་མ་ནུས་ཚེ་རང་སྲོག་འདོར་བ་སོགས་བྱུང་དང་འབྱུང་བཞིན་ཡོད་པ་ཕལ་ཆེར་ཡང་དག་པའི་ལམ་ལ་སྐྱབས་སུ་མི་བསྟེན་པར་སྐྱབས་བཅོལ་ས་ནོར་བས་ལན་ཏེ། ཇི་སྐད་དུ་མདོ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། ། ཕལ་ཆེར་རི་དང་ནགས་ཚལ་དང༌། ། ལྗོན་ཤིང་རྣམས་ལ་སྐྱབས་འགྲོ་སྟེ། ། སྐྱབས་དེ་གཙོ་བོ་མ་ཡིན་ཞིང༌། ། སྐྱབས་དེ་མཆོག་གྱུར་མ་ཡིན་ལ། ། ཞེས་གསུངས་པ་དང་སྒོ་མཚུངས་པའི་ཕྱིར་རོ།།

    དེས་ན་དུས་རབས་འདིའི་ནང་དུ་སྐྱེས་པའི་གྲོགས་པོ་དག་ལ་གལ་ཏེ་ཡང་དག་པའི་མི་ཚེའི་ལྟ་བ་དང་ཡང་དག་པའི་འབད་འབུངས་ཁ་ཕྱོགས་ཤིག་མེད་ན་རྙེད་པར་དཀའ་ཞིང་རྙེད་ན་དོན་དང་ལྡན་པའི་དལ་འབྱོར་གྱི་རྟེན་འདི་ཇི་ལྟར་ཆུད་ཟས་སུ་མི་འགྲོ་སྙམ་དུ་དཔྱོད་ལྡན་གྱི་སྐྱེ་བོ་རྣམས་ཡིད་འབྱུང་བར་འགྱུར་བ་མ་ཡིན་ནམ།

    འོ་ན་སྐྱབས་དངོས་དང་མཆོག་ཏུ་གྱུར་བ་དེ་གང་ཡིན་ཞེ་ན། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉིད་ཡིན་ཏེ། ནང་བསྟན་ལས་བསྟན་པའི་ཡང་དག་པའི་རིག་པ་ཉམས་སུ་ལེན་ནུས་ན་ཁྱོད་ཉིད་འཇིགས་པ་ལས་གཏན་ཏུ་ཐར་བར་བྱེད་པའི་ཕྱིར་རོ།། དེ་ཡང་ཐོག་མར་བདེ་བའི་སྟན་ལ་མཐུན་པའི་སྤྱོད་ལམ་གྱིས་ལྷོད་པོར་བཞུགས་ལ་རང་རྒྱུད་ལ་བརྟག་དཔྱོད་ཀྱིས། རང་སེམས་ལ་ངེས་པ་སྐྱེད། རང་བློ་ལ་སྦྱོང་བརྡར་གྱིས། རང་རྒྱུད་ལ་བརྟག་ཤིང་དཔྱད་ན་རང་ཉིད་ཀྱི་ཁེངས་མྱོས། བག་མེད། བྱིས་བློ་དང་རྨོངས་པ་རྣམས་གསལ་བར་མཐོང་ལ། རང་སེམས་ལ་ངེས་པ་སྐྱེད་ན་བབ་ཅོལ་ཏུ་ང་རྒྱལ་དང་རང་བརྙས་ཀྱི་བསམ་པ་མི་འོང་། རང་བློ་ལ་སྦྱོར་བརྡར་བྱས་ན་ཉམས་མེད་ཀྱི་སྙིང་སྟོབས་དང༌བླ་མེད་ཀྱི་ཤེས་རབ། ཞུམ་མེད་ཀྱི་སྤོབས་པ་འཕེལ་བས། གནས་སྐབས་ཀྱི་དཀའ་སྡུག་མཐའ་དག་ཁྱད་དུ་གསོད་པའི་འཇིགས་པ་མེད་པའི་གོ་ཆ་བརྟན་པོ་ཐོབ་སྟེ་རླབས་ཆེན་གྱི་བྱ་གཞག་དང་བླ་མེད་ཀྱི་གོ་འཕང་ཡང་བདེ་བླག་ཏུ་འགྲུབ་བོ།།

    སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནི་ཟབ་ཅིང་བརླིང་བ། རྒྱ་ཆེ་ཞིང་བརྟན་ལ་མཐའ་མེད་པའི་ཁྱད་ཆོས་ཡོངས་སུ་རྫོགས་པས་མཐའ་ཀླས་པའི་འགྲོ་བ་རྣམས་ཀྱི་མོས་བློ་དང་འཚམ་པའི་ཆོས་ཀྱི་སྒོ་ཡང་མཐའ་མེད་པས་ཚིམ་པར་བྱེད་ནུས་སོ།།

    ནང་བའི་འཇིག་རྟེན་གྱི་ལྟ་བ་ཤིན་ཏུ་རྒྱ་ཆེ་ཞིང་ཁྱོན་ཡངས་པས། མི་རྣམས་ཀྱི་བློ་རྒྱ་བསྐྱེད་ཅིང་དཔའ་སྟོབས་འཕེལ་ལ་རང་བྱུང་ཁོར་ཡུག་ཆེན་པོའི་གནས་ལུགས་དཔྱོད་པའི་སྤོབས་པ་མཆོག་གི་ཡང་རྩེ་ལ་འགོད། ནང་བསྟན་གྱི་མི་ཚོའི་ལྟ་བ་ནི་དོན་དང་ལྡན་ཞིང་ཟབ་བརླིང་ལྡན་པས་མི་རྣམས་ལ་སྤྲོ་སེམས་སྟེར་ཞིང་རེ་བ་སྤེལ་བས་ཉེན་སྐྱོབ་ཀྱི་བརྩེ་སེམས་སྐྱེད་པས་འཇིག་རྟེན་བདེ་བའི་སྨན་དུ་གྲུབ་སྟེ། ནང་བསྟན་གྱི་མཐར་ཐུག་གི་དམིགས་ཡུལ་ནི། རང་གཞན་སེམས་ཅན་མ་ལུས་པ་གཏན་གྱི་བདེ་བ་ལ་འགོད་པ་དང༌། ཡང་དག་པའི་རང་དབང་དང་འདྲ་མཉམ། ཡང་དག་པའི་བཅིང་གྲོལ་དངོས་ལ་འགོད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ།། དེ་ཡང་ཡིན་ཏེ། མིའི་རིགས་གྲལ་རིམ་དང་སྐད་རིགས། པགས་མདོག་དང་ཞེན་ཕྱོགས་སོགས་ཀྱི་དབྱེ་བ་ཡོད་ཀྱང་། གདོད་མ་ནས་རང་ཆས་སུ་ལྡན་པའི་འཚང་རྒྱ་རུང་གི་རིགས་ཀྱིས་ཁྱབ་པར་མཚུངས་པའི་ཕྱིར་ཏེ། རྗེ་བཙུན་བྱམས་པ་མགོན་པོས། ཡུལ་ངེས་པ་དང་ཁྱབ་པ་དང༌། ། ཞེས་གསུངས་པའི་ཕྱིར་རོ།།

    སངས་རྒྱས་འཕགས་པ་ཡང་ཐོག་མར་སེམས་ཅན་རང་འགའ་བ་ཞིག་ཡིན་པ་ལས་ཡེ་ཤུའི་ཆོས་ལུགས་ཀྱི་ཧྲང་ཏིས་དང་། ཀླ་ཀློའི་ཆོས་ལུགས་ཀྱི་ཀྲིན་ཀྲུའུ། ཏའོ་ཅོ་ཆོས་ལུགས་ཀྱི་ཚངས་པ་ལྟར་གདོད་ནས་སངས་རྒྱས་སུ་གྲུབ་པ་ཞིག་མིན་ཏེ། ཐོག་མར་སེམས་སྐྱེད། བར་དུ་ཚོགས་གཉིས་རྒྱ་ཆེར་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་པའི་ཕྱིར། དེས་ན་སེམས་ཅན་གང་ཡིན་རུང་སངས་རྒྱས་ཀྱི་ལམ་ཉམས་སུ་ལེན་ནུས་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་བ་ཡིན་ཏེ། སངས་རྒྱས་ཡང་བྱང་སེམས་ལས་འཁྲུངས་པའི་ཕྱིར་ཏེ། དཔལ་ལྡན་ཟླ་བས། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། ། ཞེས་གསུངས་པའི་ཕྱིར། སེམས་ཅན་ནི་སངས་རྒྱས་ཀྱི་རྒྱུ་དང་སངས་རྒྱས་ནི་སེམས་ཅན་ལས་བྱུང་བ་དེ་བས་ན་སངས་རྒྱས་པ་ཡང་སེམས་ཅན་ལ་རྟེན་ཅིང་འབྲེལ་བར་འབྱུང་བས་སེམས་ཅན་དང་འབྲལ་མི་རུང་བར་གོ་ན་རང་བདེ་ཁོ་ན་དོན་དུ་གཉེར་བ་ནི་ཐ་ཤལ་གྱི་བྱ་སྤྱོད་དུ་ཤེས་ནས། ཞབས་འདེགས་ཀྱི་སེམས། སྙིང་རྗེ་དང་འདྲ་མཉམ་གྱི་བསམ་བློ་ངང་གིས་འབྱུང་བས་མིའི་རིགས་ཐུན་མོང་གི་བདེ་སྐྱིད་ལ་ནུས་པ་འདོན་པར་འགྱུར་རོ།། དེས་ན་རང་ཅག་གིས་འབད་འབུངས་ཀྱི་ལམ་ཕྱོགས་ནི་རང་བདེ་གཞན་ཕན་དང་བརྩོན་འགྲུས་ཀྱི་རྟ་ཕོའི་དཀྱུ་ས་ནི་སྤྱིའི་བདེ་སྐྱིད་ཀྱི་འཇིག་རྟེན་གསར་བ་ཞིག་བསྐྲུན་པའི་ཕུགས་བསམ་གྱི་དམིགས་ཡུལ་ལགས་སོ།། འདི་ནི་ནང་བསྟན་བསླབ་བྱ་དང་བསམ་བློ་ཡིན་ལ། བདག་གིས་རྩོམ་འདི་འབྲི་བའི་ཀུན་སློང་གཉིས་པ་ཡིན་ནོ།།

མུ་འགོད། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23680482
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།